Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆེས་ཐོག་མའི་བོད་མིའི་བྱིས་དེབ།

Posted on 2014-09-132014-09-13 By ཁ་བརྡ་ 8 Comments on ཆེས་ཐོག་མའི་བོད་མིའི་བྱིས་དེབ།

བློ་གྲོས་རབ་བརྟན།
 
ཕྲན་ཉེ་ཆར་༼སྐད་ཡིག༽ཟེར་བའི་བྱིས་དེབ་རྩོམ་པ་པོ་དོན་འགྲུབ་ཚེ་རིང་ལགས་དང་ཐུག་པའི་གོ་སྐབས་བྱུང་བ་དང་། སྐབས་དེར་ངས་ཁོང་ལ་ཁོང་གིས་གསར་དུ་བརྩམས་པའི་བྱིས་དེབ་སྐོར་ནས་སྐད་ཆ་སྐོར་ཞིག་དྲིས་ཡོད།

 
དྲི་བ། བྱིས་པ་ཆུང་ཆུང་གི་ཀློག་དེབ་དེ་འདྲ་ཞིག་འབྲི་དགོས་པའི་ཐོག་མའི་བསམ་བློ་འཁོར་སྟངས་ཞིག་གསུང་རོགས།

དོན་འགྲུབ། བོད་ཕྱི་ནང་ཚང་མ་ན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། བདག་གིས་ཀྱང་བོད་ཀྱི་སྐད་ཡིག་གཉིས་སྲུང་སྐྱོབ་བྱེད་རྒྱུ་ནི་ཆེས་གནད་འགག་ཏུ་མཐོང་། དེ་གཉིས་ཀྱི་ནང་ནས་ཀྱང་གོ་རིམ་བསྒྲིགས་ན་དང་པོ་བོད་སྐད་ཤེས་རྒྱུ་དེ་གལ་ཆེན་པོ་རེད། དེས་ན་ང་ཚོའི་བོད་ཕྲུག་ཚོའི་བོད་སྐད་ཤེས་ཐབས་ལ་ཅི་ལྟར་བྱེད་དགོས་བའི་སྐོར་ལ་བསམ་བློ་བཏང་བ་ཡིན།

unnamed

ངས་ཤེས་གསལ་ལྟར་ན། དེ་ལ་དུས་ཚོད་རིན་ཐང་བྲལ་བ་ཞིག་ཡོད་པ་དེ་བོད་པའི་ཕ་མ་ཚོས་སྣང་མེད་དུ་བཞག་ནས་མི་ངོམ་པའི་ངང་ཡལ་གིན་འདུག དེ་ནི་ཕྲུ་གུ་སྐྱེས་ནས་སློབ་གྲྭར་མ་སོང་གི་ལོ་གསུམ་དེ་རེད། ཕྲུ་གུ་ཆུང་ཆུང་དེ་དག་ལ་མཚོན་ན་ཁོང་ཚོའི་ཉིནརེའི་འཚོ་བའི་ནང་ལས་ཀ་གཉིས་ཡོད་པ་ནི་ཕོ་བ་འགྲིང་རྒྱུ་དང་རྩེད་མོ་རྩེ་རྒྱུ་དེ་རེད།
སྐབས་འདིར་ཁོང་ཚོའི་ཀླད་པའི་ནུས་ཤུགས་ཧ་ཅང་ཆེ་ལ་མྱུར་བའི་སྐབས་ཡིན་པས་ཕྱི་དངོས་བོ་མཐའ་དག་སྐབས་འདིར་ངོས་འཛིན་དང་འབྲེལ་ཁོའི་སྐད་ཆ་ཡང་སྐབས་འདིར་ཤོད་མགོ་འཛིན་གྱི་ཡོད། ཁོང་ཚོའི་དུས་ཚོད་མང་ཆེ་བ་རྩེ་མོའི་ངང་འདའ་ལ་རྩེད་ཆས་དང་དཔེ་དེབ། རྩེད་གྲོགས་གང་ཡོད་པ་དེ་དག་ནི་ཁོང་རང་གི་སྐད་ཆ་ཤོད་པའི་རྒྱུ་ཆ་ལྟ་བུ་ཡིན། དུས་སྐབས་འདིར་ཁོང་ཚོའི་བསམ་བློ་དང་མཐུན་པའི་བོད་སྐད་གྱི་དེབ་དང་རྩེད་ཆས་གང་མང་མཁོ་སྤྲོད་བྱེད་རྒྱུ་ནི་གནད་འགག་ཅིག་མཐོང་བས། འདི་ལྟ་བུའི་དཔེ་དེབ་འབྲི་དགོས་བའི་བསམ་བློ་ཐོག་མར་འཁོར་སོང་།

 
དྲི་བ། ཉིད་ལ་བྱིས་པ་ཡོད་དམ། ཡོད་ན་བྱིས་དེབ་དེ་ཉིད་ཀྱི་བྱིས་པ་དང་འབྲེལ་བ་ཡོད་དམ།

དོན་འགྲུབ།
ཡོད། ང་ལ་བྱིས་པ་བུ་མོ་ཞིག་ཡོད། ད་ལྟ་ལོ་གཅིག་དང་ཕྱེད་ཀ་ཡིན། དེབ་འདི་འབྲི་མགོ་བརྩམས་ནས་ལོ་གསུམ་ཙམ་སོང་། དེབ་པར་བསྐྲུན་བྱེད་མ་ཐུབ་པར་ལྷག་ཡོད་པས་སྐབས་དེར་མོ་སྐྱེས་བ་རེད། ངའི་བུ་མོར་མཚོན་ན་ཡང་རང་དབང་གིས་ཡིན་ནམ། ཡང་ན་ལས་དབང་གིས་ཡིན། གང་ལྟར་འཇིག་རྟེན་འདིར་མི་གྲངས་ཐེར་འབུམ་བདུན་དང་མི་རིགས་མི་འདྲ་བ་གང་མང་ཡོད་པའི་ནང་ནས་བོད་མིར་སྐྱེས་པ་རེད། དེ་བཞིན་དུ་མོ་དང་དུས་མཉམ་པའི་བོད་ཕྲུ་གུ་གཞན་པ་ཚོ་ཡང་དེ་བཞིནརེད་།
དེས་ན་བདག་གི་བྱིས་དེབ་འདི་ངའི་ཞི་མོ་གཙོས་བོད་པའི་ཕྲུ་གུ་དེ་དག་ལ་ཆེས་ཐོག་མའི་ལེགས་སྐྱེས་སུ་ཕུལ་བ་ཡིན་ཞེས་བཤད་ན་འདོད་། པར་བསྐྲུན་ཐད་དཀའ་ངལ་འཕྲད་དེ་ད་ལྟ་བར་ལྷག་སོང་རེད། དེའི་བར་དུ་ངའི་རང་ཉིད་ཀྱི་དེབ་རྐང་གཅིག་བཟོས་ནས་བུ་མོར་བེད་སྤྱད་དུ་བཅུག་པ་ཡིན། དེ་བཟོ་ཚུལ་ཡོ་྄ཊྲིབ་དྲ་ལམ་དུའང་བཞག་ཡོད།
འོན་ཏེ་ད་ལྟ་པར་དུ་བསྐྲུན་ཏེ་ངའི་བུ་མོས་དེབ་དེ་ཀློག་གིན་ཡོད། འདིའི་ནང་གི་རི་མོ་མང་ཆེ་བ་ཞི་མོས་ངོས་འཛིན་ཐུབ་པར་མ་ཟད། མང་ཆེ་བའི་མིང་ངག་ནས་གསལ་བོར་བཤད་ཐུབ། འདི་ནི་མོའི་ཆེས་དགའ་སའི་བྱིས་དེབ་ཆུང་ཆུང་དེ་ཡིན།

 
དྲི་བ། བྱིས་དེབ་དེའི་ནང་དོན་ཅི་རེད། བྱིས་པ་ལོ་ག་ཚོད་ཅིག་གི་ཀློག་དེབ་ཆགས་ཡོད་པ་རེད།

དོན་འགྲུབ། དེབ་འདི་བེད་སྤྱོད་བྱེད་སྟངས་ནི། དང་པོ་རི་མོ་བསྟན་ཏེ་བོད་སྐད་བཤད་རྒྱུ་དང་། དེ་ནས་བྱུང་ན་ཀ་ཁ་སློབ་རྒྱུ་དེ་རེད། རི་མོ་དང་མཉམ་དུ་ཡོད་པའི་མིང་ཚིགས་དེ་དག་བསླབ་པའི་ཆེད་དུ་མིན། གང་ཡིན་ཟེར་ན་། མིང་ཚིག་དེ་དག་ཁོང་ཚོའི་ལོ་ཚད་ལ་མཐོ་དྲག་པ་རེད། ལོ་ཚད་སྐྱེས་མ་ཐག་ནས་སློབ་གྲྭར་མ་སོང་གི་བར་གྱི་ལོ་ཚད་དེ། སྐྱེས་ནས་ལོ་བཞི་དང་ལྔ་ཡི་བར་ཡིན། ཕ་མ་བོད་སྐད་དང་བོད་ཡིག་མི་ཤེས་མཁན་ནམ་ཡང་ན་བྱིས་པ་རང་ཉིད་ལ་དེབ་དེ་ཀློག་པའི་དུས་ཚོད་མེད་མཁན་ཚོར་དམིགས་ནས་ད་ལྟ་མདོ་དབུས་ཁམས་གསུམ་གྱི་སྐད་གདངས་ཐོག་དེབ་འདི་འོད་སྡེར་དུ་འང་བཟོ་བཞིན་ཡོད།

 
དྲི་བ། ཉིད་ཀྱི་བྱིས་དེབ་དེ་ཕྲུ་གུ་ལོ་གཅིག་ནས་ལྔ་བར་བོད་སྐད་ཤོད་ཐབས་གཙོ་བཟུང་གི་དེབ་ཆུང་ཞིག་རེད། དེ་ཡིན་ན་དེབ་དེར་ཕྲུ་གུས་དགའ་བོ་བྱེད་ཐུབ་པའི་ཁྱད་ཆོས་ཅི་ཞིག་ཡོད།

དོན་འགྲུབ། སྐྱེས་ནས་ལོ་ལྔའི་བར་ནི་བྱིས་པ་རྣམས་ནི་ཞིབ་འཇུག་པའམ་ཡང་ན་ཚན་རིག་པ་ཞིག་ཡིན་ཞེས་ཞུ་ན་འདོད། ཁོང་ཚོའི་མིག་གིས་གང་མཐོང་བ་དང་རྣ་བས་གང་ཐོས་བ་ཚང་མ་ཤེས་འདོད་ཡོད་ལ། ལྷག་པར་དུ་སྒྲ་མི་འདྲ་བ་དང་། ཡང་ན་ཚོན་མདོག་མི་འདྲ་སོགས་ལ་དམིགས་བསལ་གྱི་དོ་སྣང་བྱེད་། གནས་ལུགས་འདི་ལ་གཞིར་བཞག་ནས་བྱིས་པའི་དེབ་ཚང་མ་ཚོན་མདོག་ཅན་དུ་བཟོས་ཡོད་པ་ལྟར།བདག་གིས་ཀྱང་བྱིས་དེབ་འདི་རི་མོ་དང་ཚོན་མདོག་གཙོ་བོར་བཟུང་སྟེ་བྱིས་པ་ཚོའི་བསམ་བློ་དང་མཐུན་པར་བཟོས་ཡོད། དེ་དག་ནི་བྱིས་བ་ཚོའི་དགའ་བོ་བྱེད་སའི་ཁྱད་ཆོས་གཙོ་བོ་དག་རེད་འདོད།

 
དྲི་བ། བོད་མིའི་སྒྲིག་འཛུགས་ངོས་ནས་བྱིས་དེབ་དེ་འདྲ་པར་དུ་བསྐྲུན་འདུག་གམ། བསྐྲུན་ཡོད་ན་དེར་བསམ་ཚུལ་ག་འདྲ་ཡོད།

དོན་འགྲུབ། ད་ལྟ་བར་དུ་ངའི་དེབ་འདིའི་རིགས་གཅིག་ཀྱང་མཐོང་མ་སོང་།ཤེས་རིག་ལས་ཁུངས་ཀྱིས་པར་དུ་བསྐྲུན་པའི་བྱིས་པའི་སྒྲུང་དེབ་འགའ་རེ་དྲ་ལམ་ནས་མཐོང་མྱོང་མོད། འོན་ཀྱང་དེ་དག་ནི་བོད་སྐད་ཤེས་པ་གཞིར་བཞག་གི་ཐོག་ཡར་རྒྱས་གཏོང་བྱེད་ཞིག་ཡིན་པ་ལས་ཆེས་ཐོག་མའི་བོད་སྐད་ཚིག་རྐང་རེ་རེ་བཞིན་ཤེས་པར་བྱེད་པའི་སློབ་དེབ་འདི་ལྟ་བུ་མ་རེད།

 
དྲི་བ། མི་སྒེར་བ་ཞིག་བྱིས་དེབ་བརྩམས་པ་བོད་མིའི་ཁྲོད་སྐུ་ཉིད་ཐོག་མ་དེ་ཡིན་པ་འདྲ། དེར་དོ་སྣང་བྱུང་སོང་ངམ།

དོན་འགྲུབ། ཕལ་ཆེར་དེབ་འདིའི་རིགས་འབྲི་མཁན་ང་ཐོག་མ་ཡིན་རྒྱུ་རེད། འོན་ཀྱང་མི་མང་པོ་ཞིག་གིས་བྱིས་བའི་དེབ་ཚང་མ་ཚད་རིམ་གཅིག་ཏུ་མཐོང་གི་ཡོད་པ་འདྲ་། དེ་ལ་ཁག་མེད་དེ་ད་ལྟ་བར་པར་དུ་བསྐྲུན་པའི་བོད་པའི་བྱིས་སྒྲུང་དེ་དག་ལ་ལོ་ཚད་མེད། མང་ཆེ་པའི་ནང་གི་བརྗོད་བྱའི་ཐད་ཡང་། བྱིས་པའི་བློ་རྒྱ་ལས་བརྒལ་བ་མང་པོ་ཡོད། བྱིས་པའི་སྒྲུང་དེབ་ཐོག་ལོ་ཚད་འབྲི་རྒྱུ་དང། ནང་གི་བརྗོད་བྱ་དེ་བྱིས་པའི་ལོ་ཚད་ཀྱི་བློ་རྒྱ་ལས་མ་བརྒལ་བ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་།
དེབ་འདིའི་ཐོག་བྱིས་པའི་ལོ་ཚད་ལོ་ལྔའི་བར་ཞེས་གསལ་་པོར་བཀོད་ཡོད་ལ། ནང་དུ་འང་བྱིས་པའི་བསམ་བློ་དང་གང་ཡོང་གིས་མཐུན་ཐབས་བྱས་ཡོད། དཔེར་ན། བྱི་ལ་ཞེས་བྲིས་ན་རི་མོ་དེ་དང་མིང་ཚིག་གཉིས་བྱིས་པའི་བསམ་བློར་འཇུག་པར་སྟབས་བདེ་དེ་ཙམ་མེད། དེ་ཕྱིར་ཙི་ཙི་ཞེས་ཁ་སྐད་རང་བྲིས་ཡོད། དེ་བཞིན་དེབ་ཤོག་བུ་འཐུག་པོའི་ཐོག་པར་དུ་བསྐྲུན་པ་བཅས་གོང་གི་ཆ་རྐྱེན་འདི་གསུམ་ཚང་པའི་བྱིས་དེབ་འདི་རིགས་འབྲི་མཁན་ང་ཐོག་མ་ཡིན་ཟེར་ན་ཕལ་ཆེར་འགྲིག་གི་ཡོད་པ་འདྲ།

 
དྲི་བ། མུ་མཐུད་དུ་བྱིས་དེབ་གཉིས་པ་གསུམ་པ་གཏོན་རྩིས་འདྲ་ཡོད་དམ།

དོན་འགྲུབ། ཡོད། གང་མང་མང་འདོན་རྩིས་ཡོད། དེབ་གཅིག་པོ་མ་ཡིན་པར་་བྱིས་པའི་བསམ་བློ་དང་མཐུན་པའི་བོད་ཀྱི་སྐད་ཡིག་གི་རྩེད་ཆས་བཟོ་བསྐྲུན་བྱེད་རྒྱུར་ལས་འཆར་ཞིག་ཀྱང་འགྲོ་བཞིན་ཡོད་། ད་ལྟའི་ཆར་དེབ་ཁ་ཤས་གྲ་བསྒྲིགས་བྱས་ནས་ཡོད། ད་ལྟ་འཐོན་ལ་ཉེ་བའི་དེབ་གཉིས་པ་ནི་༼བྱིས་པའི་ཆེས་ཐོག་མའི་མིང་ཚིག་བརྒྱ་༽ཟེར་བ་ཞིག་ཡིན།

 
དྲི་བ། ཉིད་ཀྱི་བྱིས་དེབ་ཉོ་འདོད་ཡོད་ན་གང་ནས་ཉོ་ཐུབ་ཀྱི་རེད།

དོན་འགྲུབ། ད་ལྟའི་ཆར་དྲ་ལམ་ཁག་གཉིས་ནས་ཉོ་ཆོག www.tibetanbabybooks.com དྲ་ལམ་འདི་ནས་ཨ་རི་དང་ཁ་ན་ཌ་ནས་ཉོ་ཐུབ་ལ། དེ་མིན་རྒྱལ་ཁབ་དག་གིས་www.amazon.com དྲ་ལམ་འདི་བརྒྱུད་ནས་ཉོ་ཆོག

 
དྲི་བ། མཐའ་མ་དེར་བོད་པའི་ཕྲུ་གུ་ཚོས་བོད་ཀྱི་སྐད་ཡིག་ཤེས་ཐབས་ལ་ཅི་ཞིག་བྱ་དགོས་འདུག གཞན་ཉིད་ལ་འདི་ཅིག་བཤད་དགོས་བསམ་པ་འདྲ་ཡོད་ན་གསུང་རོགས།

དོན་འགྲུབ། ང་རང་ཉིད་ཀྱང་ད་ལྟ་གཡུལ་ས་འདི་ན་ཡོད་པས་མཐའ་མའི་རྒྱལ་ཁ་ད་དུང་གཞི་ནས་འཐོབ་རྒྱུ་ཡིན། འོན་ཀྱང་འདིར་གནད་འགག་གཅིག་ཞུས་ན་བསམ། གནད་འགག་ནི། ནམ་རྒྱུན་དུ་ཕ་མ་གཉིས་ཀྱི་རང་གི་བྱིས་པར་བོད་སྐད་བཤད་རྒྱུ་དེ་རེད་། རང་གི་བྱིས་པར་བོད་སྐད་མ་བསླབས་པར་ཉིན་ཞིག་བྱིས་པ་དེས་བོད་སྐད་ཤེས་གི་ཡོང་གི་རེད་བསམ་ན་ནོར་་འཁྲུལ་རེད། གཞན་ཕ་མ་མིན་པས་བོད་མི་ཚར་བཤད་རྒྱུ་ཞིག་ཡོད་། བོད་ཀྱི་ཕ་མ་མང་ཆེ་བའི་རང་གི་བུ་རྒྱུད་དེ་བོད་སྐད་དག་གཙང་ཞིག་བཤད་པའི་ཐབས་ལ་འབད་བཞིན་ཡོད་ན། གལ་ཏེ་ཁྱོད་ཀྱི་བོད་པའི་མི་ཚང་ཞིག་དུ་བོད་པའི་བྱིས་པ་ཞིག་དང་འཕྲད་དུས་། གཞན་སྐད་ཞིག་བཤད་ནས་བྱིས་པ་དེ་དང་གླེང་མོལ་བྱས་ན། ཕ་མ་མང་ཆེ་བའི་སེམས་ན་དགའ་གི་མེད་པ་དེ་ཤེས་པར་གྱིས།
ངས་འདི་ཅིག་བཤད་དགོས་བསམ་བྱུང་། ངའི་བྱིས་དེབ་དེ་འཚོང་སྟངས་དྲ་ཐོག་ནས་ཉོ་ན་སྤྱིའི་འགྲོ་སྟངས་གཅིག་པ་རེད། ངའི་འདི་ལ་དམིགས་བསལ་ཞིག་ཡོད། གལ་ཏེ་སྐུ་ཉིད་ཀྱི་གྲོགས་པོའི་ཕྲུ་གུ་ཞིག་ལ་དེབ་དེ་སྐྱེ་སྐར་གྱི་ལེགས་སྐྱེས་སུ་དབུལ་འདོད་ན། དྲ་ཐོག་ཏུ་སྐྱེ་སྐར་ལེགས་སྐྱེས་ཟེར་བའི་སྡེ་ཚན་ཞིག་ཡོད་ལ་དེར་མནན་ནས་ཉིད་ཀྱི་ཁ་བྱང་དང་སྐད་ཆ་ཅི་ཞིག་བཤད་འདོད་ན་དེར་བྲིས་པ་ཡིན་ན། ངས་དེ་པར་བརྒྱབ་ནས་མཉམ་དུ་སྦྲགས་ཐོག་ནས་སུ་ལ་གཏོང་དགོས་ན་དེར་གཏོང་གི་ཡོད། ཐུགས་རྗེ་ཆེ།

སྐད་ཆ་འདྲི་མཁན་བློ་གྲོས་རབ་བརྟན་གྱིས།

ཐད་ཀར་འབྲེལ་བ་བྱེད་ས།
ཁ་པར། ༥༡༠ ༢༣༠ ༨༡༥༢
གློག་འཕྲིན། tibetanbabybooks@gmail.com
DiDi 4395924
Wechat: Danktsang

སྡོད་གནས་ཁ་བྱང་།
5337 Clinton Ave
Richmond, CA 94805

བཅར་འདྲི།

Post navigation

Previous Post: ཕ་གྭིའི་བུ་མོ། (སྙན་ཚོམས)
Next Post: དོ་ནུབ་ང་གྲོང་ཁྱེར་ན་ཡོད།

Comments (8) on “ཆེས་ཐོག་མའི་བོད་མིའི་བྱིས་དེབ།”

  1. གནམ says:
    2014-09-13 at 9:11 pm

    ཨ་མའི་བུ། རྒོད་མའི་རྟེའུ་ཟེར་ན་ཨ་དགའ་ཁྱོད་རེད། བཀྲིས་བདེ་ལེགས་ཡོད། ལག་ལེན་གསེར་གྱི་ཐིགས་པ་ཟེར་ན་ཡང་འདི་རེད། བཟང་གི་བཟང་གི།

  2. ཤ་ཁྲག་དམར་པོ says:
    2014-09-14 at 12:15 am

    ཡག་པོ་འདུག

  3. ཀུན་དགའ་རྒྱལ་མཚན། says:
    2014-09-15 at 12:01 am

    བྱིས་དེབ་རྩོམ་པ་པོར་འཚམས་འདྲི་ཞུ་དང་རྗེས་སུ་ཡི་རང་ཡོད། ཡག་རྒོད་དྲྭ་བདག་གིས་ཀྱང་པར་རིས་ལམ་ནས་བྱིས་པ་ལས་དང་པོ་བས་སྦྱོང་རྒྱུའི་བྱིས་དེབ་ཅིག་པར་སྐྲུན་གནང་འདུག ཁོ་པའི་དེབ་དེ་དག་བོད་ལ་ཤུགས་ཆེར་བཀྲམ་པར་གསུངས་སོང་། ཁྱེད་ཉིད་ཀྱི་དེབ་དེ་དག་བོད་ལ་སླེབས་ཐུབ་ཡོད་དམ།

  4. དཔལ་འབྱོར་ says:
    2014-09-15 at 7:23 pm

    ཡག་པོ་རེད་ ཐུགས་རྗེ་ཆེ་ ད་དུང་བྱིས་པར་བོད་སྐད་དང་བོད་ཡིག་སློབ་རྒྱུའི་ཐད་ཞུས་ན་ བོད་ཡིག་སློབ་དེབ་དང་དགེ་རྒན་ལས་ལྷག་པ་ཕ་མ་གཉིས་ཀྱི་ནང་ལ་བོད་སྐད་རྒྱབ་རྒྱུ་དེ་གལ་ཆེ་ཤོས་མཐོང་གི་འདུག་ དེ་འང་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་པ་ཚོད་ཕྲུ་གུ་སློབ་གྲ་འབྲིང་བ་མ་ཐོན་བར་ཁྱིམ་དུ་བོད་སྐད་གཅིག་པུར་རྒྱབ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་འདུག་ ད་དུང་བོད་ཡིག་བྲིས་ཅུག་པ་ལས་ཀློག་ཅུག་ན་ཡག་པ་འདུག་

  5. དོན་འགྲུབ་ཚེ་རིང་ says:
    2014-09-16 at 11:49 am

    གྲོགས་པོ་ཀུན་དགའ་ལགས། གཡག་རྒོད་དྲ་བའི་ལས་དོན་དེ་ངོ་མ་རླབས་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་གང་མང་མང་དགོས་པས་མ་ཟད་ཅུང་ཙམ་ཕྱི་འདུག་། ངའི་དེབ་ཆུང་དེ་བོད་ནང་དུ་སླེབ་ཐུབ་མེད་། གང་ཡིན་ཟེར་ན་ངའི་དམིགས་ཡུལ་གཙོ་བོ་བོད་སྐད་རྒྱུན་བཀོལ་དུ་མེད་པའི་མཁོར་ཡུག་ན་ཡོད་པ་ཁྱིམ་ཚང་དེ་དག་གི་ནང་གི་བྱིས་པ་དེ་དག་ཡིན། ཡང་གསལ་བཤད་ཞིག་བྱས་ན། ངའི་དེབ་ཆུང་འདི་ཕ་མ་དང་བུ་ཕྲུག་གཉིས་ཀྱི་ཉལ་སའི་ནང་བེད་སྤྱད་བྱེད་རྒྱུ་དེཡིན་པ་ལས་། དགེ་རྒན་དང་སློབ་ཕྲུག་གཉིས་ཀྱི་སློབ་ཁང་ནས་བཀོལ་རྒྱུ་དེ་མིན། རིན་མེད་དུ་ཡང་བཀྲམ་ཐུབ་མེད་། གང་ཡིན་ཟེར་ན་འདིའི་མ་དངུལ་ཚང་མ་ང་རང་ཉིད་ཀྱི་ཟ་ཁང་ཚོང་ཁང་ནང་གཡོག་ལས་བྱས་བ་ཁོ་ནས་བྱུང་ཡིན། དེ་ཕྱིར་རིན་མེད་དུ་བཀྲམ་ཐུབ་མ་སོང་། རྣམས་པ་ལྷན་རྒྱས་ནས་་ངའི་དམིག་ཡུལ་ཆུང་ཆུང་འདི་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་།

    དོན་འགྲུབ་ཚེ་རིང་གིས་

  6. མཁས་གྲུབ། says:
    2014-09-16 at 3:29 pm

    http://www.savetibet.org/about-ict/rowell-fund-tibet/

    ཡར་བསྐྱར་རྟེན་འབྲེལ་ཞུ། གོང་དུ་ཐེབས་རྩ་ཁང་གི་ཐག་བསྐུར་ཡོད་པས་གཟིགས་རོགས

    མཁས་གྲུབ

  7. རྡོ་རྗེ་རྒྱལ་མཚན། says:
    2014-09-16 at 6:12 pm

    སྦྲ་ནག་ཚུལ་ཁྲིམས་ཀྱིས་ཉ་ཉོག་ཅི་ཡང་མ་བསྲེས་པར་ཁ་ཕྱོགས་དང་དམིགས་ཡུལ་གསལ་ཐག་ཆོད་བཤད་འདུག ལོ་གསུམ་མན་ཞེས་བྲིས་པ་དེའི་ཐོག་ནས་ཞིབ་ཆ་དང་ཉམས་མྱོང་ཅི་ཙམ་ཡོད་པ་ཤེས་ཐུབ།

    རེ་བ་ཞིག་ནི། བྱིས་དེབ་ཀྱི་སྐོར་ལ་ཚོང་གི་ངོ་བོ་དང་རྣམ་པ་ཁོ་ནའི་ཐོག་ནས་སྐད་ཆ་བཤད་ན་
    ཉན་བདེ་མོ་ཞིག་རེད། དེ་མ་གཏོགས། རིག་གཞུང་གི་ཞེན་ཁོག་དང་ལྷག་བསམ། སྤྱི་དོན་སོགས་བཤད་ཡོང་ན་ཆབ་སྲིད་པའི་འཁྲབ་སྟོན་གྱི་གཡོ་སྒྱུའི་དྲི་ངན་དེ་བྲོ་ཡོང་གི་འདུག
    བོད་མི་དམངས་ལ་རང་གི་སྐད་ཡིག་བདག་པོ་བརྒྱག་རྒྱུར་སེམས་ཤུགས་ཆེན་པོ་འདི་འདྲ་ཞིག་ཡོད་རུང་། ཆབ་སྲིད་པ་ཚོས་ད་བར་དུ་དེར་བདག་རྒྱག་མ་ཤེས་པ་རེད། ཤེས་ཡོན་པ་ཚོའི་སྐད་ཆ་ནི་ཁ་བཤད་ཆུ་ཡི་ཝུ་བ་ཟེར་བ་དེ་རེད། ཁ་ནས་བཤད་རྒྱུ་དང་ལག་ནས་འབྲི་རྒྱུ་ཙམ་གྱི་ཕ་རོལ་དུ་བརྒལ་ཐུབ་གི་མ་རེད། 

    ད་ཚོང་པ་ཚོ་ཡིན་དཱ། 
     

  8. ཀུན་དགའ་རྒྱལ་མཚན། says:
    2014-09-17 at 12:49 am

    དོན་གྲུབ་ཚེ་རིང་ལགས། བོད་ལ་སླེབས་མ་ཐུབ་ཀྱང་སྐྱོན་དེ་ཙམ་མེད། རྒྱ་གར་སྤྱི་ཚོགས་སུ་ཤེས་རིག་པར་ཁང་དུ་བཞག་གནང་ན། རོགས་སྐྱོར་ཞུ་ངེས་རེད། ཤེས་པར་གྱི་གློག་འཕྲིན་ཁ་བྱང་ནི། shepardelhi@gmail.com རེད།

    ཐོག་མའི་དགེ་རྒན་ཕ་མ་བུ་ཕྲུག་གིས་བེད་སྤྱོད་བྱེད་འོས་ཀྱི་དཔེ་དེབ་རིན་མེད་བཀྲམ་མ་ཐུབ་ཀྱང་སྐྱོན་ཆ་མེད། དེའི་གོང་ཚད་ག་ཚོད་ཡིན་ནམ།
    ཕྱག་ལས་དེ་ལྟར་གནང་བ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme