Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག

Posted on 2021-04-10 By ཁ་བརྡ 7 Comments on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག

ནམ་མཁའ།

ཕྲན་གྱིས་རྒྱུན་ཏུ་བཤད་བཞིན་པའི་གྲོས་ཚོགས་ར་བ་ནི། གད་སྙིགས་ར་བ་ཞིག་རེད་ཟེར་བ་ལྟར། གྲོས་ཚོགས་ར་བའི་ནང་གཙང་ཕྱགས་བྱེད་རན་ཡོད་པ་མ་ཟད། འཕྱི་དྲགས་པའི་སྐྱོན་འདུག་སྙམ། འོ་ན་གཙང་ཕྱགས་བྱེད་མཁན་དེ་སུ་ཡིན་ནམ་ཅེས་དྲི་བ་ཞིག་རང་བཞིན་གྱིས་སླེབས་ངེས་ཡིན། དེ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་འོས་ཤོག་འཕེན་མཁན་ཚོ་ཡིན་ལ། ལྷག་པར་དུ་ཡང་ཆོལ་གསུམ་ཆིག་སྒྲིལ་དང་དྲང་བདེན་ལ་དགའ་བའི་བཙན་བྱོལ་བོད་མི་ཚོ་ཡིན།

ང་ཚོ་ཆ་ཚང་གིས་ཆོལ་གསུམ་ཆིག་སྒྲིལ་དང་དྲང་བདེན་གྱི་ལམ་ཁར་བསྐྱོད་དགོས་ཞེས་མ་ཎི་བཞིན་བགྲངས་ན་ཡང་། ད་ཐེངས་ཡང་བསྐྱར་སྐབས་བཅུ་

བའི་གྲོས་འཐུས་རྒྱུན་ལས་དང་། ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གཏོང་བར་རྒྱབ་སྐྱོར་བྱེད་མཁན་གྱི་གྲོས་འཐུས་རྣམས་གྲོས་ཚོགས་ནང་སླེབས་ཚེ། ཡང་བསྐྱར་ལོ་ལྔའི་རིང་ཆོལ་གསུམ་ཆིག་སྒྲིལ་གྱི་རྩ་བ་གཏོར་བཤིགས་གཏོང་རྒྱུ་ཐེ་ཚོམ་མེད་པ་ཞིག་རེད། དཔེར་ན། ལོ་ངོ་བཅུའི་རིང་བོད་དོན་མ་གླེང་བར་ཆོལ་ཁའི་འཐེན་འཁྱེར་བྱས་ཏེ། ཆོལ་གསུམ་ཆིག་སྒྲིལ་ནི་གྱང་ངོས་སུ་སྲན་ཕུང་གཏོར་བ་ལྟར་གྱུར་བ། འགྲེལ་བཤད་བྱེད་རྒྱག་མི་དགོས་བར་མིག་མཐོང་ལག་ཟིན་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་མི་ཤེས་བའི་ཁྲིམས་བཟོ་ལྷན་ཁང་དང་། རྒྱ་ནག་དམར་ཤོག་བཞིན་དབང་ཆ་བཀོལ་སྤྱོད་བྱེད་མཁན་གྱི་ཚོགས་གཙོ་ཞིག་ང་ཚོ་ལ་དགོས་དོན་མི་འདུག་པས། གྲོས་ཚོགས་ནང་གི་གད་སྙིགས་རྣམས་གཙང་ཕྱགས་བྱེད་མིན་ནི། ད་ཐེངས་ཀྱི་དངོས་གཞིའི་འོས་ཤོག་འཕེན་མཁན་ཚོར་རེག་ལས་སྟབས། ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་གཙང་མ་ཞིག་བྱེད་དགོས་སྟབས། སོ་སོའི་ལུང་ཚན་དང་ངོ་ཤེས་གྲོགས་པོ་ཡིན་མིན་ལ་མི་བལྟ་བར། བོད་སྤྱི་བའི་དོན་ལ་ཐུགས་བསམ་ཆེ་བཞེས་ཀྱིས་འོས་འཕེན་པར་འབོད་སྐུལ་ཞུ་བཞིན་ཡོད། དྲ་ལམ་རུ་མཐོང་བ་ལྟར་ན། གྲོས་འཐུས་ཁ་ཤས་ཀྱིས་དགོངས་སེལ་ཞུ་བཞིན་པའི་ཡི་གེ་རེ་མཐོང་མོད། འོན་ཀྱང་མི་འདི་དག་ནི་ཡིད་ཆེས་མེད་པའི་མི་ཁྲམ་པ་གཡོ་ཅན་རྐྱང་དུ་མཐོང་སོང་བ་ལས། དྲང་བདེན་ཞིག་ཏུ་ནམ་ཡང་མཐོང་མ་སོང་།  ཁྱེད་ཚོ་དེ་འདྲའི་དྲང་བདེན་ལ་དགའ་མཁན་ཞིག་ཡིན་ན། གྲོས་འཐུས་རྒྱུན་ལས་ཚོས་གྲོས་གཞི་བཏོན་དུས། དགག་བྱ་མི་བྱེད་པར་རྒྱབ་སྐྱོར་བྱེད་དོན་ཅི་རེད། ཁྱེད་རང་ཚོས་སྐབས་དེར་ཆང་འཐུང་སྟེ་ར་བཟི་བ་ཡིན་ནམ།  འདི་འདྲའི་བྱེད་སྟངས་ནི་གཡོ་ཅན་ཁྲམ་པའི་བྱེད་སྟངས་ཁོ་ན་ཡིན་སྟབས། བཙན་བྱོལ་སྤྱི་ཚོགས་ཀྱི་བཅའ་ཁྲིམས་གཏོར་བཤིགས་གཏོང་མཁན་དང་། བཙན་བྱོལ་བོད་མིའི་ནང་དཀྲུགས་ཤིང་རྒྱབ་སྟེ། ཆོལ་གསུམ་ཆིག་སྒྲིལ་གཏོར་མཁན་ཞིག་ཡིན་ཚེ། ཕ་ཡུལ་གཅིག་པ་དང་གྲོགས་པོ་ཡིན་མིན་ལ་ནམ་ཡང་བལྟ་འདོད་མེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ཡིན།

སྤྱིར་བཏང་ཆོས་བརྒྱུད་ཁག་གི་འཐུས་མི་གྲོས་ཚོགས་ར་བའི་ནང་དགོས་དོན་མི་འདུག་མོད། འོན་ཀྱང་ངེས་བར་དུ་དགོས་ཀྱི་ཡོད་ན། ཇོ་ནང་གི་འཐུས་མི་དང་བོད་རིགས་ཁ་ཆེ་ཚོའི་འཐུས་མི་ཡང་ངེས་བར་དུ་དགོས་པས། ང་ཚོའི་བཙན་བྱོལ་བོད་མི་ཚོས་འདིའི་ཕྱོགས་ལ་ཐུགས་བསམ་བཞེས་དགོས་ཀྱི་འདུག་སྙམ། གདན་ས་ཁག་གི་དགེ་ལུགས་སྤྱི་འཐུས་འོས་འདེམས་དུས། ངེས་བར་དུ་ཐུགས་བསམ་བཞེས་ཏེ་གཞུང་བཀའ་པོད་ལྔ་སྦྱངས་སྟེ། སེམས་རྒྱུད་ལ་ཆོས་ཀྱི་དྲི་མ་ཡོད་མཁན་ཞིག་འདེམས་དགོས་པ་གལ་ཆེན་རེད། དེ་མིན་དེང་སང་དགེ་ལུགས་སྤྱི་འཐུས་དང་བཀའ་རྒྱུད་སྤྱི་འཐུས་དེ་མ་ཡིན་པའི་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚང་མ། ཅི་འདྲ་ཞིག་རེད་ཟེར་ན། ཁྱིམ་པས་སུན་འབྱིན་པའི་ལས་བསགས་མཁན་རྐྱང་སླེབས་ཡོད་པ་ལས། བསོད་ནམས་བསགས་པའི་ཞིང་ས་ལྟ་བུའི་དགེ་འདུན་པ་གཅིག་ཀྱང་སླེབས་མེད་པས།  སོ་སོའི་དགོན་སྡེ་ཁག་ནས་ཐུགས་བསམ་རྒྱ་ཆེར་བཞེས་རྒྱུ་གལ་ཆེན་དུ་མཐོང་།

སྤྱི་འཐུས་ཚོའི་ཤེས་ཚད་དང་སྤུས་ཚད་ཡག་རུ་གཏོང་རྒྱུ་གལ་ཆེན་ཞིག་རེད། དེ་ཡང་ད་ཐེངས་ཀྱི་དངོས་གཞིའི་འོས་བསྡུའི་སྐབས། གྲོས་ཚོགས་ནང་གི་འཐུས་མི་རྙིང་པ་གད་སྙིགས་ཚང་མ་གཅིག་ཀྱང་མ་ལུས་བར་གཙང་ཕྱགས་བྱས་ཏེ། སྤྱི་འཐུས་གད་སྙིགས་དེ་ཚོ་གངས་སྐྱིད་ཀྱི་གད་སྙིགས་བླུགས་སའི་ལྕགས་སྣོད་ཆེན་པོ་དེའི་ནང་བླུགས་ཏེ། སོ་སོའི་སྡོད་གནས་སུ་བསྐྱལ་ན་ལེགས་པར་སྙམ། སྤྱི་འཐུས་གསར་པ་སླེབས་མཁན་ཚོ་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་མཁས་བའི་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་གིས་ཟླ་གཅིག་རིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟབ་སྦྱོང་སྤྲད་དེ་མཐར་ཡིག་ཚད་བཏང་ནས། ཡིག་ཚད་ལོན་པ་རྣམས་ཐེངས་རྗེས་མའི་སྤྱི་འཐུས་སུ་བཞེངས་ཆོག་ལ། ཡིག་ཚད་མ་ལོན་པ་རྣམས་ཐེངས་རྗེས་མའི་སྤྱི་འཐུས་སུ་བཞེངས་མི་ཆོག་པའི་ཁྲིམས་གཞི་ཞིག་གཏན་འབེབ་བྱེད་དགོས་ཀྱི་འདུག   དེ་མིན་ཕྱིའི་གཟུགས་བརྙན་བཙུན་པ་ཡིན་ཡང་། དོན་ངོ་མར་གདན་ས་ཁག་གི་གཞུང་ལུགས་དང་ཕྱོགས་གང་ཐད་ནས་རྗེས་ལུས་ཅན་གྱི་གྲྭ་བ་གད་སྙིགས་ཅན་དང་། དེ་མིན་སྐྱ་བོའི་སྤྱི་ཚོགས་ནང་ཡང་ཅི་ཡང་མི་ཤེས་བའི་སྲང་ལམ་རུ་འཁྱམས་ཉུལ་རྒྱག་མཁན་གྱི་གད་སྙིགས་དག་སླེབས་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཤོག་ལྷེ་གཅིག་ཀྱང་ཀློག་མ་མྱོང་མཁན་ཚོས་བྱེད་སྟངས་ནི།  ད་ཐེངས་ཀྱི་ཚོགས་ཐེངས་འདིའི་ནང་ར་སྤྲོད་བྱུང་བ་ལྟར་རེད། ད་རུང་ཁོང་ཚོ་ཁྲིམས་བཟོ་ལྷན་ཁང་ཡིན་ཟེར་གྱི་ཡོད་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞིབ་ཀློག་ཙམ་མ་བྱས་བར་དབང་ཤུགས་བཀོལ་སྤྱོད་ཀྱིས་ཁྲིམས་འགལ་བྱེད་ཀྱི་ཡོད་པ་ཡང་ཤེས་ཀྱི་མེད། འདི་འདྲའི་ཁྲིམས་བཟོ་ལྷན་ཁང་ཞིག་བཙན་བྱོལ་སྤྱི་ཚོགས་ནང་མ་གཏོགས་རྒྱལ་ཁབ་གཞན་ཚོའི་ནང་ཨེ་ཡོད་སྙམ། ཁྲིམས་བཟོ་ལྷན་ཁང་གིས་བཟོས་བའི་བཅའ་ཁྲིམས་བཟོ་མཁན་ཁོ་རང་ཚོས་མི་ཤེས་ན། ཤེས་མཁན་དེ་སུ་ཞིག་ཁྲིད་ཡོང་གི་ཡིན་ནམ།འདི་འདྲའི་རྐྱེན་གྱིས་སྤྱི་འཐུས་གསར་པ་ཚོར་མཁས་དབང་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་གིས་ཟླ་གཅིག་རིང་། བཅའ་ཁྲིམས་ཀྱི་ཟབ་སྦྱོང་སྤྲད་དེའི་རྗེས་ནས་བཅའ་ཁྲིམས་ཀྱི་ཡིག་ཚད་བཏང་སྟེ། ཡིག་ཚད་ལོན་པ་རྣམས་ཡང་བསྐྱར་སྤྱི་འཐུས་སུ་བཞེངས་ཆོག་ལ། ཡིག་ཚད་མ་ལོན་པ་རྣམས་ཡང་བསྐྱར་སྤྱི་འཐུས་སུ་བཞེངས་མི་ཆོག་པའི་ཁྲིམས་གཞི་ཞིག་གཏན་འབེབ་བྱེད་མ་ཐུབ་ཚེ། སེར་སྐྱ་གཉིས་ཀྱི་ནང་གི་གད་སྙིགས་ཅན་མང་པོ་གྲོས་ཚོགས་ནང་ཡོང་སྟེ། ཆོལ་ཁའི་འཐེན་ཁྱེར་དང་དོན་མེད་ཀྱི་ར་བཟི་ལྟར་རྙོག་གླེང་བཤད་ས་ལྟ་བུ་ཞིག་ཏུ་འགྱུར་བཞིན་པ་ཡོད་པ་ང་ཚོས་མཐོང་གསལ་རེད། 8/4/2021ལ་ཡོ་རུབ་ནས་ནམ་མཁས་བྲིས།

བསམ་ཚུལ།

Post navigation

Previous Post: བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
Next Post: ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 9

Comments (7) on “ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག”

  1. རིན་ཆེན says:
    2021-04-11 at 5:38 am

    མི་ལ་སྐྱོན་བརྗོད་ཁོ་ན་ལས་བསམ་ཚུལ་གསར་བ་འདི་ལྟར་སྤྱི་འཐུས་གསར་པ་ཚོར་བཅའ་ཁྲིམས་ཀྱི་ཟབ་སྦྱོང་སྤྲད་རྗེས-།ཡིག་རྒྱུགས་ལངས་ནས་ཡིག་ཚད་ལོན་པ་རྣམས་སྤྱི་འཐུས་ལ་ཡང་བསྐྱར་བཞེངས་ཆོག་པ་དང་།ཡིག་ཚད་མ་ལོན་པ་བོ་ཡང་བསྐྱར་སྤྱི་འཐུས་སུ་བཞེངས་མི་ཆོག་པའི་སྒྲིག་ཁྲིམས་ཞིག་བཟོ་ཡ་གལ་ཆེན་རེད། བསམ་ཚུལ་འདི་ཡག་པོ་མ་ཟད་གསར་པ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2021-04-11 at 9:04 pm

    བཅའ་ཁྲིམས་ནོར་བུ་མ་ནོར་ལམ་སྟོན་ལ་།
    འགན་ཁུར་ཐུབ་པའི་སྤྱི་འཐུས་གྲོས་ཚོགས་དགོས་།
    སྤྱི་འཐུས་གསར་མཇལ་དམ་བཅའ་ཕུལ་བ་ནས་།
    མཆོག་གསུམ་དཔང་བཙུགས་མ་བརྗེད་ཐུགས་ལ་བཞོག་།

  3. པ་རྡོ་རེ། says:
    2021-04-12 at 5:47 am

    བདེན་ནོ།། བོད་མི་བསམ་ཡོད་རྣམས་ཀྱིས་སོམས་ཤིག དེ་མིན་ཕྱིས་དྲགས་པའི་ཉེན་ཁ་ཡོད། གོང་གི་བསམ་ཚུལ་ཧ་ཅང་བཟང། འདྲ་པར་ནང་གི་སྤྱི་འཐུས་དེ་རྣམས་ལ་ལྟོས་དང་། འགའ་རེས་ལོ་ངོ་བཅུ་ཕྲག་མང་པོས་དཀའ་ལས་བརྒྱབ་སྟེ་རང་ཉིད་ཀྱི་མིང་དང་སྤྱི་ཚོགས་ལ་ཞབས་ཕྱི་གང་ཙམ་ཞུས་ཡོད། ད་རེས་བྱེད་སྟངས་ཐ་ཤལ་གཅིག་གིས་དེ་རྣམས་ཆུའི་ནང་གཡུགས་པ་རེད། དེའི་ནང་གཞོན་སྐྱེས་ཀྱང་གང་ཙམ་ཡོད་མོད། དེ་རྣམས་ཀྱི་བསམ་ཚུལ་ཡང་དེ་ལྟར་ཡིན་ན། ཐབས་སྐྱོ། རང་ཉིད་ལ་༸གོང་ས་མཆོག་གི་བཀྲིན་ལས་ཤེས་ཡོན་ཞིག་ཐོབ་ཡོད་པས། དེ་ཡིས་གོ་མ་ཆོད་པར་ཧོལ་རྒྱུགས་སུ་སོང་སྟེ་རང་གཞན་ཚང་མའི་ཞབས་འདྲེན་ཞུས་པ་རེད།

    ལར་ནས་བོད་མིའི་སྤྱི་འཐུས་སུ་སླེབས་སྐབས། མི་མང་གི་བསམ་ཚུལ་ལ་གོ་རྟོགས་ཚོར་ཤུགས་རྩ་བ་ནས་མ་གནང་བར་རང་ཉིད་ཀྱི་ཀླད་ཆུང་གི་བསམ་ཚུལ་ཁོ་ནར་བརྟེན་ནས་སྐད་ཆ་འཆད་བཞིན་ཡོད་པ་ཧ་ཅང་གི་མ་རབས་ཡིན། གྲོས་ཚོགས་སུ་སྤྱི་པའི་བསམ་བློ་འཁྱེར་ནས་ཡོང་དགོས་པ་མ་གཏོགས་སྒེར་གྱི་དྲི་མ་ཅན་གྱི་བསམ་བློ་ཡོང་མི་ཆོག ཧ་ཅང་གི་ཐབས་སྐྱོ། མ་རབས་ཐ་ཤལ་གྱི་ལས་ཡིན།

    གོང་གི་འདྲ་པར་ནང་ལ་ལྟོས་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ན་བཟའ་མཆོད་དེ་བདུད་དགའ་རབ་དབང་ཕྱུག་གི་རྣམ་ཐར་སྐྱོང་མཁན་ཚོ། ངོ་ཚ། ཆོས་དང་འཇིག་རྟེན་གྱི་ཁྱད་པར་ཡང་མི་ཤེས་པའི་ལྟོ་གོས་ཀྱི་ཆེད་དུ་གྲྭ་ཆས་གྱོན། སྐད་ཆ་ཤོད་སྟངས་ནས་བསམ་བློ་གཏོང་སྟངས་ཀྱི་བར་དུ་མ་རབས་དང་བསམ་ངན་བྲོ། ཁྱེད་རྣམས་ཀྱི་བོད་མིའི་འགོ་འཁྲིད་གནང་གི་ཡོད་ཟེར་ན། ངོ་ཚ། བལྟ་རྒྱུ་གཞུང་ཆེན་བཀའ་པོད་དང་ཤོད་རྒྱུ་ལས་རྒྱུ་འབྲས་བཤད། བྱེད་སྟངས་སུ་དེ་དག་གི་གྲིབ་མ་ཙམ་ཡང་མེད། གྲྭ་རིགས་ཁྱི་རྒན་ཁྱེད་རྣམས་སངས་རྒྱས་ཀྱི་ན་བཟའ་ལའང་ངོ་ཚ། འོན་ཀྱང་། ལས་རྒྱུ་འབྲས་ཀྱིས་འཕྱུགས་མ་ཡོང་ངོ་གྲྭ་རྒན་ཚོ། ཁ་ནས་ཁྲག་བསྐྱུགས་པའམ་ནད་ན་ཚ་ངོས་མ་ཟིན་པ་ཞིག་གིས་ན་ནས་ཤི་རྒྱུ་ཡིན་པ་ཁྱེད་རྣམས་ནས་ཤེས་དགོས། ད་དུང་ཡང་འགྱོད་བཤགས་དང་རང་ཉིད་ཀྱི་ཀུན་སྤྱོད་བཟང་དུ་གཏོང་བ་ཡིན་ན་འཆི་ཁར་ཕན་ཡོང། དེ་མིན་དབུགས་ཆད་པ་དང་ཐད་ཀར་ཚ་གྲང་གི་ཁམས་སུ་སྐྱེ་རྒྱུ་ཡིན་པ་གདོན་མི་ཟའོ།

    ད་ཚོགས་ལ་ཉེ་བའི་གྲོས་ཚོགས་ལ་ངོ་ཚོས་བལྟ་ནས་བསྡད། སེམས་ལ་བོད་མི་རིགས་དང་༸གོང་ས་མཆོག་ལ་དད་གུས་ཡོད་ན། རང་ཉིད་ཀྱི་བསམ་སྤྱོད་ཡར་རྒྱས་ཐོངས། དེ་ལྟར་མ་ཡིན་ན། མི་རྟག་པ་ཡིན་པས་འགྲོ་ས་རྩ་བ་ནས་མེད་དོ།།

  4. Sonam says:
    2021-04-12 at 3:32 pm

    ནམ་མཁའ་ནི་དར་ནག་ཚོགས་པ་རེད་འདུག་ག

  5. namgyal says:
    2021-04-14 at 5:02 am

    You are Red flag group. you are more dangerous

  6. རིན་ཆེན says:
    2021-04-14 at 10:31 am

    བསོད་ནམས་དང་རྣམ་རྒྱལ་ཟེར་བ་གཉིས་ཀྱིས་དྲང་བདེན་ཟེར་བ་ནི་ཅི་ཞིག་ཡིན་པ་ཤེས་ཀྱི་མེད་པ་འདྲ། དྲང་བདེན་ནི་ཁྱེད་རང་ཚོ་ལྟ་བུ་ཡི་བསལ་བློའི་ལྡོག་ཕྱོགས་ལ་ཟེར། གལ་སྲིད་ཧ་མི་གོ་ན་སློབ་སྦྱོང་བྱོས།

  7. བུ་ཆུང་ཚེ་རིང་། says:
    2021-04-23 at 7:09 am

    Sonam དར་དམར་ཚོགས་པ་མིན་ན་དར་ཚོགས་པ་ཡིན་ན་གཟི་བརྗིད་རེད། དར་ནག་ནི་ནང་པ་སངས་རྒྱས་པ་དག་གིས་ཞིང་བཅུ་ཚང་བའི་དགྲ་བོར་དམོད་མོ་བྱེད་སྟངས་ཤིག་རེད། དཔེར་ན་དགྲ་བོར་གཏོར་རྒྱག་པ་དང་། དམོད་མོར་བྱེད་སྐབས་རྡོ་རྗེ་སློབ་དཔོན་དག་གིས་དར་ནག་གཡུག་པར་བྱེད། བོད་པའི་མི་སྐྱའི་སྤྱི་ཚོགས་སུ་དར་ཚོགས་པ་དབུ་མཉེས་པ་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་དང་ཟུར་ཟ་ཡང་ཡང་བྱེད་མཁན་བཀའ་སྤྱི་བསྟན་པ་ཡར་འཕེལ་ལ་གཡུག་ནས་བཟུང་དབུ་བརྙེས། ངོ་མ་ཚོགས་པ་དེ་ལ་ཡི་རང་དང་གུས་བཀུར་ཞུ་འོས་པ་རེད། མ་འོངས་པའང་སྤྱོད་ངན་བསྟན་དགྲ་དག་ལ་ངེས་པར་དུ་གཡུག་དགོས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme