Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད།

Posted on 2009-04-262009-04-26 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 1 Comment on ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད།

བོད་། ཤ་ཁྲག་རུས་གསུམ།

ང་ཚོས་འདི་ལྟར་གཏམ་ངན་ཞིག་གོ་ན་ཡང་བོད་པ་ཚོས་ད་དུང་སྣང་མེད་ངང་རང་སོར་བཞག་ནས་རྩ་གཅོད་ཙམ་ཡང་བྱེད་མི་ཐུབ་དོན་ཅི་རེད། ལྷག་པར་དུ་དམིགས་གསལ་གྱིས་གསར་འགོད་པ་དག་གིས་འདིའི་ཐད་དུ་དང་ལེན་བྱས་དེ་གཏམ་ངན་འདི་ཁུངས་ལྡན་ཡིན་མིན་གྱི་རྩར་གཅོད་བྱེད་མི་ཐུབ་པ་ཅི་ལ་ཐུག་ཡོད་པ་ཡིན། གཏམ་ངན་ནི་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་ཞིང་གཞན་དུ་གཤེགས་པ་རེད་ཟེར་བ་དེ་རེད། དེ་ནི་དུས་བབ་གཅིག་བུའི་སྟེང་གི་གཏམ་ངན་མ་ཡིན་པར་རྒྱལ་ཁབ་གཞན་དག་གི་ཚགས་ཤོག་མི་ཉུང་བ་ཞིག་གི་སྟེང་དུ་ཡང་བོད་ཀྱི་བླ་མ་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་སྐྲན་ནད་ཀྱིས་སྐྱེན་པའི་ལོ་ངོ་ཁ་ཤས་ཀྱི་གོང་དུ་ཞིང་ལ་ཕེབས་པ་རེད་ཟེར་བ་དེ་རེད།
ངེད་ཅག་བོད་པ་ཚང་གིས་རང་གི་རྩ་གསུམ་བླ་མ་དགེ་འདུན་ཆོས་ཀྱི་ཉི་མ་གསོན་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་མ་ལོན་པར་མི་ལོ་བཅོ་ལྔ་ཙམ་བྱིན་པའི་དེ་རིང་། མི་རིགས་གཞན་གྱིས་གསར་འགོད་པའི་གནས་ཚུལ་འདི་འདྲ་ཞིག་ང་ཚོ་ལ་འཁུར་ནས་འོང་དུས། ངེད་ཅག་གིས་ད་དུང་གཏམ་ངན་དེའི་ཁུངས་བདེན་པ་ཡིན་མིན་ཙམ་ལ་ཡང་དོན་སྣང་ཙམ་ཡང་བྱེད་མི་ཐུབ་པ་གང་ལ་ཐུག་པ་རེད། ཡང་ན་འཛམ་གླིང་གི་ཆེས་ཆུང་བའི་ཆབ་སྲིད་བཙོན་པ་རུ་ངེས་འཛིན་བྱེད་ཆོག་པའི་ཆུང་སྲིད་རིན་པོ་ཆེའི་སྐུ་ཕྱ་ལ་ངེད་ཅག་བོད་པ་ཚང་ལ་འགན་འཁུར་མེད་སོང་བ་ཡིན་ནམ་ཅི། ད་ནི་གཏམ་ངན་འདིའ་ཁུངས་ཡང་དག་ཡིན་མིན་ཐད་དུ་ངེད་ཅག་གིས་རང་རང་ས་ནས་ཚགས་ཤོག་དེ་དག་གི་གསར་འགོད་པ་དག་ལ་ཐད་ཀར་འབྲེལ་བ་བཟུང་དེ་གཏམ་ངན་དེའི་བྱུང་རིམ་ལ་རྒྱུས་ལོན་ཐར་བྱིན་པ་ཞིག་བྱེད་རན་མ་ཡིན་ནམ། དྲ་གྲོགས་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་སྤུན་ཟླ་ཚོ། འདིའི་ཐད་ཀྱི་གནས་ཚུལ་ངེད་ཅག་ལ་འགན་ཡོད་དམ་མེད། ཡོད་ན་ནི་ངེད་ཅག་གིས་འབད་བརྩོན་བྱེད་པའི་དུས་སུ་སླེབས་ཡོད་པ་མ་ཟད། རྒྱ་ནག་སྲིད་གཞུང་གིས་ངེད་ཅག་བོད་པ་ཚང་ལ་འདིའི་ཐད་ཀྱི་ལན་གསལ་བོ་ཞིག་འཛམ་གླིང་གི་སྐྱེ་འགྲོའི་རང་དབང་ལ་དོན་སྣང་བྱེད་མཁན་དང་ལྷག་པར་དུ་བོད་དོན་ལ་དོན་སྣང་ཡོད་མཁན་གང་ན་སུ་ཡོད་པ་དག་ལ་འབྲེལ་བ་བཟུང་དེ་དོན་དག་འདིའི་བསྐོར་གསལ་བོ་ཞིག་བཟོ་དགོས་པ་མ་རེད་དམ། ད་ནི་བོད་མི་ཚང་གི་རང་གི་བླ་མའི་ཤི་གསོན་ཙམ་ཡང་མ་ཤེས་པ་ཡིན་ན་ནི། ངེད་ཅག་ནི་བོད་མིང་ཐོབ་པའི་བོད་མི་ཞེ་གཅིག་ལས་རང་གི་རྩ་བའི་སྙིང་དང་སེམས་ཀྱི་གཏད་སོ་རུ་བརྩི་བའི་བླ་མ་དེ་ཉིད་ལ་གུས་བརྩི་དང་དགའ་ཞེན་བྱེད་ལུགས་ཀྱི་ངོ་སྤྲོད་ཀྱི་ཡོད་མེད་དེ་ཡང་དོགས་གནས་སུ་ལུས་ཡོད་པར་སྣང་། ང་རང་གིས་གཏམ་ངན་འདི་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཚགས་ཤོག་གསར་འགོད་པ་དག་གིས་གཅིག་རྗེས་གཉིས་མཐུད་དུ་གཏམ་ངན་འདི་བསྒྲགས་དེ་འོང་དུས། གཏམ་ངན་ནི་དོན་དངོས་མིན་འགྲོ་སྙམ་ནས་སེམས་འཁུར་འདུག་ན། དྲ་གྲོགས་ཁྱེད་ཅག་ལ་ཡང་ང་དང་འདྲ་མཚུངས་ཀྱི་སེམས་འཁུར་ཡོད་ངེས་རེད། དྲ་གྲོགས་ཚོ་ཁྱེད་ཅག་གིས་རང་རང་གནས་སའི་ཁོར་ཡུག་གི་ཚགས་ཤོག་གསར་འགོད་པ་དང་རང་དབང་གསར་འགོད་པ་སུ་དང་འབྲེལ་འདྲིས་ཡོད་ན་དེ་རུ་འབྲེལ་བ་བཟུང་དེ་གནས་ཚུལ་འདི་གསལ་གསལ་དངས་དངས་བཟོ་བར་འགན་རེ་འཁུར་རོགས་ཞུ།

སྣ་ཚོགས།

Post navigation

Previous Post: དོ་ནུབ་ཀྱི་མུན་པ།
Next Post: ཧ་ཅང་གཅེས་པའིགཡུ་རྩིའི་ཁོག་ལྡིར་གཅིག།།

Comments (1) on “ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད།”

  1. སེམས་གཏམ་དྲོན་མོ། says:
    2009-04-27 at 2:43 am

    ང་ཚོས་ཆུང་སྲིད་རིན་པོ་ཆེའི་སྐོར་འདི་ད་ལྟ་རྒྱལ་སྤྱིའི་ཁྲིམས་སུ་གཏུགས་དགོས་ཀྱི་འདུག རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཁྲིམས་གཏུགས་བྱ་མཁན་དེ་ངེས་་པར་སྤུན་མཆེད་ཞིག་གམ་ཁོང་དང་འབྲེལ་བ་ཆེ་ཤོས་ཡོད་པ་ཞིག་དགོས་ཀྱི་ཡོད་པའི་གནས་ཚུལ་འདུག དེར་དུས་ཚོད་བཏོན་དགོས་པ་རེད་ལ། དེར་ལས་འགུལ་སྤེལ་མཁན་གྱི་སྒྲིག་འཛུགས་དང་འཆར་གཞི་ཞིག་ཀྱང་ངེས་པར་དགོས་ཀྱི་འདུག དེ་ལྟར་མ་ཡིན་པར་ལོ་ལྟར་འཁྲུངས་སྐར་སྲུང་བརྩི་བྱེད་པ་དང་དྲ་གནས་སོགས་ཀྱི་ཐོག་ཆུང་སྲིད་རིན་པོ་ཆེའི་དོན་དུ་གཅིག་ལས་ཀྱི་ཡོད་མདོག་མདོག་གི་གནས་ཚུལ་སྤེལ་བ་དང་། ཉིན་རེ་གཉིས་ཤིག་ལས་འགུལ་སྤེལ་བ་ཙམ་ལས་རྒྱུན་མཐུད་དེ་སྤེལ་མཁན་ཧ་ཅང་དཀོན་པོ་རེད། ཁོང་གི་ཆེད་དུ་མཛད་རྣམ་འབྲི་མཁན་ཡང་ཡོད་ལ། བཀྲིས་ལྷུན་པོ་དགོན་གཙོས་པའི་དད་ལྡན་པ་ཡོངས་ཀྱིས་ངེས་པར་དེར་རྒྱལ་སྤྱིའི་ཁྲིམས་ཁང་ཞིག་ཏུ་ཁོང་གར་ཡོད་བརྩད་གཅོད་ཡོང་བའི་ལུགས་མཐུན་་ཁྲིམས་གཏུགས་བྱས་ཚེ་གཞི་ནས་ཁོང་གར་ཡོད་བརྩད་གསལ་པོ་ཆོད་རྒྱུ་ཡིན་པ་ལས། དེ་མིན་སེམས་ཁྲལ་ཆེ་མདོག་བྱེད་པ་ལས་འགན་མ་འཁུར་བར་གཅིག་བྱེད་མཁན་མི་འདུག གཅིག་བྱེད་དགོས་ཀྱི་འདུག གཅིག་རེད། གཅིག་གིས་བྱེད་ཀྱི་མི་འདུག་ཅེས་བཤད་ན་ཡག་པོ་མི་འདུག དོན་ངོ་མ་ང་དང་ཁྱེད་རང་ནས་གཙོས་ཁོང་གི་གནས་སྟངས་དོ་འཁུར་ཡོད་པའི་བོད་རིགས་ཙམ་མ་ཟད། ཐུགས་སྣང་ཅན་ཚང་མས་མཉམ་རུབ་ཐོག་ས་རྟགས་བསྡུ་ལེན་བྱས་ཏེ་སྦྲག་ཐོག་བཏང་ཐབས་ཙམ་མ་ཡིན་པར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་བལྟ་རྟོག་སྡེ་ཚན་འོག་ངེས་པར་ཁྲིམས་གཏུགས་བྱ་དགོས་ཀྱི་འདུག དེར་ང་ཚོ་བོད་མི་ཚང་མས་ཏན་ཏན་རྒྱབ་སྐྱོར་ཐོིབ་ཀྱི་རེད། དེ་ག་རང་ཡིན་ད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme