Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོག་ཤེས།

Posted on 2011-06-28 By ཁ་བརྡ་ 2 Comments on ཆོག་ཤེས།

སེར་ཤུལ་རིན་ཆེན་དོན་གྲུབ།

ཡང་སྙིང་འགྲོ་བ་མི་རྣམས་ཀྱིས་ཅི་ཞིག་འཚོལ་བཞིན་ཡོད་དམ། ཡང་སྙིང་འགྲོ་བ་མི་རྣམས་ལ་ཅི་ཞིག་དགོས་ཀྱི་ཡོད་དམ། དྲི་ལན་འདི་འཚོལ་ཞིབ་ཀྱི་ནང་དུ་ངེས་པར་དུ་ཤེས་དགོས་པ་ཞིག་ནི་མི་སོ་སོའི་བསམ་བློ་དང་། ཀུན་སྤྱོད། རང་གཤིས། དགའ་ཕྱོགས། བདེ་བའི་ངོ་བོ་ངོས་འཛིན་བྱེད་ཕྱོགས་སོགས་མི་མཐུན་པ་འདི་རེད། རྒྱུ་མཚན་དེས་དབང་གིས་འགྲོ་བ་མི་ཐུན་མོང་གི་བདེ་སྐྱིད་ཅིག་ད་བར་སུས་ཀྱང་ངོས་འཛིན་བྱེད་དཀའ་བར་གྱུར་ཡོད། འགའ་ཞིག་ནི་དཔལ་འབྱོར་ལ་དགའ་ཞིང་འབད་བརྩོན་ལ་སྤྲོ། འགའ་ཞིག་ནི་བརྩེ་དུང་ལ་དགའ་ཞིང་སློབ་སྦྱོང་ལ་འབད། འགའ་ཞིག་ནི་སྒྱིད་ལུག་ལ་མོས་ཤིང་འཁྲིག་སྤྱོད་ལ་དགའ། འགའ་ཞིག་ནི་གཉིད་ཀྱི་ཞིང་ཁམས་ལ་དུང་ཞིང་ཆང་གི་བྲོ་བ་ལ་ཆགས། འགའ་ཞིག་ནི་ར་བཟི་ལ་དགའ་ཞིང་རྐུ་འཕྲོག་ལ་གཞོལ། འདིས་ནི་འགྲོ་བ་མི་རྣམས་ཀྱི་སེམས་གཤིས་ཕྲ་མོའི་བྱེད་རྩོལ་གྱི་ནུས་ཤུགས་ལུས་ངག་ཏུ་ཐོན་པའི་རྣམ་འགྱུར་ཞིག་གསལ་སྟོན་བྱས་པ་རེད། མི་ལོ་བརྒྱ་ཕྲག་མང་པོའི་སྔ་རོལ་ནས་འཛམ་གླིང་གི་ཤེས་ལྡན་པ་དང་ཚན་རིག་པ་མང་པོས་རང་རང་གི་རྣམ་པར་དཔྱོད་པའི་རྩལ་ནུས་ལ་གཞིགས་པའི་ཞིབ་འཇུག་བྱས་ཤིང་བསྡོམས་ཚིག་བརྒྱབ་པའི་འགྲོ་བ་མིའི་དགའ་ཕྱོགས་མང་པོ་ཞིག་ལ་ལོ་རབས་ཁ་ཤས་འདས་རྗེས་ཀྱི་དེ་རིང་འགྲོ་བ་མི་རྣམས་སྐྱུག་མེར་ལངས་ཤིང་དགའ་སེམས་ཡལ་ཏེ་རྒྱང་ཕུད་གཏོང་གི་ཡོད། འདིེས་ཞིབ་འཇུག་གི་ཁ་ཕྱོགས་ནོར་བའམ་ཡང་ན་གཏིང་རིང་ཞིང་དངོས་ཡོད་དང་འཚམ་པའི་ཞིབ་འཇུག་ཅིག་ཆགས་ཐུབ་མེད་པའི་མངོན་རྟགས་ངོ་མ་ཞིག་བསྟན་ཡོད། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་ལོ་ཉིས་སྟོང་ལྔ་བརྒྱའི་སྔ་རོལ་ནས་འཇིག་རྟེན་མི་ཆོས་ལ་བསྡོམས་ཚིག་བརྒྱབས་པའི་བྱམས་བརྩེ་དང་། ཞི་བདེ། འཚེ་བ་མེད་པ་སོགས་ཀྱི་དྲོད་ཁོལ་འགྲོ་བ་མིའི་རིགས་ལ་མཁོ་བའི་བསྡོམས་ཚིག་དེར་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཞིབ་འཇུག་བྱས་ནས་སྐྱུག་མེར་ལང་མཁན་གཅིག་ཀྱང་བྱུང་མེད། རྒྱུ་མཚན་འདི་གཉིས་མཚུངས་བསྡུར་རིགས་ལམ་གྱི་བལྟས་ན་སྟོན་མཆོག་ཤཱཀྱ་སེང་གེའི་ཐུགས་སྟོབས་ཀྱི་ལྕི་ཡང་དང་དཔྱོད་ཤེས་ཀྱི་རིག་པའི་རྩལ་ནུས་ཀྱི་ཚད་ཐིག་གང་དུ་སླེབས་ཡོད་མེད་ལ་གོ་བ་གསར་བ་ཞིག་རྙེད་ངེས། རིན་ཐང་སྟོང་གི་དཔལ་ལ་འགྲན་པའི་ཁོང་གི་གསུང་རབ་ཀྱི་བརྗོད་བྱ་གཅིག་ནི་(ཆོག་ཤེས)འདི་ཡིན་ཞིང་འདིས་མཁོ་སྤྲོད་བྱས་པའི་འཚོ་བའི་ཞི་བདེ་ནི་མི་རྣམས་ཀྱི་བདེ་སྐྱིད་མཐར་ཐུག་ཏུ་བརྩི་མྱོང་། དེ་ལྟར་ཡང་ཁམས་མོས་མི་འདྲ་བའི་འདུ་ཤེས་ཀྱི་རྒྱུ་བ་དེས་མི་གང་མང་ཞིག་གིས་འཚོ་བ་ནི་ཆོག་ཤེས་ཀྱིས་ལྷད་མི་རུང་ཞིང་འདོད་རྔམ་དང་འགྲན་བསྡུར་ཁོ་ནས་སྐྱེལ་ན་ད་གཟོད་འཚོ་བའི་རིན་ཐང་དངོས་མ་ཞིག་ལྡན་པར་བཤད། ཆོག་ཤེས་ཀྱི་གོ་དོན་ངོ་མ་མ་རྟོགས་པའི་སྐྱེ་བོ་གང་ཞིག་གི་ཆོག་ཤེས་ཀྱི་འགྲེལ་བཤད་དེས་གནས་ལུགས་ལ་མི་དཔྱོད་པའི་མི་གང་མང་ཞིག་གི་སེམས་སུ་འདག་ཐབས་དཀའ་བའི་བག་ཆགས་ཀྱི་དྲེག་རྩི་བྱུག་ཡོད། དོན་ངོ་མར་ཁོང་གིས་གསུང་བའི་ཆོག་ཤེས་ནི་སློབ་སྦྱོང་དང་། དཔལ་འབྱོར། རང་དབང་། མདུན་སྐྱོད་སོགས་ཀྱི་ཚད་གཞི་ཆུང་ཆུང་ཞིག་གིས་ཆོག་པའི་ཆོག་ཤེས་དེ་མ་ཡིན་པར་གཞན་གྱི་བདེ་སྡུག་དང་ཚོར་བ་ལ་ཅི་མི་སྙམ་པར་གཞན་ཁྱད་བསད་ཀྱིས་རང་འདོད་ཁོ་ན་སྒྲུབ་པའི་འདོད་རྔམ་གྱི་ལྡོག་ཟླ་སྟེ་འགྲོ་བ་མིའི་རིགས་སྤྱི་ལ་སེམས་ཁུར་དང་འགན་ཁུར་མེད་པའི་རང་འདོད་ཁོ་ནའི་བྱ་སྤྱོད་ཀྱི་འབྱུང་ཁུངས། རང་ཁོ་ནའི་ཆེད་དུ་ཚད་མེད་པའི་འདོད་རྔམ་ལ་ཚད་ཐིག་འཛིན་པའི་སེམས་ཀྱི་འཛིན་ཕྱོགས་དེ་ཡིན། ཁོང་གིས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་མཁན་ཞིག་དང་རང་ལས་གཞན་ལ་གཅེས་སེམས་ཀྱི་བསམ་ཕྱོགས་འཛིན་མཁན་ཞིག་གི་ངོས་ནས་ཟག་བཅས་ཏེ་རྒྱུ་མི་གཙང་བ་ལས་བྱུང་བའི་སྲིད་པ་འཁོར་བའི་ཆོས་ལ་ཞེན་ཆགས་མི་བྱེད་པར་འདི་དག་ལ་ཆོག་ཤེས་དགོས་གསུང་ཡོད་པ་ལས་འཇིག་རྟེན་པ་ཚོས་རང་ལ་གང་དགོས་པ་དེ་ལ་འབད་བརྩོན་མ་བྱས་པར་སྡོད་གང་དུ་ཡང་གསུང་མེད་པ་མ་ཟད་(ངས་ནི་ཁྱོད་ལ་ཐར་བའི་སྟོན་གྱི།། ཐར་བ་རང་ལ་རག་ལས་ཤེས་པར་བྱོས།།) ཞེས་ཐར་བ་འདོད་མཁན་ཚོས་ཐར་བ་རང་གིས་བསྒྲུབ་དགོས་པའི་ལམ་སྟོན་དེས་འཇིག་རྟེན་འདོད་མཁན་ཚོས་ཀྱང་འཇིག་རྟེན་རང་གིས་བསྒྲུབ་དགོས་པའི་ལམ་སྟོན་གྱི་སྒྲོན་མེ་འཇིག་རྟེན་ཁམས་སུ་འོད་ཀྱིས་སྦར་ཡོད་པ་འདིའོ།།

སྣ་ཚོགས།

Post navigation

Previous Post: ནམ་མཁའི་དབྱིངས་ནས་བཞུར་འོངས་པའི་གདངས་དབྱངས་ཤིག
Next Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Comments (2) on “ཆོག་ཤེས།”

  1. ཤར་མདའ། says:
    2011-06-29 at 2:06 am

    ལེགས་སོ་ཡིན་དང་ཡིན་ལེགས་སོ་ལེགས་སོ།

  2. ཚུབ་དགའ་ནས says:
    2011-07-02 at 7:44 pm

    སྤྱིར་བཏང་ཆོག་ཤེས་ཀྱི་རྩ་བ་བདེན་པ་ལ་ཐུག་ཡོད་སྐད། ལུང་ལས་ཆོག་ཤེས་བདེན་པའི་ཚོད་གཅིག་མ་ཟིན་ན། རྒྱལ་ཁམས་གསེར་དུ་འགྱུར་ཀྱང་ངོམས་དུས་མེད་གསུངས་མོད།
    འོན་ཏང་འཇིགས་རྟེན་རང་ཁ་མ་ལྟ་བུར་མཚོན་ན་ཤིན་ཏུ་སྤང་དཀའ་བའི་བྱ་བ་ཞིག་ཅི་ལྟར་མིན། ཆོག་ཡོད་རྒུ་རང་ཉིད་ཀྱི་འཚོ་བ་དྭངས་མ་དང་ངོ་བོ་དབྱེར་མེད་ཞིག་ཡིན་ཕྱིར་དེའི་བདེན་དོན་རྟོགས་དཀའ་སྟེ། དཔེར་ན་རང་ཁའི་རང་སེམས་ཀྱི་ཆོག་མཐོང་པ་ལ་ལམ་པ་འགྱུར་དགོས་པ་ལྟ་བུའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme