Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་འགན་ཁུར་ནས་སྲིད་སྤྱིའི་འོས་མི་ལ་བཞེངས་རོགས།

Posted on 2020-11-23 By ཁ་བརྡ No Comments on ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་འགན་ཁུར་ནས་སྲིད་སྤྱིའི་འོས་མི་ལ་བཞེངས་རོགས།

གཞུང་པ་ཚེ་དབང་བསོད་ནམས།
 
ང་ཚོ་བོད་ཀྱི་མང་གཙོ་ནི་ཕལ་ཆེར་འཛམ་གླིང་ནང་མང་གཙོ་གསར་ཤོས་དེ་ཡིན་སྲིད་ལ་དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ནས་རླབས་ཆེན་གྱི་དགོང་པ་རྒྱ་ཆེན་པོའི་འོག་ནས་བོད་མི་རིགས་ལ་ཐུགས་བརྩེ་བ་ཆེན་པོའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལུགས་ནང་ཁ་བསྒྱུར་རྒྱུའི་ཆེད་བོད་ས་མ་ཤོར་གོང་བོད་ནང་སྤྱི་ཚོགས་ལེགས་བཅོས་ཚོགས་ཆུང་བཙུགས་ནས་མི་འགྲོ་གཏན་ཁེལ་ལ་ཉེ་བའི་སྐབས་ཕྱི་ནང་གཉིས་ཀྱིས་འགོག་རྐྱེན་སྣ་ཚོགས་འོག་ནས་༸གོང་ས་མཆོག་གི་དགོང་གཞི་བོད་ལུང་པའི་ནང་འགྲུབ་མ་ཐུབ་ནའང་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་༸ཞབས་སོར་འཁོད་མ་ཐག་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལུགས་ནང་ཁ་ཕྱོགས་ནས་ཆོས་ལུགས་ཆོལ་གསུམ་གྱི་སྐུ་ཚབ་ལས་སྒྲུབ་པའི་མི་མང་གིས་འཐུས་མི་སྤྱི་འཐུས་ཀྱི་སྒྲིག་འཛུགས་གསར་བསྐོ་དང་འབྲེལ་རིམ་པས་སྤྱི་འཐུས་ཀྱི་གྲངས་ཚད་སྤར་ཆ་གནང་བ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ནུས་པ་ཐོན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་ཡོངས་རྫོགས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་བརྒྱུད་ནས་འགྲོ་དགོས་པའི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་བཙན་བྱོལ་བོད་མི་འཚོ་ཐུབ་པའི་ལམ་ལུགས་བཟང་པོ་གསར་གཏོད་གནང་བ་དང་ཕྱི་ལོ་ ༢༠༡༡ ལོར་མི་ལོ་བཞི་བརྒྱ་མ་ཟིན་ཙམ་གྱི་དོན་སྙིང་ལྡན་པའི་ལོ་རྒྱུས་ཡོད་་པའི་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ནས་དགའ་ལྡན་ཕོ་བྲང་གི་བོད་ཀྱི་ཆབ་སྲིད་སྐྱོང་བའི་ལམ་ལུགས་དེ་འཇུག་བསྡུས་ནས་༸གོང་ས་མཆོག་གི་སྲི་དབང་ཡོངས་རྫོགས་བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་གནང་ནས་བོད་མི་མང་ནས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་འགོ་འཁྲིད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འོག་ནས་སྲིད་སྐྱོང་བསྐོ་རྒྱུའི་ལམ་ལུགས་གསར་གཏོད་གནང་ནས་རླབས་ཆེན་གྱི་འགྱུར་བ་འདི་དག་མ་འོངས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་ནས་བོད་མི་རིགས་ཀྱི་ལས་དབང་དུ་གསེར་གྱི་ཕ་བོང་སྒོ་འགྲམ་དུ་བབས་པ་འདི་དག་ནི་༸གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱིས་མཛད་འཕྲིན་ཁོ་ན་ལས་བྱུང་བ་ནས་༸མགོན་པོ་མཆོག་གི་བཀའ་དྲིན་ནི་ང་ཚོ་བོད་མི་ཤི་གསོན་ཚང་མས་དུས་ནམ་ཡང་བརྗེད་ཐབས་མེད་པ་དང་ད་ལྟ་ང་ཚོའི་མདུན་དུ་ལྷག་པའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་སྲིད་སྤྱིའི་འོས་མི་ལ་བཞེངས་མཁན་དང་དེ་ལ་སྒྱབ་སྐྱོར་གནང་གནང་མཁན་ཚང་མས་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་འགན་ཁུར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ལམ་སྟོན་འོག་ནས་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནང་ཆ་ཤས་བཞེས་དགོས་པ་དེ་མང་གཙོའི་ཐོབ་ཐངས་ཆེ་ཤོས་དེ་ཡིན་པ་དང་། ང་ཚོ་མི་ཡུལ་དུ་ཡོང་དགོས་པའི་དམིགས་ཡུལ་ངོ་མ་དེ་བོད་དོན་བདེན་མཐའ་སེལ་རྒྱུ་དེ་ཡིན་པ་ལས་དེ་ལས་གལ་ཆེ་བའི་སྲིད་སྤྱིའི་འོས་བསྡུ་ཁ་ལ་ཁྱེར་ནས་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་ཉམས་ཆགས་གཏོང་མཁན་ཡོད་ན་ནམ་ཡང་དགའ་བསུ་མེད་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་པ་དེ་ཡང་སྲིད་སྤྱིའི་འོས་མི་ལ་བཞེངས་མཁན་དང་རྒྱབ་སྐྱོར་གནང་མཁན་ཚོའི་མཁྱེན་དགོས་པ་དང་། ང་ཚོའི་མང་གཙོ་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་བཙན་བྱོལ་མི་མང་འཚོ་དགོས་པ་དེ་ཡིན་པ་ལས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་འགན་ཁུར་མ་དགོས་པའི་སྲིད་སྤྱི་འོས་བསྡུ་ཟུར་དུ་ལྷག་མེད་པ་དང་། འདས་པའི་མི་ལོ་བཅུ་ཕྲག་གཉིས་ལ་ང་ཚོའི་ཕྱི་མིག་བལྟ་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་ལ་འགན་ཁུར་ནས་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་ནས་བོད་རྒྱའི་འབྲེལ་ལམ་ལ་ནུས་པ་ག་རེ་ཐོན་ཡོད་མེད་བཙན་བྱོལ་བོད་མིའི་ལོ་རྒྱུས་དེབ་ཐེར་ནང་འཁོད་པ་ནས་ཤེས་རྟོགས་ཐུབ་རྒྱུ་དང་། རྗེས་ལོའི་སྲིད་སྤྱི་གསར་པ་ཚོའི་ལས་འགན་ཆེ་ཤོས་དེ་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐུབ་པའི་འགན་ཁུར་བཞེས་ནས་དབུ་མའི་ལམ་གྱིས་སྲིད་ཇུས་བརྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་དང་མཉམ་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བྱས་ནས་བོད་རྒྱའི་དཀའ་སྙོགས་དེ་༸གོང་ས་མཆོག་གི་སྐུ་དུས་འདིར་སེལ་ཐུབ་པའི་འགན་ཁུར་བཞེས་དགོས་པ་ལས་ཁ་དམག་ལ་འགན་ཁུར་ནས་དུས་ཚོད་ནམ་ཡང་འཕྲོ་རླག་གཏོང་མི་ཉན་པ་བཅས་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ནི་བོད་མི་རིགས་གསོན་གནས་ཐུབ་པའི་བླ་སྲོག་ངོ་མ་དེ་ཡིན་ན་སྲིད་སྤྱིའི་འོས་མི་ལ་བཞེངས་མཁན་དང་རྒྱབ་སྐྱོར་གནང་མཁན་ཚོའི་དགོང་པར་ངེས་པར་དུ་འཇོག་གནང་ཡོང་བའི་འབོད་བསྐུལ་དང་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་སྔར་ལས་བསྲ་བརྟན་དང་རྒྱུན་གནས་དམ་གཙང་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་ཏེ་རེ་ཞིག་འདིར་འཇུག་བསྡུས་པའོ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༡ ཚེས་ ༢༣ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post:  གང་བྱུང་ངག་གི་འགྱུར་ཁུགས།
Next Post: མི་མང་གིས་མཁྱེན་དགོས་པའི་གནད་དོན་གཉིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme