Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆེས་མཐའ་མཇུག་གི་སྲིད་སྟེགས།

Posted on 2011-08-122011-08-12 By ཁ་བརྡ་ 1 Comment on ཆེས་མཐའ་མཇུག་གི་སྲིད་སྟེགས།

dsc01914
གཡུ་དྲུག་དཀར། རྡ་ས།
དབྱར་ཐོག་གཅིག་གི་ཆར་བ་དེ་རིང་འབབ་པ་ཡིན་ནམ། ཆར་བ་ཤག་ཤག་སྟོབས་ཀྱིས་འབབ་གདའ། སྲིད་གསུམ་གྱི་རྔ་སྒྲ་ད་ལྟ་དུས་གཅིག་ཏུ་ལྡིར་བ་ཡིན་ནམ། དེ་རིང་ཟློས་གར་ཚོགས་པའི་རྔ་བོ་ཆེ་དེ་སྔར་ལས་ཆེ་ཞིང་། རྔ་སྒྲ་སྔར་ལས་མཐོ། ཐེངས་འདིར་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་ཞིག་གྲུབ་པ་ཡིན་ནམ། དེ་རིང་ཁྱེད་ཉིད་དགའ་བཞིན་སྤྲོ་བཞིན་ཞབས་ཐང་ལ་རྒྱུག་ཡོང་ནས་བཞུགས་ཁྲི་ལ་མངོན་པར་འཁོད་སོང་།
ད་དུང་མཛད་རིམ་གྱི་དུས་ཚོད་བསྐུམས་པ་ཡིན་ནམ། བལྟས་བལྟས་རིག་རིག་ལ་ཁྱེད་ཉིད་ཆེས་མཐའ་མཇུག་གི་སྲིད་སྟེགས་སུ་ཀྲོང་ངེར་འགྱིང་སོང་། སྐབས་དེར་ཉིད་ཀྱི་གཡས་གཡོན་རྒྱབ་མདུན་ན་ཅི་ཡང་མེད་དམ། ཉི་མ་དཀར་དཀར་ལ་བཀའ་ཁྲི་གསར་རྙིང་གཉིས་དང་ཁྲིམས་ཞིབ་པ་ཆེ་བ། དཔལ་ལྡན་ཚོགས་གཙོ་སོགས་ཕྱི་ནང་གི་སྐུ་མགྲོན་སུ་ཡང་མི་སྣང་བར་རེ་ཞིག་ལ་མུན་པ་འཐིབས་པ་འདྲ་བྱུང་ལ། ཁྱོད་ཁོ་ན་ལ་ཅེར་ནས་སྟོང་ལྷང་ལྷང་གི་གནམ་ས་ཞིག་ལ་ཡར་ལྟ་མར་ལྟ་བྱེད་དུས། དེ་རིང་གི་ཆར་བ་སྟོབས་ཆེན་པོ་འདི་སུ་ཞིག་གི་མིག་ཆུ་ཡིན་པ་གཞི་ནས་རྟོགས་སོང་།
འདི་ལྟར་ང་ཡི་མིག་གིས་མཐོང་ཞིང་སེམས་ཀྱིས་མྱོང་བའི་ཆེས་མཐའ་གཅིག་གི་སྲིད་སྟེགས་སུ། ཉིད་ལ་དགའ་སྤྲོི་ཞིག་འཕེལ་བ་འདྲ་ཨང་། རྒས་ཉམས་ཤོར་བའི་ཞལ་ངོ་སྨུག་ཏེ་འདུག ཉིད་ཀྱིས་གདེང་སྤོབས་ཀྱི་ཕྱག་རྒྱ་ཞིག་བྱེད་པ་འདྲ་ཨང་། གསུང་མཐོན་པོ་ནན་ནན་བཅག་བཅག་གི་གདངས་སུ་གྱེར་སོང་། ཉིད་ལ་ལོ་རྒྱུས་དང་དུས་རབས། མང་གཙོ་གསུམ་གྱི་རྒྱབ་ལྗོངས་བཙན་པ་འདྲ་ཨང་། ཐུགས་རྒྱ་མཚོའི་ཀློང་ནས་རང་ཉིད་བོད་མི་ཞིག་ཡིན་པ་ནམ་ཡང་མི་འདོར་བའི་དམ་བཅའ་གནམ་ལ་ཕུལ་སོང་།
དེས་ན། ཉིད་ཀྱི་ཆེས་མཐའ་མཇུག་གི་སྲིད་སྟེགས་ཀྱི་མཐའ་མཇུག་འདིར། ངས་ཁྱེད་ལ་ཅི་ལྟར་སྐྱེལ་མ་བྱེད་དགོས་སམ། ངས་ཁྱེད་ལ་ཅི་ལྟར་བཀའ་དྲིན་ཞུ་དགོས་སམ།
རྒྱུ་འབྲས་མེད་པའི་ང་ཚོས་ཁྱོད་ཉིད་བྲེལ་བྲེལ་འཚུབ་འཚུབ་ངང་ལག་སྟོང་ལ་ཕྱིར་ལོག་ཕེབས་བཅུག་སོང་ཨང་།

སྙན་ངག

Post navigation

Previous Post: གཏེར་སྒྲོམ་ནང་གི་སྐད་ཆ།
Next Post: སུ་ཇ་བོད་ཁྱིམ་སློབ་གྲྭར་བྱུང་བའི་གནས་ཚུལ་ངོ་མ།

Comment (1) on “ཆེས་མཐའ་མཇུག་གི་སྲིད་སྟེགས།”

  1. ཟླ་བ་ཆོས་འཛོམས། says:
    2011-08-12 at 11:17 pm

    ཅི་ཞིག་ཐོན་ཀྱང་། ཅི་ཞིག་གྲག་ཀྱང་། ཅི་ཞིག་ཡོད་ཀྱང་། ག་ཚོད་འུར་ཡང་། ཁྱོད་ལྟ་བུ་ཞིག གང་ཞིག་ནས་བསླེབ་སྲིད། ཁྱོད་ལྟ་བུ་ཞིག་ས་སྒང་སྒང་འདི་སྟེང་ན་ཁྱོད་གཅིག་བུ་རེད། ཁྱོད་གཅིག་བུས་་་་་་གང་ས་གང་དུ་་ཁྲག་རྒྱུན་གཅིག་པ་ཚོར། དབུགས་རྒྱུན་་་མགོ་བོ་འདེགས་བཞིན། རང་ཉིད་ལ་་་ད་དུང་ཡང་ཁྱོད་ཡོད་པས་་་ནམ་ཞིག་ཁྱོད་མེད་པའི་གཏམ་ངན་ཞིག་ངས་གོ་དགོས་ན་་ང་འདི་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme