Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཚོར་ཟློག་པ་རྒྱག་པ།

Posted on 2021-07-13 By ཁ་བརྡ 5 Comments on ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཚོར་ཟློག་པ་རྒྱག་པ།

བྱང་པ་མིག་དམར།

ཉུང་མཐའ་ནས་བྱས་ན། ཉེ་བའི་ལོ་བཅོ་ལྔའི་རིང་ལ་མང་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་དགོས་དང་མི་དགོས་ཟེར་བའི་གླེང་གཞི་བྱུང་ཡོད། སྐད་ཆ་འདི་ད་དུང་ཡང་རྒྱུན་མཐུད་ནས་གནས་ཡོད། འདི་ནི་སྐབས་སོ་སོའི་ཆོས་བརྒྱུད་སྤྱི་འཐུས་ཚོའི་བྱ་སྤྱོད་ཀྱིས་བསྐྲུན་པ་ལས་གཞན་གང་ལའང་ངན་ཁག་དཀྲི་ས་མེད།
ངའི་ལྟ་སྟངས་ནི་ཆོས་བརྒྱུད་སྤྱི་འཐུད་མུ་མཐུད་ནས་གནས་དགོས་པའི་ལངས་ཕྱོགས་ཅན་ཡིན། ཡང་། ལངས་ཕྱོགས་འདིས་ད་ཡོད་ཀྱི་གནས་སྟངས་རང་འཇགས་གནས་དགོས་པའི་ངོས་འཛིན་བྱེད་ཀི་མེད། ད་ལྟའི་ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་ཀྱི་བྱ་སྤྱོད་ནི་གྲྭ་པའི་ཀུན་སྤྱོད་ལས་བརྒལ་ཆེས་པ། མི་ནག་སྐྱ་བོ་ཞིག་གི་གནས་ཚད་ལས་ཀྱང་བརྒལ་བའི་བྱ་སྤྱོད་ཅན་དུ་མཐོང་གི་ཡོད།

མ་གཞི་འདི་ནི་ཡུས་དང་འཁང་ར་བཤད་དགོས་པ་དེ་འདྲ་མ་རེད། ཆོས་བརྒྱུད་སྤྱི་འཐུས་ཚོ་ནི་ཤེས་ཡོན་གནས་ཚད་མཐོ་པོ་ཡོད་མེད་ལ་བལྟས་ནས་འདམ་གི་མེད་པར། གྲྭ་ཆས་གྱོན་མཁན་ཡིན་པ་གང་ཞིག་སེམས་ཁམས་དང་བྱ་སྤྱོད་ཀྱི་ཆ་ནས་མི་ནག་སྐྱ་བོ་དང་ཁྱད་དེ་ཙམ་མེད་མཁན་ཞིག་ལ་བསམ་བློ་བཏང་ནས་འདམ་གི་ཡོད། མ་གཞི་གྲྭ་ས་ན་འདམ་སྒྲུག་མང་པོ་ཡོད། མཁན་པོ། དགེ་བསྐོས། དབུ་མཛད་སོགས་འདམ་གི་ཡོད། དེ་ཚོ་ནི་ཡོན་ཏན་ཆེ་ལོས། ཚུལ་ཁྲིམས་གཙང་མིན། མི་གཤིས་སོགས་གཞི་ལ་བཞག་ནས་འདམ་གི་ཡོད། སྤྱི་འཐུས་ནི་མི་ནག་སྐྱ་བོའི་གྲས་ལ་བཏང་བ་ཡིན་ན་གྱོན་ཆས་ཙམ་གྱི་ཁྱད་པར་ལས་མེད་པར་བྱ་སྤྱོད་ཀྱི་ཐད་ནས་མི་ནག་སྐྱ་བོ་དང་འདྲ་མཚུངས་སམ་དེ་ལས་ལྷག་བྱེད་མཁན་ཞིག་འདམ་གི་ཡོད་ཙང་། ང་ཚོས་ཆོས་ལུགས་སྤྱི་འཐུས་ཚོ་གྲོང་པ་མི་ནག་ལས་སྡུག་པ་འདུག་ཟེར་ནས་སྡིག་དམོད་བྱེད་ཀྱི་ཡོད་ནའང་། དེ་ལ་གྲྭ་ས་ནས་ལྟ་མཁན་ཚོས་བལྟས་ན་ཕལ་ཆེར་འགྲིག་བསྡད་ཡོད་སྲིད།

ཆོས་ལུགས་སྤྱི་འཐུས་ཟེར་བ་ནི་སྤྱི་ཚོགས་ཀྱི་གླེང་གཞི་ཅན་ཆེན་པོ་ཞིག་ཆགས་ཡོད། འདི་ལྟར་མུ་མཐུད་ནས་སོང་ན། གྲྭ་སའི་གྲྭ་པ་ཚོ་འདི་འདྲ་ཡིན་ས་རེད་བསམ་མཁན་དང་། དགེ་བཤེས་ཚོ་འདི་འདྲ་ཡིན་ས་རེད། མཁན་པོ་ཚོ་འདིོ་འདྲ་ཡིན་ས་རེད་ཟེར་ནས་ལོག་ལྟ་སྐྱེ་མཁན་ཇེ་མང་ལ་འགྲོ་གི་རེད། སྤྱི་ཚོགས་ཀྱིས་ད་ལྟའི་གླེང་སྟངས་ལ་བལྟས་ན། སྤྱི་འཐུས་ནང་ལ་གྲྭ་ཆས་གྱོན་མཁན་ཞིག་ཡོང་ས་མེད་པ་བྱས་ན་ཡག་པོ་ཡད་པར་རེ་བ་རྒྱག་གི་འདུག ཡང་། ཆོས་ལུགས་སྤྱི་འཐུས་ཀྱི་ལོ་རྒྱུས་ནང་ལ་མི་ནག་སྐྱ་བོ་དེ་འདྲ་ཡང་ཡོང་མྱོང་ཡོད་པ་རེད། དེ་ཚོས་ཀྱང་བག་ཆགས་དམིགས་བསལ་ཡག་པོ་དེ་འདྲ་བཞག་པའི་ལོ་རྒྱུས་ཕལ་ཆེར་མེད། མ་མཐར་ཡང་ཉེ་བའི་ལོ་ངོ་བཅོ་ལྔའི་རིང་ཆོས་བརྒྱུད་སྤྱི་འཐུས་ཀྱི་བྱ་སྤྱོད་གླེང་བའི་ལྟ་སྟངས་ན་ལེགས་པའི་མཚན་མ་ཕལ་ཆེར་མཐོང་རྒྱུ་མེད།

འོ་ན་ཆོས་བརྒྱུད་སྤྱི་འཐུས་གང་འདྲ་ཞིག་དགོས་རེད་ལབ་ན། ང་ཚོས་ཞབས་འདྲེན་ཞུ་མཁན་མང་བ་ནས་ཉུང་དུ་བཏང་། ཉུང་བ་ནས་སྤུས་ཀ་ལྡན་པ་ཡོང་བའི་རེ་བ་ཚར་གཅིག་རྒྱག་དགོས་པ་རེད་འདོད། ཆོས་བརྒྱུད་སྤྱི་འཐུས་རྦད་དེ་མི་དགོས་པར་བཤད་ནས་གཡུགས་བཞག་ན་དེ་ནི་ཐོག་མར་བསྐོ་འཛུགས་ཀྱི་དགོངས་གཞི་དང་དགོས་དམིགས་གཞིགས་བྱེད་མ་ཤེས་པ་ཞིག་ཆགས་ཀྱི་ཡོད། ཐོག་མའི་དགོས་དམིགས་ནི་མདོར་ན་ཆོལ་ཁ་གསུམ་ཆོས་ལུགས་ཆོས་བརྒྱུད་དང་བཅས་པ་མཐུན་སྒྲིལ་གྱི་ཆེད་དུ་རེད། འདི་ལས་གཞན་གྱི་དམིགས་ཡུལ་མེད་པ་རེད། ད་ལྟའི་ཆོས་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ནི་ཆོལ་ཁ་གསུམ་གྱི་མཐུན་ལམ་གཏོར་བཤིག་གཏོང་མཁན་འདྲ་པོ་ཆགས་ཀི་ཡོད། ཁོང་ཚོའི་བྱ་སྤྱོད་ཀྱིས་གོ་བརྡ་འདི་འདྲ་ཞིག་སྤྲོད་ཀི་ཡོད། ད་གཟོད་མང་ཚོགས་ཀྱིས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་གླེང་སློང་ཆེན་པོ་ཡོང་གི་ཡོད།

ང་ཚོས་ཆོས་ལུགས་སྤྱི་འཐུས་ཀྱི་ད་ལྟའི་ཡོད་སྟངས་ལ་འགྱུར་བ་ཞིག་བཏང་ན་འགྲིག དེ་ནི་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འབྲངས་ཆོས་པ་ཚོས་འདམ་པའི་སྤྱི་འཐུས་གཅིག་དང་། སྟོན་པ་གཤེན་རབ་ཀྱི་རྗེས་འབྲངས་པ་ཚོས་འདམ་པའི་སྤྱི་འཐུས་གཅིག་བཅས་ཆོས་ལུགས་སྤྱི་འཐུས་གཉིས་ཁོ་ནར་གཏན་འབེབས་བྱས་པ་ཡིན་ན། ཆོས་ལུགས་ཆེ་ཁག་གཉིས་ལ་སྤྱི་འཐུས་འདྲ་མཚུངས་ཀྱི་ཁྱད་ཆོས་ཤིག་ཡོད། ད་ལྟའི་གནས་སྟངས་ནི། སྟོན་པ་ཤྰཀྱ་ཐུབ་པའི་རྗེས་འཇུག་པ་ཚོར་སྤྱི་འཐུས་བརྒྱད་ཀྱི་ཐོབ་ཐང་ཡོད་པ་དང་སྟོན་པ་གཤེན་རབ་ཀྱི་རྗེས་འཇུག་པ་ཚོར་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་ལས་མེད། འདི་ནི་གྲངས་ཀའི་ཐད་ཀྱི་བསྡུར་གྲངས་རེད། ཡང་འགའ་རེ་ནས་མི་གྲངས་ཀྱི་སྐད་ཆ་བཤད་སྲིད་པ་རེད། ཆོས་ལུགས་གླེང་དུས་མི་གྲངས་བཤད་ས་འགྲོ་གི་མ་རེད། སྟོན་པ་དང་བསྟན་པའི་ཆ་ནས་བཞག་དགོས་པ་རེད།
ད་ཡོད་ཆོས་ལུགས་དང་ཆོས་བརྒྱུད་སྤྱི་འཐུས་ཀྱི་གྲངས་ཀ་བཅུ་དེ་གཉིས་སུ་ཕབ་ཐུབ་པ་ཡིན་ན། ལམ་སང་སྤུས་ཀའི་ཆ་ནས་ཆོས་པའི་བྱ་སྤྱོད་ཅན་ཆགས་མི་ཐུབ་ནའང་། ད་ཡོད་ལྟར། ཆོས་ལུགས་དང་ཆོས་བརྒྱུད་ཀྱི་ཞབས་ནས་འདྲེན་མཁན་མང་བ་ལས་ཉུང་ན་མཛེས་པ་དེ་གནས་ལུགས་ཤིག་ཡིན། གང་ལྟར།་ཆོས་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ལ་འདི་ལྟ་བུའི་འགྱུར་བ་ཞིག་འགྲོ་དགོས་པ་གལ་ཆེན་པོ་རེད། འགྱུར་བ་འདི་འདྲ་ཞིག་གི་གོ་སྐབས་ཤིག་སྤྲོད་དགོས་པ་རེད། དེ་ནས་ཀྱང་ད་དུང་གདན་ས་གྲྭ་ཚང་དང་དགེ་འདུན་པ་སྤྱིའི་མཚན་མཐོང་ལ་གནོད་རྐྱེན་ལས་མེད་པ་ཡིན་ན། དེ་ནས་ད་གཟོད་ཆོས་ལུགས་སྤྱི་འཐུས་རྦད་དེ་མཚམས་འཇོག་གི་གླེང་སློང་བྱེད་དགོས་པར་འདོད།

ཆོས་ལུགས་སྤྱི་འཐུས་དགོས་དང་མི་དགོས་གླེང་བ་དང་། ཆོས་ལུགས་སྤྱི་འཐུས་དགོས་པ་གང་ཞིག་ལ་ད་ལྟའི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་བའི་གླེང་སློང་བྱེད་པ་གང་ཡིན་ནའང་། ཆོས་བརྒྱུད་ཁག་གི་འཛིན་སྐྱོང་སྒྲིག་འཛུགས་ཁག་དང་། གདན་ས་གྲྭ་ཚང་ཁག་ལ་སྙན་ཞུ་འབུལ་བ་དང་། དེ་འབྲེལ་གྱི་ལས་འགུལ་སྣ་ཚོགས་སྤེལ་དགོས། གསར་འགྱུར་བརྒྱུད་ལམ་ཁག་གིས་བླ་ཆེན་ཁག་དང་གདན་ས་ཁག་གི་མཁན་པོ་ཁག ལས་རིགས་སྣ་ཚོགས་ཀྱི་མཁས་པ་དང་ཤེས་ཡོན་པ་བཅས་ཀྱི་ལྟ་ཚུལ་སྔོག་འདོན་གྱི་བཅར་འདྲི་ཤུགས་ཆེ་བྱེད་པ་བརྒྱུད་ཆོས་ལུགས་སྤྱི་འཐུས་ལ་འགྱུར་བ་གཏོང་བའི་ལམ་དུ་བསྐྱོད་དགོས་པའང་དུས་ཀྱི་དགོས་མཁོ་ཞིག་རེད།

བསམ་ཚུལ།

Post navigation

Previous Post: འཚལ།
Next Post: ནུབ་གླིང་ནས་འཁྲུངས་སྐར་གཟབ་རྒྱས་བསུས།

Comments (5) on “ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཚོར་ཟློག་པ་རྒྱག་པ།”

  1. པད་མ says:
    2021-07-14 at 7:13 am

    ཀློག་རིན་ཡོད་པ་ཞིག་བྲིས་འདུག

  2. yangdon says:
    2021-07-17 at 2:17 am

    དེ་དེ་བཞིན་ནོ། རྒྱབ་སྐྱོར་ཡོད།

  3. namgyal says:
    2021-07-19 at 6:14 am

    སྔ་མོ་རྒྱུ་མཚན་མང་པོ་པོ་གཅིག་བཤད་ཟིན་པས་ཡང་ནས་བསྐྱར་དུ་ཞུ་འདོད་མི་འདུག གང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམས་ངེས་པར་མེད་པ་བཟོ་དགོས་འདུག་ ཡང་ན་ཆོས་ལུགས་ཡོད་མཁན་བོད་རིགས་ཡོངས་རྫོགས་ནས་འོས་བསྡུ་ལམ་ནས་ཆོས་བརྒྱུད་སྤྱི་འཐུས་འདེམས་དགོས་འདུག་དེ་མེད་མང་གཙོ་ཡོང་དག་པ་ཞིག་རེད ་་གཙོ་བོ་གྲྭ་བ་བླ་ཆེན་ཡིན་ཟེར་མཁན་འགན་ལེན་དགོས་འདུག་ ཞལ་ནས་ཆོས་བཤེད། ཞེ་ལ་སྲིད་ནག་རྐྱང་རྐྱང་གནང་སྡེད་ན་ཡོང་ཐབས་མེད་པ་ཞིག སྐྱབས་སུ་འཆི་ ་བླ་མ་ཚོ་ད་དངོས་ནས་དྲང་ནས་ཆོས་ཉམས་སུ་བླངས་རན་འདུག

  4. པ་རྡོ་རྗེ། says:
    2021-07-19 at 11:50 pm

    ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་དགོས་པ་མིན་འདུག གྲྭ་པ་རྣམས་ཆོས་བྱེད་པ་ཡིན་པ་ལས་སྲིད་དོན་པ་མིན། ཁོས་ཚོས་རྩ་བ་བོར་ནས་ཡལ་ག་འཇུ་མི་རུང་བ་ཡིན། གལ་ཏེ་གྲྭ་པ་ཚོས་སྲིད་དོན་བྱེད་དགོས་ཀྱི་ཡོད་ན། གྲྭ་ཆས་ཕུད་དེ་སྐྱེས་པ་མི་ནག་གི་གྲས་སུ་འཛུལ། ད་ལྟའི་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམས་ལ་ལྟོས་དང་། དཔེ་ཆ་མ་ཤེས་པའི་སྟེང་དེང་རབས་ཀྱི་ཤེས་ཡོན་གྱིས་ཕོངས། དེ་གཉིས་མེད་དུས་རང་ཉིད་གནས་སའི་སྤྱི་ཚོགས་སྟོར་བརླག་ལ་འབད་པ་མ་གཏོགས་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་ལས་ཀ་བྱས་མྱོང་མེད། བོད་མིའི་དབུས་འོས་བསྡུ་ལས་ཁུངས་དང་བཀའ་ཤག་གིས་ཐག་གཅོད་གནང་དགོས་པ་གལ་ཆེན་ཞིག་ནི། བོད་མི་སུ་རུང་ལ་འོས་ཤོག་གཅིག་གི་ཐོབ་ཐང་ལས་མེད་པ་བཟོ་དགོས་པ་མང་གཙོའི་ལུགས་སྲོལ་ཡིན། བོད་མི་ཆེ་གེ་མོ་ཞིག་ལ་འོས་ཤོག་གཅིག་ལས་མང་བའི་ཐོབ་ཐང་ཡོད་ན་བོད་མི་ཡོད་དོ་ཅོག་ཚང་མར་ཐོབ་ཐང་དེ་དགོས་པ་མང་གཙོའི་འགྲོ་ལུགས་ཡིན། ད་ལྟའི་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཐ་ཞན་རྣམས་ལ་ལྟོས་དང་། མ་རབས་ཀྱི་གོང་བུ་ཡིན་པ་མ་ཟད་ད་དུང་མགོ་བོ་སྟེགས་དེ་བོད་མིའི་ཞབས་འདྲེན་ཞུ་བཞིན་ཡོད། མ་འོངས་པར་བོད་མིའི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་སྐབས་ཤེས་ཡོན་གྱི་ཚད་འཛིན་ཞིག་དགོས་ཀྱི་འདུག ཐ་ན་བོད་ཡིག་འཛིན་རིམ་བཅུ་གཉིས་བར་དང་དེ་དང་ལྷན་དུ་དབྱིན་ཡིག་ཀྱང་འཛིན་རིམ་བཅིུས་ཐོན་པ་ཞིག་དགོས་འདུག དེ་ལྟར་བྱུང་ན་དེང་རབས་ཀྱི་འགྲོ་སྟངས་ལས་སྤྱི་ཚོགས་ལ་ཕན་ཐོགས་ཆེ་བ་ཡོང་སྲིད།

  5. བརྩོན་རྒྱམ། says:
    2021-07-20 at 11:01 am

    གོང་བསམ་ཚུལ་ཧ་ཅང་ཡག་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme