Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོལ་གསུམ་ཚང་བའི་བཀའ་ཤག་དགོས་ངེས་མེད།

Posted on 2016-05-122016-05-12 By ཁ་བརྡ 9 Comments on ཆོལ་གསུམ་ཚང་བའི་བཀའ་ཤག་དགོས་ངེས་མེད།

-སྐལ་བཟང་དོན་གྲུབ།

 
རིང་མིན་བོད་མི་མང་སྤྱི་འཐུས་སྐབས་༡༦ གྲོས་ཚོགས་ཚོགས་དུས་དང་པོ་འཚོག་རྒྱུ་ཡིན་པ་དང། སྐབས་དེར་སྲིད་སྐྱོང་འོས་ཐོབ་བློ་བཟང་སེང་གེས་རང་བློ་ལ་ཡོད་པའི་བཀའ་ཤག་སྐབས་༡༥ པའི་བཀའ་བློན་ཁག་གི་མིང་འདོན་བྱེད་ཁར། གྲོས་ཚོགས་ནས་སྤྱི་མོས་སམ་མང་མོས་རྒྱབ་སྐྱོར་ཐོབ་མིན་བལྟ་རྒྱུ་ཡིན་པ་རེད།
ངས་ཞུ་འདོད་པ་ཞིག་ལ་ང་ཚོ་བཙན་བྱོལ་ལ་སླེབས་ནས་བཟུང། བཀའ་ཤག་གསར་འདེམས་བྱེད་སྐབས། ཆོལ་ཁ་གསུམ་གྱི་མི་ཡོད་པ་ཞིག་ཡོང་ཐུབ་པ་བྱེད་ཀྱི་ཡོད་པ་ལྟ་བུ་འདུག་ལ། དེ་བས་༢༠༡༡ ལོར་སྲིད་སྐྱོང་ཐོག་མ་བློ་བཟང་སེང་གེ་འོས་ལངས་སྐབས་བཀའ་ཤག་ནང་ཆོལ་ཁ་གསུམ་གྱི་མི་སླེབས་ཐབས་བྱེད་རྒྱུ་ཡིན་སྐོར་བསྒྲགས་པ་རེད།
བྱེད་སྟངས་དེས་ཕྱོགས་གཅིག་ནས་ཆོལ་གསུམ་བོད་མིའི་སྐུ་ཚབ་ཚང་བའི་བཀའ་ཤག་ཡིན་པའི་རྣམ་པ་སྟོན་ཆེད་ཡིན་གྱི་རེད་མོད། ཆོལ་ཁ་གསུམ་གྱི་མཚོན་དོན་གྲོས་ཚོགས་ནང་ཆོལ་ཁ་སོ་སོས་འཐུས་མི་འདེམས་ཀྱི་ཡོད་པས། དེ་ལས་མ་འདང་བ་ཞིག་ཡོད་པ་མ་རེད། ཕྱོགས་གཅིག་ནས་བསམ་བློ་ཆུང་བའི་ཆབ་སྲིད་པ་ཚོས་མི་མང་མགོ་བསྐོར་ནས། བཀའ་ཤག་དེར་ཆོལ་ཁ་དེའི་བཀའ་བློན་མི་འདུག་པས། ཕྱོགས་རིས་བྱེད་པའི་སྐྱོན་འཛུགས་མེད་པ་བཟོ་ཆེད་ཡིན་ཡང་སྲིད།

ཆོལ་གསུམ་གྱི་བཀའ་ཤག་གཅིག་ཆགས་རུང། མ་ཆགས་རུང། གང་ལྟར་ཆོལ་ཁ་ཞིག་ལས་བཀའ་བློན་འོས་འཚམས་ཤིག་མ་རག་ན། བཀའ་བློན་ལ་ཨུ་ཚུགས་བྱས་ནས་བསྐོ་མི་འོས་པ་དང་བསྐོ་མི་དགོས་པར་མཐོང། གལ་ཏེ་བཀའ་ཤག་ནང་བཀའ་བློན་ཚང་མ་ཆོལ་ཁ་གཅིག་གི་ཡིན་ཡང། དེ་དག་གིས་བོད་ཀྱི་འཐབ་རྩོད་དང་བོད་མིའི་བདེ་སྡུག་ལ་ལས་ཀ་བྱེད་ཐུབ་ཀྱི་ཡོད་ན། ངས་བསམ་ན་མི་འགྲིག་པ་གང་ཡང་མི་འདུག

དེར་བརྟེན་སྲིད་སྐྱོང་བློ་བཟང་སེང་གེས་གསར་གཏོད་ཁ་ལ་མང་པོ་འཁྱེར་གྱི་ཡོད་པས། གནའ་བོའི་བྱེད་སྟངས་དེ་མེད་པར་བཟོས་ནས། སུས་འཇོན་དང་སུ་ལ་ནུས་པ་ཡོད་མེད་ལ་བལྟས་ནས་བཀའ་བློན་འདེམས་པ་ལས། ཆོས་ཁ་གསུམ་གྱི་མི་ཡོད་པའི་བཀའ་ཤག་ཞིག་ངེས་པར་དུ་ཡོང་ཐབས་ལ་མ་བརྩོན་ན་ལེགས་པར་སྙམ། གྲོས་ཚོགས་ནས་ཀྱང་རང་གི་ཆོལ་ཁའི་ཞེན་ཁོག་སྟོང་པ་དེ་སྦས་ནས། བོད་སྤྱི་པའི་དོན་ལ་བསམ་གཞིག་བྱས་ནས། རྒྱབ་སྐྱོར་བྱེད་མིན་གྱི་ཐག་གཅོད་བྱེད་དགོས་པར་མཐོང། གལ་ཏེ་བཀའ་ཤག་དེ་ཆོལ་གསུམ་གྱི་མི་ཡོད་པ་མ་ཟད། མི་ཚང་མ་འཇོན་ཐང་ལྡན་པ་ཡིན་ཚེ། བཀྲ་ཤིས་ལོ་ལེགས་རེད། འོན་ཀྱང་སྐབས་སྔོན་མ་ལྟར་གནས་ཚུལ་བྱུང་ཚེ། དེའི་འགན་ཚང་མ་སྲིད་སྐྱོང་བློ་བཟང་སེང་གེ་དང་གྲོས་ཚོགས་གཉིས་ཀ་ལ་ཡོད་པ་ལས་སུ་ལ་ཡང་མེད་པ་རེད།

ཆོལ་ཁ་ཆོས་ལུགས་ཤུགས་ཆེན་བརྩི་བའི་ལུགས་སྲོལ་ངན་པ་དེ་ནི་མི་རབས་རྒན་པ་ཚོས་འགོ་འཛུགས་བྱས་པ་རེད་ལ། བོད་རང་བཙན་ཤོར་བཅུག་མཁན་ཡང་ཁོ་ཚོ་རེད། སྐབས་དེའི་མི་རབས་རྣམས་རྫོགས་ཟིན་གྲབས་ཡོད་པས། མི་རབས་གསར་པ་མང་པོ་ཞིག་གི་སེམས་ནང་ལུགས་སྲོལ་དྲི་མ་ཅན་དེ་མེད་པས། བཀའ་ཤག་དང་གྲོས་ཚོགས་ནས་འགོ་འཛུགས་བྱས་ནས། རང་ཁུངས་ཀྱི་མི་གཅིག་པུ་ཡར་གཏོང་ཐབས་མི་བྱེད་པར། ཆོལ་གསུམ་དབྱེར་མེད་ཀྱི་མི་སུས་འཇོན་དང་རན་པ་དེ་ཡར་གཏོང་ཐབས་ལ་བརྩོན་དགོས།

མི་རབས་གསར་པ་ཚོར་རང་ཁུངས་ལས་བོད་ཅེས་པ་དེ་གལ་ཆེ་བའི་མིག་དཔེ་སྟོན་དགོས་པ་ལས། སྔར་ལྟར་རྐུབ་བཀྱག་ཚ་པོ་འདྲ་བཟོས། བོད་སྤྱི་ལ་ཕན་པའི་སྐད་ཆ་དང་བསམ་བློ་སྣ་གཅིག་མེད་པར། ཆོལ་ཁའི་ཞེན་ཁོག་དང་འབྲེལ་བའི་སྐད་ཆ་དང་བྱ་སྤྱོད་འདྲ་སྤེལ་ནས་བསྡད་ན། བོད་ལ་དེ་འདྲའི་མི་ཆོ་མེད་མི་དགོས་པས་ངོ་རྒོལ་མཐའ་གཅིག་ཏུ་ཡོད། དེ་བཞིན་བཙན་བྱོལ་མི་མང་ཁག་ཅིག་གིས་ངའི་བསམ་ཚུལ་དེ་བློ་ལ་མ་ཤོངས་ན་ཧང་སང་དགོས་རྒྱུ་གང་ཡང་མེད་པ་རེད། ནམ་རྒྱུན་ནས་ཆབ་སྲིད་པ་ཚོས་དོན་གྱི་བདག་པོ་བོད་ནང་གི་བོད་མི་རེད་ཅེས་བཤད་ཀྱི་ཡོད་པས། བཙན་བྱོལ་ནང་གི་བོད་མི་ཀླད་སྟོང་ཁག་ཅིག་གི་བསམ་ཚུལ་དེ་བོད་སྤྱི་པའི་དོན་དང་བསྡུར་ན། རྒྱ་མཚོའི་ཆུ་ཐིགས་གཅིག་ལ་ཡང་བརྩི་མི་འཐུས་པ་རེད།

མདོར་བསྡུས་ན་བཙན་བྱོལ་བོད་ཀྱི་ལོ་རྒྱུས་ནང་གི་ཤོག་ལྷེ་གསར་པ་ཞིག་ཁ་ཕྱེ་གྲབས་ཡོད་པ་དང། བཀའ་ཤག་སྐབས་༡༥ དང་གྲོས་ཚོགས་སྐབས་༡༦། དེ་བཞིན་མ་འོངས་པའི་བཀའ་ཤག་དང་གྲོས་ཚོགས་སོགས་ཀྱིས། བོད་ཀྱི་འཐབ་རྩོད་ལ་འགྱུར་ལྡོག་གཏོང་ཐུབ་མིན་ནི་དུས་ཚོད་ཀྱིས་གསལ་པོ་བཟོ་ཡི་རེད་དེ། ཆིག་སྒྲིལ་ལ་གནོད་པའི་ཆོལ་ཁའི་ཞེན་ཁོག་དྲི་ངན་ཅན་དེ་མི་རབས་གསར་པ་ལ་མི་སྦྱར་བའི་ལས་ལ་བརྩོན་དགོས་པར་གལ་ཆེན་མཐོང།།

བསམ་ཚུལ།

Post navigation

Previous Post: སྤྱི་སྐད་ཆགས་པ་ལ་སྤྱི་སྐད་ཀྱི་རྩོམ་རིག་དར་དགོས།
Next Post: སྲིད་སྐྱོང་ལྕམ་མོའི་སྤྱན་ཆབ་ནས་གྲུ་ཟུར་གསུམ་པའི་ཟུར་ཉན།

Comments (9) on “ཆོལ་གསུམ་ཚང་བའི་བཀའ་ཤག་དགོས་ངེས་མེད།”

  1. བཀྲ་ཡེ་ཚང་། says:
    2016-05-12 at 9:20 pm

    སྐབས་ལ་རེ་ང་ཚོའི་སྤྱི་ཚོགས་འདི་སྐྱུག་བྲོ་བའི་རྣམ་པ་ཞིག་འདུག་་་ཡང་སྐབས་ལ་རེ་ཡག་པོ་འདུག་བསམ་པའི་ཚོར་སྣང་ཅིག་འདུག གང་ལྟར་བཤད་རྒྱུ་གཏམ་རྒྱུ་ཉུང་ན་དགའ་ཞེས་པའི་དཔེ་བཞིན་་་་ལྷག་བསམ་ཡོད་མདོག་དང་དྲང་པོ་ཡིན་མདོག་མདོག་བྱས་ནས་སྤྱི་ཚོགས་དཀྲུག་བསྡད་ན་ཕན་ཐོག་ཅིག་འདུག་གམ།

  2. སྐལ་བཟང། says:
    2016-05-13 at 12:22 am

    བཀྲ་ལེ་ཚང། བཤད་རྒྱུ་གཏམ་རྒྱུ་ཉུང་ན་དགའ་ཞེས་པའི་གཏམ་དཔེ་དེ་ནི་བྲན་གཡོག་ལམ་ལུགས་དུས་སྐབས་ཀྱི་མིའི་སྐད་ཆ་རེད། སོ་སོ་མི་ཚེ་འཁྱོལ་ཙམ་བྱེད་ནས་འགྲོ་མཁན་ཡིན་ན། དངུལ་བསགས་ནས་བསྡད་ན་དགའ་ཡི་རེད།་མ་ཤེས་པ་དང་བསམ་བློ་གཏོང་པའི་ནུས་པ་མེད་པའི་བརྗོད་གཞི་ཐོག་ལ་ལག་པ་འཆང་དགོས་མ་རེད། སོ་སོ་མི་ཚེ་བསྐྱེལ་ནས་སྡོད།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-13 at 5:31 am

    ལོ་རབས་1642ནང་སོག་པོའི་བོད་ཀྱི་ཆབ་ལ་འདྲེ་ལག་ཀྱང་ནས་བོད་རིགས་དུམ་བུ་མང་པོར་བཏང་ནས་སོག་སྐད་དུ་བོད་ཆོལ་ཁ་གསུམ་ཟེར་བའི་སོག་སྐད་འདི་ད་ལྟ་ཡང་བོད་མི་རིགས་ཀྱིས་ལས་ངན བསགས་པའི་འབྲས་བུ་ལ་བརྟེན་ནས་བོར་མ་ཐུབ་པ་ནི་བོད་མི་རིགས་ལ་བསམ་སེམས་གཏིང་ནས་སྐྱོ་སོང་།

  4. སྤྱང་ཤོག says:
    2016-05-13 at 8:43 am

    རྒྱལ་ཞེན་པ་ཀླུ་མཁར་བྱམས་ལགས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལ་བཞག་ན་ཡག་པོ་འདུག

  5. བཀྲ་ཡེ་ཚང་། says:
    2016-05-13 at 1:29 pm

    སྐལ་བཟང་ལགས་ཁྱེད་ཀྱི་རང་དོན་ཆེད་དུ་དངུལ་གསོག་གི་མེད་ན་གཞན་དོན་ཅི་ཞིག་བྱེད་གི་ཡོད་་་འདིར་ཅིག་གསུང་དང་།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-13 at 11:15 pm

    སོག་སྐད་ཆོལ་ཁ་ཟེར་བའི་ཐ་སྙད་འདིའི་འོག་བཀའ་བློན་འདུ་དགོས་མིན་མི་ཤེས་དོན་དངོས་བཙན་བྱོལ་སྤྱི་ཚོགས་ནང་ཕྱོགས་ཞེན་དང་འགེ་འདྲེན་གྱི་དུག་རྩ་མེད་ན་སྲིད་སྐྱོང་གི་འོས་མི་ལ་ལང་མཁན་ཚང་མར་རང་གི་ལྷག་བསམ་དང་འཇོན་སྟངས་ལ་ཞིག་པའི་ལས་འགན་རེ་བཀའ་ཤག་ནས་གོ་སྒྲིག་གནང་ཐུབ་ན་བཙན་བྱོལ་སྤྱི་ཚོགས་འདི་དགྲ་ལ་ཁ་གཏད་བཅོག་རྒྱུར་ཟོང་ཁ་གཅིག་བསྒྲིལ་ཡོང་བ་མ་ཟད་ནང་ཁུལ་དུ་ལབ་རྒྱུ་གླེང་རྒྱུ་མེད་པར་མི་མང་གི་རྣ་ཆོག་བཟོས་བདེ་ཡོང་བར་ཕན་ངེས་སོ་།

  7. ཇ་མ་ says:
    2016-05-15 at 10:08 pm

    4 སྤྱང་ཤོག་པའི་བཤད་པར་རྒྱབ་སྐྱོར་ཡོད་ཡ་

  8. གནམ says:
    2016-05-17 at 5:30 am

    མཁས་པ་དགོས་ན། ཚང་མ་ཨ་མདོ་བ་ཡིན་དགོས་བ་རེད།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-22 at 11:12 pm

    ཆོལ་ཁ་ཟེར་བ་དེ་སོག་སྐད་རེད་ལ་སོག་པོའོ་བོད་
    དུམ་བུ་གསུམ་ལ་བཏང་ནས་བོད་ཀྱི་སྟོབས་ཤུགས་བཅག་པ་རེད་ང་ཚོའི་བོད་ཙམ་ཟན་ཡོངས་རྫོགས་ལབ་ན་བོད་མི་བོད་སྐད་དང་བོད་ཡིག་བེད་སྤྱོད་མཁན་ཡོངས་རྫོགས་གོ་ཐུབ་པ་མ་ཟད་ཕྱིའི་ཆབ་སྲིད་ངན་པའི་དུག་རྩ་མེད་པ་བཅས་ལ་ཕན་ཐུབ་དེ་མིན་དེ་སྔོན་སོག་པོའི་བོད་དུམ་བུར་བཏང་དེང་སྐབས་རྒྱ་མིའི་བོད་དུམ་བུ་མང་པོ་བཟོས་ཕྱི་རྒྱལ་དུ་ཡོད་མཁན་ཚོ་བྱ་སྤུྈརི་ལ་ཐོར་བ་ལྟར་དུ་གནས་ཚེ་མ་འོངས་བོད་མི་རིགས་དང་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་མཛུབ་མོ་འཛུགས་ས་མེད་པ་མི་ཆགས་པའི་ངེས་པ་མེད་ན་བསམ་ཡོད་བློ་ལྡན་བོད་མི་ཚང་མས་ཟབ་ཟབ་གནང་དགོས་པ་དེ་ཕྱི་མ་དྲག་ནའང་སྔ་གང་ན་ཡོད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme