Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་དུང་དཀར་པོའི་སྒྲ་དབྱངས།

Posted on 2013-12-132013-12-13 By ཁ་བརྡ་ 5 Comments on ཆོས་དུང་དཀར་པོའི་སྒྲ་དབྱངས།

ཨེ་མ་ཧོ།

_

༼རྫོགས་ཆེན་ཡིད་བཞིན་ནོར་བུ་རིན་པོ་ཆེའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཆོས་དུང་དཀར་པོའི་སྒྲ་དབྱངས།༽

ན་མོ་གུ་རུ་པདྨ་བིརྱ་དྷྰ་ར་ཡེ།
སངས་རྒྱས་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་དང་།།
ས་ར་ཧ་དང་མངའ་བདག་ཁྲི་རལ་ཆེན་པོ།།
ཙོང་ཁ་པ་སོགས་སྐྱེས་རབས་ཕྲེང་བར་བལྟམས་པའི།།
གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་རྒྱལ་ལོ།།
ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ། །
ཁ་སྦྱོར་ཡོན་ཏན་ཀུན་རྫོགས་རྡོ་རྗེ་འཆང་ཆེན། །
གང་ལ་གང་འདུལ་མཛད་པའི་པདྨ་འབྱུང་གནས། །
ང་ཡི་སྙིང་གི་བླ་མས་དུས་ཀུན་སྐྱོངས་ཤིག །
ཅ་ཅོའི་འདུ་འཛིས་དབེན་པའི་འབྲས་ལྗོངས་ཚལ་དུ། །
ཆ་ལུགས་རྟེན་འབྲེལ་རྟགས་དང་དགེ་མཚན་ཆེན་པོས། །
ཇ་ཆང་ལོངས་སྤྱོད་ཚོགས་འཁོར་བསྐོར་བའི་ཉིན་མོར། །
ཉ་གང་ཟླ་བཞིན་བལྟམས་པའི་རྫོགས་ཆེན་སྤྲུལ་སྐུ། །
ཏ་ཐྰ་ག་ཏའི་སྙིང་པོ་ལྷན་སྐྱེས་འཁྲུངས་ཤིང་། །
ཐ་སྙད་དག་མཉམ་གཟིགས་པའི་ལུང་བསྟན་མཐུན་པར། །
ད་འདས་མ་འོངས་འདྲེན་པའི་ཡིད་བཞིན་ནོར་བུར །
ན་མོ་སྒོ་གསུམ་དད་གུས་མཆོད་སྤྲིན་འབུལ་ལོ། །
པདྨ་རིག་འཛིན་ཡང་སྲིད་སངས་རྒྱས་གཙུག་ཏོར། །
ཕ་མེས་རྒྱུད་པའི་སྲོལ་འཛིན་རིག་སྔགས་འཆང་ཆེན། །
བ་རུ་ལྷུན་པོའི་སྨན་ལྟར་རྣལ་འབྱོར་རྒྱལ་པོ། །
མ་ལུས་འགྲོ་བའི་མགོན་པོ་སྐུ་ཚེ་བརྟན་སྨོན། །
ཙ་རི་སྦས་ཡུལ་འགྲིམས་པའི་མཁས་གྲུབ་ཚོགས་ཀྱིས། །
ཚ་གྲང་དཀའ་སྤྱད་གནང་ནས་ཆོས་བརྒྱད་སྤངས་ཀྱང་། །
ཛ་ཡའི་བསྟན་པའི་བདག་པོ་རྫོགས་ཆེན་དམ་པ། །
ཝ་ལེར་དགོངས་པས་གཟིགས་པའི་སྤྲུལ་སྐུ་འཁྲུལ་མེད། །
ཞ་ཉེ་གསེར་རྫུ་འཕྲུལ་པའི་ཐབས་ཇུས་དབེན་ཕྱིར། །
ཟ་འོག་རི་མོ་ཇི་བཞིན་མངོན་གསལ་གྱུར་པ། །
འ་ཅག་འདྲེན་པའི་བླ་མ་གྲུབ་དབང་རྫོགས་ཆེན། །
ཡ་ང་བག་ཚ་དབེན་པའི་འཇིགས་བྲལ་ལྷུན་པོ། །
ར་ཧོར་མཁན་ཆེན་ཟུང་དང་རྡོ་གྲུབ་སྐྱབས་རྗེས། །
ལྭ་བ་དཀར་པོའི་ལྷ་སྲས་ངོས་འཛིན་གནང་བས། །
ཤ་རུས་གདུང་རྒྱུད་ཟབ་པའི་བསོད་ནམས་ཅན་ལ། །
ས་སྐྱོང་རྒྱལ་བའི་དབང་པོས་བདེན་དཔུང་མཛད་དོ། །
ཧ་ཅང་དགའ་བདེས་ཚོགས་གཉིས་འཁོར་ལོ་བསྐོར་ཞིང་། །
ཨ་ཏིའི་ཟབ་རྒྱས་ལྡན་པའི་དཔལ་ལ་རོལ་དང་། །
གནས་ལུགས་རྫོགས་པ་ཆེན་པོའི་དགོངས་པ་རྟོགས་ནས། །
མཐའ་ཡས་འགྲོ་ཀུན་འདྲེན་པའི་སྨོན་ལམ་འགྲུབ་འོང་། །
རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་གྲུབ་དབང་ཟློས་གར། །
དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྫོགས་ཆེན་སྐྱབས་མགོན། །
ཐེག་མཆོག་ཆོས་ཀྱི་རྒྱལ་པོའི་བཞེད་དོན་འགྲུབ་ནས། །
ཐུབ་བསྟན་བློ་གསལ་དབང་པོ་ཞབས་བརྟན་སྨོན་ནོ། །
བོད་བརྒྱུད་བསྟན་པ་གངས་སེང་ལྷུན་པོའི་སྤོར་རུ། །
ལུང་རིགས་བློ་སྤོབས་གད་རྒྱངས་ཆེས་ཆེར་སྒྲོགས་ཤིང་། །
ངོ་མཚར་འབུམ་ལྡན་མཛད་པའི་གཡུ་རལ་གཟུགས་ཅན། །
བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཞབས་བརྟན་སྨོན་ནོ། །
ཐུགས་བསྐྱེད་སྤྱོད་འཇུག་མ་ཉམས་རྒྱལ་བའི་སྲས་པོ། །
ཟབ་རྒྱས་དམ་ཆོས་སྤེལ་ཅིག་ཕར་ཕྱིན་རབ་འབྱམས། །
ཡང་གསང་རྫོགས་པ་ཆེན་པོའི་མིང་དོན་མཚུངས་པར། །
ཀུན་ཁྱབ་ཕྲིན་ལས་མངོན་མཛོད་ཡིད་བཞིན་ནོར་བུ། །

ཞེས་པ་འདི་ཡང་རབ་བྱུང་བཅུ་བདུན་པའི་མགོ་ཟླ་བའི་ཡར་ངོའི་ཚེས་པ་བཅུའམ་རིག་འཛིན་རྒྱལ་དབང་པདྨ་ཀ་རས་གངས་ལྗོངས་གཏེར་གྱི་གཏམས་པའི་སྟ་གོན་དུ། གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱང་གཏད་པའི་བཀྲ་ཤིས་དུས་ཚེས་དགེ་ལེགས་འཛོམ་པར་ཡ་མཚན་རྨད་དུ་བྱུང་བའི་བལྟས་དང་བཅས་༧མགོན་པོ་གང་གི་མཚན་དཔེའི་པདྨོ་མངོན་པར་བཞད་པའི་དུས་བཟང་གི་ཉིན་མོར་རང་གི་རྨི་ལམ་དང་། སྐྱེན་སྤྲུལ་བསྟན་འཛིན་རྡོ་རྗེ་དང་རྫོགས་ཆེན་མཁན་པོ་འགས་བསྐུལ་བར་ལྟར་འཁྲུངས་སྐར་དགེ་བའི་རྟེན་འབྲེལ་དུ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་འམ། ཤྲྰི་སྨྱོན་ཨེ་མ་ཧོས་རང་སྣང་གང་ཤར་དབྱིན་ཡུལ་རྒྱལ་ས་ལན་དྲོན་གྱི་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ནས་དེ་མ་ཐག་ཏུ་གློག་འཕྲུལ་དུ་བཏབས་པར་དགེའོ། ། ཕྱི་ལོ་ ༢༠༡༣ ༡༢ ༡༢ ལའོ། །

རྩོམ་རིག

Post navigation

Previous Post: པར་བཏབ་སྙན་ངག
Next Post: གསེར་གྱི་ཀུ་ཤུའི་ཁ་པར།

Comments (5) on “ཆོས་དུང་དཀར་པོའི་སྒྲ་དབྱངས།”

  1. མེ་ཏོག་དཀར་པོ says:
    2013-12-13 at 10:06 am

    སྨྱོན་པ་ཞིག་གིས་གང་དྲན་བྲིས་ཟེར་འདུག་པས་ཀློག་རིན་མེད་ཚོད།

  2. པདྨ says:
    2013-12-13 at 9:24 pm

    མཁན་ཆེན་སང་ཡག་བྱུང་། བཀའ་དྲིན་ཆེ་ཞུ་ཡ་ཡོད། གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང་དགའ་སྐྱིད་ངང་ནས་གཞི་བྱེས་ཞལ་འཛོམས་ཡོངས་བར་ཤོག རྒྱལ་བ་རིན་པོ་ཆེས་ཐུགས་སྨོན་ཡང་རེད།
    ཞབས་བརྟན་གསོལ་འདེབས།
    ཀུན་བཟང་རྡོ་རྗེ་དབང་པདྨ༵་འབྱུང་། །
    གྲུབ་པའི་རིག༵་འཛིན༵་མཆོག་ཏུ་རོལ་བའི་གར། །
    བསྟན་འགྲོར་རྗེས་སུ་བརྩེ་བའི་ཡ་མཚན་ཕུལ། །
    རིམ་བྱིན་སྐྱེ་བའི་ཕྲེང་བར་གསོལ་བ་འདེབས། །
    རྨད་བྱུང་ཐུབ༵་བསྟན༵་ལུང་རྟོགས་འཛིན༵་པའི་འཕྲུལ། །
    མཁྱེན་བརྩེའི་ཡེ་ཤེས་ཉི་གཞོན་འོད་པོ་ཆེ། །
    སྲིད་ཞིའི་འཇིགས༵་བྲལ༵་ཕན་དང་བདེ་བའི་དཔལ། །
    མི་འགྱུར་ལྷུན༵་པོའི༵་་སྤོ་ལ་རྟག་ཤར་ཤོག །
    ཅེས་པ་འདི་ཤཀྱྰའི་དགེ་སྦྱོང་ཆོས་སྨྲ་བ་ཏྰ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་སྨོན་པའོ། །

  3. དྲང་བདེན། says:
    2014-04-15 at 10:11 am

    དོན་ལ་མི་གནས་པའི་ངལ་འཆལ་འབའ་ཞིག

  4. དྲང་བདེན། says:
    2014-04-15 at 10:17 am

    པདྨ་ལགས་ཀྱིས་བསྐུར་བའི་ཞབས་བརྟན་གསོལ་འདེབས་དེ་ནི་དངོས་གནས་རྒྱལ་དབང་མཆོག་ལ་རྫུན་ཞུས་བྱས་པ་རེད། རྒྱལ་དབང་གི་གསུང་དངོས་ཡིན་པའི་ཁུངས་ཡང་དག་ཞིག་སྐྱེལ་རྒྱུ་ཡོད་དམ།

  5. དྲང་བདེན། says:
    2014-04-15 at 10:27 am

    ཨེ་མ་ཧོ་ཞེས་པའི་མཁན་ལོག་ཁྱོད་ཀྱིས་ཕྱི་རྒྱལ་བུད་མེད་སྐྲ་སེར་དག་གི་རྐུབ་ནས་གཏེར་རྫུན་འདྲ་ཨེ་རྙེད་དང་ཅི་བྱེད་འདི་བྱེད་མེད་པར་ཉིན་ལྟར་དོན་མེད་དྲྭ་རྒྱ་ཉུལ་བཞིན་ཡོད་པ་གོ་ཐོས་བྱུང་། ཁྱོད་ཀྱི་བསྟོད་པའི་ཡུལ་དུ་གྱུར་བའི་སྤྲུལ་རྫུན་དེ་དག་ཀྱང་ཁྱོད་དང་ལྟ་སྤྱོད་གཅིག་མཚུངས་ཡིན་པས་བསྟོད་པ་ལོས་བྱེད། ཉོན་མོང་རང་ཡན་དུ་ཤོར་བཞིན་ད་དུང་སྔགས་ལ་ཁ་གཡར་བ་འདི་ཚོ་དངོས་གནས་བསྟན་པའི་ཞབས་འདྲེན་རེད། གལ་སྲིད་དྲང་བདེན་ལ་དགའ་ཞེན་དང་བསྟན་པ་ལ་ཤ་ཚ་ཞིག་ཡོད་ན་རང་ཉིད་དེ་འདྲའི་ཕུང་དཀྲོལ་གྱི་ལས་མ་བྱེད་ཅིག ཁྱོད་འདྲ་བའི་བན་ལོག་འདི་ཚོ་རང་ཉིད་ཀྱི་ནོར་འཁྲུལ་རང་ཉིད་ཀྱིས་ངོས་ལེན་བྱེད་པར་དཔའ་ཞུམ་པའི་སྡར་མ་ཀླད་མེད་ཀྱང་ཀྱང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme