Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོལ་ཁ་དང་ལུང་ཚན་ཚོགས་སྐྱིད་སོགས་ཀྱི་མིང་གིས་འོག་ནས་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་ཉམས་ཆགས་ནམ་ཡང་གཏོང་མི་ཉན།

Posted on 2024-12-03 By ཁ་བརྡ་ No Comments on ཆོལ་ཁ་དང་ལུང་ཚན་ཚོགས་སྐྱིད་སོགས་ཀྱི་མིང་གིས་འོག་ནས་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་ཉམས་ཆགས་ནམ་ཡང་གཏོང་མི་ཉན།

གཞུང་པ་ཚེ་དབང་བསོད་ནམས།

སྤྱི་ལོ་ ༡༩༥༩ ལོར་རྒྱ་མིའི་བོད་བཙན་བཟུང་བྱས་ནས་༧ གོང་ས་མཆོག་གི་དབུ་ཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་ཞི་བའི་མི་མང་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་མ་ཐག་སྤྱི་ལོ་ ༡༩༦༠ སྤྱི་ཟླ་བ ༢ པའི་ཚེས་ ༣ དང་ས་ཕག་ཟླ་བ་ ༡༢ པའི་ཚེས་ ༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ལ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚང་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ། ༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་མདུན་སྐྱོད་བྱ་རྒྱུའི་དམ་བཅའ་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས། ༧ གོང་ས་མཆོག་གིས་རླབས་ཆེན་གྱི་མཛད་འཕྲིན་འོག་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐུ་ཚབ་འདུ་བསྐོང་གིས་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་སྒྲིག་འཛུགས་བཙུགས་ནས་བཙན་བྱོལ་སྤྱི་ཚོགས་འདི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བཞིན་པའི་སྐབས་འདིར་སྤྱི་འཐུས་སྐབས་བཅུ་དྲུག་དང་། བཀའ་ཤག་སྐབས་བཅོ་ལྔ་གཉིས་ཀྱིས་ལས་དུས་སུ་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བའི་འོག་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བ་ནས་བཙན་བྱོལ་སྤྱི་ཚོགས་ནང་ཕྱོགས་གཏོགས་ཆབ་སྲིད་ལ་འགན་འཁུར་ནས་ཆོལ་ཁ་དང་། ལུང་ཚན། ཚོགས་སྐྱིད་སོགས་ཀྱི་མིང་གི་འོག་སྤྱི་ཚོགས་དྲ་རྒྱ་ངོ་དེབ་དང་སྙན་འཕྲིན་སོགས་བེད་སྤྱད་ནས་བོད་མི་ནང་ཁུལ་ལ་ཟུར་ཟའི་ཚིག་ངན་བེད་སྤྱོད་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་ལ་ཉམས་ཆགས་གཏོང་རྒྱུ་དང་བོད་མི་ནང་ཁུལ་ལ་བསམ་བློའི་འགལ་ཟླ་བཟོ་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་དང་མི་མང་བར་ཡིད་ཆེས་འགྱངས་ཐག་རིང་དུ་གཏོང་ཐབས་སོགས་དགྲ་དགའ་གཉེན་སྡུག་གིས་བྱེད་བབས་འདིའི་ང་ཚོའི་དམིགས་ཡུལ་བོད་དོན་བདེན་མཐའ་སེལ་ཐབས་ལ་ཕན་རྒྱུའི་ཚབ་ལ་གནོད་སྐྱོན་འགྲོ་སྲིད་པ་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་ལ་སོང་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་ཆོལ་ཁ་དང་། ལུང་ཚན། ཚོགས་སྐྱིད་སོགས་དང་མི་སྒེར་བཅས་ནས་༧ གོང་ས་མཆོག་གིས་ཆོས་སྲིད་ཀྱི་བླངས་དོར་ལམ་སྟོན་བཀའ་སློབ་གང་ཕེབས་པ་རྣམས་ལ་སློབ་སྦྱོང་བྱས་ནས་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བོད་དོན་བདེན་མཐའ་སེལ་ཐབས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལམ་སྟོན་འོག་ཆོལ་གསུམ་བོད་རིགས་མི་མང་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་བྱས་ནས་མདུན་སྐྱོད་བྱ་དགོས་པ་དེ་ད་ལྟའི་ང་ཚོ་བོད་མི་རིགས་ཀྱིས་ལས་དབང་དུ་འཕྲད་པའི་དཀའ་ངལ་སེལ་ཐུབ་པའི་འགན་འཁུར་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོ་སྤྲོད་ཡང་ཞུ་འདོད་བྱུང་ལ་ང་ཚོ་ནི་ས་ཆ་ལག་ཐིལ་ཙམ་ཡང་མེད་པའི་མི་རིགས་ཞིག་མིའི་ལུང་པའི་ནང་སྐྱབས་བཅོལ་ནས་སྡོད་རྒྱུ་བྱུང་བ་འདི་ཡང་གསལ་པོར་བཤད་ན་༧ གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཁོ་ནར་བྱུང་བ་ནི་སྤྱི་ལོ་ ༡༩༥༩ ལོར་ཀ་རྡོར་སྒང་གསུམ་ཁུལ་དུ་དེ་སྔོན་ནས་འབྱོར་བའི་བོད་མི་ཚོ་ཡང་ཕར་བོད་ལ་སློག་རྒྱུའི་རྒྱ་གར་གཞུང་གི་སྐད་ཆ་འགྲོ་བཞིན་པའི་སྐབས་༧ གོང་ས་མཆོག་བོད་ནས་རྒྱ་གར་ས་མཚམས་ཆུ་དངས་མོར་༧ཞབས་སོར་འཁོད་པའི་གནས་ཚུལ་དབྱིན་ཇིའི་གསར་འགྱུར་སྦི་སྦི་སི་ནས་གསལ་བསྒྲགས་གནང་སྐབས་བོད་མི་བོད་ལ་སློག་རྒྱུའི་སྐད་ཆ་དེ་ཡང་གཞི་ནས་ཡལ་ནས་ང་ཚོ་རྒྱ་བལ་འབྲུག་གསུམ་ནང་གཞིས་ཆགས་ནས་ཡུལ་མི་དང་འདྲ་མཉམ་གྱིས་ཐོབ་ཐང་ས་ཞིང་འདེབས་ལས་དང་ཚོང་ལས་སོགས་ཕ་ཡུལ་གཉིས་པ་ལྟབུ་བྱས་ནས་མི་ཡུལ་དུ་རང་དབང་གི་ཐོག་ནས་བདེ་སྐྱིད་ཀྱིས་འཚོ་བ་གཉེར་རྒྱུ་དང་། ཨ་རིས་མཚོན་པའི་ནུབ་ཕྱོགས་ཡར་ཐོན་ལུང་པའི་ནང་བོད་མི་བཙན་བྱོལ་བ་ལུང་པ་དེ་དག་གི་མི་ཁུངས་ལག་ཁྱེར་བླངས་ནས་སྒེར་གྱི་འཚོ་བ་ལ་རྒྱས་སྤྲོས་བྱ་རྒྱུ་དང་། ཆབ་སྲིད་བརྩོན་པའི་མིང་གི་འོག་ཏུ་ཨོ་གླིང་ལ་གནས་སྤོས་བྱ་རྒྱུ་དེ་ཚོ་ཚང་མ་༧ གོང་ས་མཆོག་གིས་རླབས་ཆེན་གྱི་མཛད་འཕྲིན་ཁོ་ནའི་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་སྲིད་བྱུས་འོག་ནས་བྱུང་བ་ནས་ང་ཚོ་བོད་མི་ཆེ་འབྲིང་ཆུང་གསུམ་ཚང་མས་ཚེ་འདི་དང་ཕྱི་མ། ལས་རྒྱུ་དང་འབྲས་བུ་ཁས་ལེན་མཁན་ཚོའི་ངེས་པར་དུ་ཤེས་པའི་ཐོག་ནས་ང་ཚོ་རང་བཙན་ཡོད་པའི་མི་རིགས་ལ་དཔེ་བླངས་ནས་སྤྱི་ཚོགས་དྲ་རྒྱ། ༼ Social Media ༽ དང་ངོ་དེབ། ༼ Face Book ༽ སྙན་ཐུང་། ༼ YouTube ༽ སོགས་བཟོས་ནས་ཁ་དམག་རྒྱག་རྒྱུ་དང་རང་མིང་བསྒྲགས་ཐབས་སུ་མཐོ་ཙམ་དམའ་ཙམ་དང་བདེན་ལ་མི་བདེན་པའི་སྤྱི་ཚོགས་འཁྲུགས་རྒྱུའི་གནས་ཚུལ་རིགས་དུས་ནམ་ཡང་སྤེལ་མི་ཉན་པའི་ཁ་བརྡ་སློབ་གསོ་ཞུ་འདོད་བྱུང་།

གསུང་བཤད།, བསམ་ཚུལ།

Post navigation

Previous Post: ཀ་བཤད་དོན་ལ་འཇུག་པ།
Next Post: དམངས་གཙོའི་ལམ་ལུགས་མདུན་དུ་བསྐྱོད་པར་སྐུལ་འདེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme