Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་དགེའི་ཚབ་ཏུ་ལྟ་གྲུབ་དགེ་རྒན་ཞེས་འབོད་དགོས་རྒྱུ།

Posted on 2016-09-012016-09-01 By ཁ་བརྡ་ 5 Comments on ཆོས་དགེའི་ཚབ་ཏུ་ལྟ་གྲུབ་དགེ་རྒན་ཞེས་འབོད་དགོས་རྒྱུ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ

 
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༡ ཉིན་རྡ་ས་དགེ་ལྡན་ཆོས་གླིང་དུ་བསྐོང་ཚོགས་གནང་བའི་བཙུན་མའི་འཇང་དགུན་ཆོས་ཐེངས་ཉེར་གཅིག་པར་བཅར་ཞུགས་བཙུན་མ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་ཆོས་འབྲེལ་བསྩལ་ཞོར་བཀའ་སློབ་ཕེབས་དགོངས་སུ། རང་རེའི་སློབ་གྲྭ་ཁག་ཏུ་ནང་པའི་ཚན་རིག་དང་ལྟ་གྲུབ་སློབ་ཁྲིད་གནང་མཁན་རྣམས་ལ་ཆོས་དགེ་ཞེས་འབོད་པ་མི་རན་ཞིང་། ཆོས་དགེ་ཟེར་བ་ཆོས་ལུགས་ཀྱི་སློབ་དཔོན་ལྟ་བུ་ཞིག་ལ་གོ་ཉེན་ཆེ་བས། དེར་མཁས་པའི་བགྲོ་གླེང་ཞིག་གནང་གལ་ཕེབས་པ་ལྟར། འདི་ག་ཤེས་རིག་ལས་ཁུངས་ནས་རང་རེ་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་ཐོག་མཁྱེན་ཡངས་མཁས་པ་ཁག་བདུན་ལ་དགོངས་ཚུལ་གནང་ཕྱོགས་སྐོར་རེ་འདུན་ཞུས་པར།

Choegye-744x1024

མཁས་དབང་ཁག་དྲུག་ནས་དགོངས་ཚུལ་ཡིག་ཐོག་གནང་འབྱོར་བྱུང་བ་ཞིབ་བསྡུར་གྱིས་ད་བར་གཏན་ཉིན་སློབ་གྲྭ་ཁག་ནང་ལྟ་གྲུབ་སློབ་ཁྲིད་གནང་མཁན་ལ་ཆོས་དགེ་ཞེས་མཚན་འབོད་བྱེད་བཞིན་ཡོད་ཀྱང་། གསལ་བསྒྲགས་འདི་ཉིད་ཞུས་པའི་ཟླ་ཚེས་ནས་བཟུང་རང་རེ་གཏན་ཉིན་སློབ་གྲྭ་ཁག་ཏུ་ནང་བསྟན་ལྟ་གྲུབ་སློབ་ཁྲིད་གནང་མཁན་ལ་ལྟ་གྲུབ་དགེ་རྒན་ཞེས་འབོད་རྒྱུ་གཏན་འཁེལ་སོང་བའི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༣ ལ།།

གསལ་བསྒྲགས།

Post navigation

Previous Post: ཁྱིམ་མི་དང་འབྲེལ་ཐག་ཆད་པ།
Next Post: དེ་རིང་གི་ཉིན་ཐོ་དང་འབྲེལ་བའི་བསམ་གཞིག

Comments (5) on “ཆོས་དགེའི་ཚབ་ཏུ་ལྟ་གྲུབ་དགེ་རྒན་ཞེས་འབོད་དགོས་རྒྱུ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-09-01 at 8:48 pm

    ལྟ་གྲུབ་དགེ་རྒན་ལ་དབྱིན་སྐད་ནང་ག་འདྲ་བརྗོད་དགོས་ཀྱི་ཡོད་དམ་???

  2. ཀརྡོ་རབ་འབྱམས་པ་ says:
    2016-09-01 at 11:35 pm

    འདིར་ལྟ་གྲུབ་དགེ་རྒན་ལ་དབྱིན་སྐད་དུ། Buddhist Philosophy Master

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-09-02 at 10:26 am

    ཐུགས་རྗེ་ཆེ་བཀྲིན་ཆེ་།
    དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལྷན་
    ཁང་ནས་དེ་ལྟར་ངོས་འཛིན་གནང་གི་ཡོད་ན་
    གཏན་ཉིན་སློབ་གྲ་ཡོངས་ལ་གཅིག་བསྒྱུར་
    དགོས་པ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་
    གི་ཡོད་ཐུགས་རྗེ་ཆེ་།

  4. འབྲོང་བུ་སོག་ཚ། says:
    2016-09-03 at 6:36 pm

    བོད་ཀྱི་ལྟ་གྲུབ་དགེ་རྒན་དེ་ཆོས་ལུགས་ཆེན་པོ་ལྔའི་ནང་ནས་གདམས་ན་ཡག་པོ་རེད། སྔར་ཡིན་ན་རི་བོ་དགེ་ལུགས་པའི་ཕྱོགས་ནས་གཅིག་པུ་རེད། དེང་སང་ག་འདྲ་ཡིན་བལྟ་རྒྱུ་རེད།

  5. ཁྱུང་སེ། says:
    2016-09-03 at 10:22 pm

    འབྲོང་བུའི་སྐད་ཆ་ལ་མོས་མཐུན་ཡོད། ང་ཚོས་ཆོས་ལུགས་རིས་མེད་ཅེས་མང་པོར་བཤད་རུང་དོན་ལ་ལག་ལེན་དུ་ཡོང་གི་མི་འདུག སློབ་གྲྭ་ཁག་རེད། དེ་བཞིན་དེང་སང་ནུབ་ཕྱོགས་སུ་ཡོད་པའི་བོད་པའི་སྤྱི་ཁང་ཟེར་བ་སྤྱི་མཐུན་ཟེར་བ་ཚོགས་ཁང་ཟེར་བ་ས་གནས་དེའི་བོད་མི་ཡོངས་རྫོགས་འཛོམས་སའི་ལྷ་ཁང་སོགས་མིང་སྤྱི་པའི་མིང་བཏགས་རུང་ལགལེན་ཆོ་གར་ཆོས་ལུགས་སམ་ཆོས་རྒྱུད་བྱེ་བྲག་པ་ཞིག་གིས་དབང་བསྒྱུར་འོག་ཏུ་གནས་བཞིན་ཡོད་འདུག ཁ་མི་གྲགས་མ་གཏོགས་མང་པོའི་སེམས་ལ་འདོད་པ་མེད། དེ་བཞིན་དྷ་སའི་དཔེ་མཛོད་དྷི་ལིའི་བོད་ཁང་དྷ་སའི་བཙུན་དགོན་ཐེ་ཝན་དོན་དཔྱོད་སོགས་དེ་བཞིན་མཚུངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme