Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་མཆེད་དམ་པ་ལ་སྤྲིངས་ཡིག་ཁ་བཏགས་སེར་པོ།

Posted on 2017-10-30 By ཁ་བརྡ 2 Comments on ཆོས་མཆེད་དམ་པ་ལ་སྤྲིངས་ཡིག་ཁ་བཏགས་སེར་པོ།

ཨེ་མ་ཧོ།
 
ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཀ་དག་སྤྲོས་བྲལ་མངོན་རྟོགས་ནས།།
ཁ་སྦྱོར་བདུན་ལ་བྱང་ཆུབ་པའི།།
ག་བུར་མདངས་འཛིན་རྡོ་རྗེ་འཛིན།།
ང་ཡིས་བརྒྱུད་གསུམ་བླ་མར་འདུད།།
ཅ་ཅོའི་ཚིག་ཙམ་མི་འཛིན་པར།།
ཆ་ལུགས་ཆོས་མཐུན་སྤྱོད་པ་སྐྱོང་།།
ཇ་ཆང་མཉམ་པའི་ལྟ་དགོངས་སྤེལ།།
ཉ་རྒན་ཕྱེ་ཚན་མི་གནང་འཚལ།།
ཏ་ཐཱ་ག་ཏ་ཕྱི་ན་དབེན།།
ཐ་སྙད་ཙམ་ལ་མི་ཆགས་པར།།
ད་ལྟའི་དུས་རབས་དང་འཚམས་པའི།།
ན་གཞོན་དགེ་བའི་ཕྲིན་ལས་འབོད།།
པ་ལོ་བཞག་ནས་སྔགས་འཆང་མཛོད།།
ཕ་མེས་བརྒྱུད་པའི་གསང་ཆེན་ལ།།
བ་གླང་རྟུལ་ཞུགས་མ་འཛིན་པར།།
མ་སྨད་གསར་བའི་ལང་འཚོ་ངོམས།།
ཙ་རིའི་སྒོམ་ཆེན་མ་ཡིན་ཀྱང་།།
ཚ་གྲང་བསལ་བའི་སྨན་མཆོག་བཞིན།།
ཛ་ཡའི་བསྟན་པའི་གསང་ཆེན་ལ།།
ཝ་ལེར་ངེས་པའི་དཔའ་གདེངས་ཤོམས།།
ཞྭ་དམར་བསྟན་པའི་ཐེག་དགུའི་དོན།།
ཟ་མ་ཏོག་གི་བདུད་རྩིའི་མཛོད།།
འ་ཅག་རིགས་མཐུན་སྐལ་བཟང་གིས།།
ཡ་རབས་སྔགས་ལམ་ཉམས་སུ་ལོངས།།
ར་བ་གངས་དཀར་ནང་ཤེད་ན།།
ལ་རྒྱ་ཅན་གྱི་སྐྱེས་བུ་ཁྱེད།།
ཤ་ཚ་སྙིང་རྗེའི་གཏམ་མིན།།
ས་གོང་ལས་ལྷག་དད་གུས་མཆིས།།
ཧ་ཅང་དགའ་བའི་གཏམ་བཟང་ལས།།
ཨ་བུའི་འདོ་ཤོར་མིན་པར་ཤེས།།
འོན་ཀྱང་ཕ་བཟང་ཁྱོད་ཀྱིས།།
ཕ་བླ་མ་བཙོང་ཕ་བཟང་བུ།།
སྤྱན་མིག་ནམ་མཁའི་དབྱིངས་ལ་གཟིགས།།
འགྲོ་དོན་འཛམ་གླིང་ཁྱོན་ལ་གདལ།།
རིས་མེད་བསྟན་པའི་བདག་པོ་ཁྱེད།།
ཆོས་རིགས་རྒྱུད་པ་སྤེལ་ལ་ཤོག།
སྐུ་ཚེ་ཚེ་མཐའ་ཡས་དང་མཉམ།།
གསུང་ཆོས་རྒྱ་བོད་དབྱིན་ལ་ཁྱབ།།
ཐུགས་བརྩེ་འགྲོ་བ་ཡོངས་ལ་དགོངས།།
ཡོན་ཏན་ཕྲིན་ལས་ཀུན་བཟང་སྨོན།།
ཅེས་པ་འདི་ཡང་རབ་གནས་ལྷ་བབས་ཟླ་བའི་སངས་རྒྱས་སྨན་བླའི་དུས་ཆེན་ལ་ཆོས་མཆེད་དམ་པ་རྫ་མཁན་ཆེན་ཚེ་རིང་བཀྲ་ཤིས་ཀྱི་བརྡ་སྐད་ལ་གང་ཤར་ཏུ་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཛྙཱ་ན་གུ་རུའི་སྒྲུབ་ཁང་བགྱིས་པར་དགེའོ།། །།

སྙན་ངག

Post navigation

Previous Post: གཡུ་ཐོག་རྙིང་མ་འཁྲུངས་མ་མྱོང་ཟེར་མཁན་རྣམས་ཀྱི་ལན་དུ། 
Next Post: སློབ་གྲྭའི་ཉེ་འཁོར་གྱི་ཟ་ཁང་ཚོང་ཁང་གི་བདག་པོ་ཚོས་སློབ་ཕྲུག་ཚོར་དགོངས་པ་བཞེས་རོཊ།

Comments (2) on “ཆོས་མཆེད་དམ་པ་ལ་སྤྲིངས་ཡིག་ཁ་བཏགས་སེར་པོ།”

  1. ཨ་ཁུ་འབྲོག་པ། says:
    2017-10-30 at 2:20 pm

    ད་ཡང་ཨཱ་ཙཱརྱ་དམར་པོའི་རྗེས་འཇུག་ཚོ་ལ་ཕར་འཐོལ་གཅིག་སླེབས་སོང་བསམ་སྟེ་དགའ་མགུ་རྗེས་སུ་ཡི་རང་དང་བཅས་ཏེ་ཁ་གཏགས་སེར་པོ་ཁྱི་རྔ་ལྟར་གཡོབ་ཀྱིག་འདུག་གདའ། ཨ་ཅང་ཀུ་རེ་ཞུས།ཧ་ཧ་ཧ།

  2. རྫ་ཚེ་རིང་བཀྲ་ཤིས། says:
    2017-11-03 at 7:55 pm

    བཀའ་དྲིན་ཆེ། མཇལ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme