Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུང་མ་ ༥ ཡིས་ཁྱོ་གར་བཙན་གཡེམ་གྱིས་བསད།

Posted on 2012-07-262012-07-26 By ཁ་བརྡ་ 46 Comments on ཆུང་མ་ ༥ ཡིས་ཁྱོ་གར་བཙན་གཡེམ་གྱིས་བསད།

གསར་འགོད་པ། བནྡེ་སྐྱབས།

ཨ་ཧྥི་རི་ཀའི་ཚོང་པ་ཞིག་གིས་རང་གིོ་བཟའ་ཟླ་ཆུང་ཤོས་ལ་འཆམ་ཤོས་བྱེད་སྟབས། བཟའ་ཟླ་གཞན་ལྔ་ཕྲག་དོག་གིས་མ་བཟོད་པར་མཐར་ཁོང་ལ་བཙན་གཡེམ་བྱས་ཏེ་བསད་ཡོད་འདུག ཉེ་ལམ་ཨ་ཧྥི་རི་ཀའི་ནེ་ཇི་ར་ཡ་རྒྱལ་ཁོངས་ཨོག་བྷ་ཌེ་བྷོ་(Ogbadibo) ནས་ཡིན་པའི་ཚོང་པ་ཨོ་ནོ་ཇཱ་(Uroko Onoja) ཞུ་བ་ཞིག་ལ་བཟའ་ཟླ་བུད་མེད་ ༦ ཡོད་པ་ལས། ཁོས་རང་གི་བཟའ་ཟླ་ཆུང་ཤོས་དེར་རྒྱུན་དུ་འཆམ་ཤོས་བྱས་སྟབས། བཟའ་ཟླ་གཞན་ལྔ་ཁ་མཐུན་གྱིས་ཨོ་ནོ་ཇཱ་ཡིས་ཁོང་གི་བཟའ་ཟླ་ཆུང་ཤོས་དང་ལྷན་དུ་འཁྲིག་སྤྱོད་བྱེད་བཞིན་པའི་སྐབས་དང་བསྟུན། ལག་པར་གྲི་དང་དབྱུག་པ་ཁྱེར་ཏེ་ནང་དུ་འཛུལ་བ་མ་ཟད། ཁོང་ལ་བཟའ་ཟླ་ཚང་མར་རེ་རེ་བཞིན་འཁྲིག་སྤྱོད་ཀྱི་འདོད་བློ་བསྐང་དགོས་ཚུལ་བརྗོད་དེ་བཙན་ཤེད་བྱས་པར། མཐར་ཨོ་ནོ་ཇཱ་ཡིས་བཟའ་ཟླ་བཞི་ལ་འཁྲིག་སྤྱོད་བྱས་མཚམས་སུ་དབུགས་ཆད་དེ་འདས་གྲོངས་སུ་གྱུར་ཡོད་འདུག
དོན་རྐྱེན་དེ་བྱུང་རྗེས་ཡུལ་མི་ཁྱིམ་མཚེས་ཚོས་ས་གནས་ཉེན་རྟོག་པར་སྙན་གསེང་ཞུས་ཡོད་ཅིང་། ས་གནས་ཉེན་རྟོག་པ་ཚོ་ཨོ་ནོ་ཇཱ་ཡི་སྡོད་ཁང་དུ་འབྱོར་སྐབས། བཟའ་ཟླ་ཆུང་ཤོས་ལས་གཞན་རྣམས་མཐོང་ཡུལ་དུ་མེད་པར་གྱུར་ཡོད་འདུག་ལ། བཟའ་ཟླ་ཆུང་ཤོས་དེས་ཉེན་རྟོག་པར་བརྗོད་པ་ལྟར་ན། བཟའ་ཟླ་གཞན་རྣམས་ཀྱིས་ཨོ་ནོ་ཇཱ་ཤི་བ་ཧ་གོ་འཕྲལ་ཁོ་ཚོ་ཉེ་འཁྲིས་སུ་ཡོད་པའི་ཤིང་ནགས་བརྒྱུད་བྲོས་བྱོལ་དུ་ཕྱིན་ཡོད་འདུག
ནེ་ཇི་རི་ཡའི་ཉིན་རེའི་ཆ་འཕྲིན་གསར་ཁང་གིས་སྤེལ་པའི་གནས་ཚུལ་ནང་། ཨོ་ནོ་ཇཱ་ནི་ས་གནས་ཀྱི་ཚོང་པ་འབྱོར་ལྡན་ཅན་ཞིག་ཡིན་ཞིང་། ཁོང་ལ་བཟའ་ཟླ་ ༦ ཡོད་པ་ལས་ལྔ་ཕྲག་དོག་གི་དབང་དུ་སོང་སྟེ། ཁོ་ལ་བཙན་ཤེད་ཀྱིས་གཅིག་འཕྲོ་གཉིས་མཐུད་ཀྱིས་འཁྲིག་སྤྱོད་བྱེད་དུ་བཅུག་ཡོད་ཅིང་། ཨོ་ནོ་ཇཱ་ཡིས་བཙན་ཤེད་འོག་ཁོ་མོ་ཚོའི་འདོད་བློ་བསྐངས་ཐབས་བྱས་ཡོད་ཀྱང་། བཟའ་ཟླ་བཞི་བ་མོར་འཁྲིག་སྤྱོད་བྱས་ཏེ་ལྔ་བ་མོར་འབད་བརྩོན་བྱ་བཞིན་པའི་སྐབས་སུ་དབུགས་ཆད་ཡོད་པར་བཀོད་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།

གསར་འགྱུར།

Post navigation

Previous Post: དཔལ་ལྡན་རྒྱལ་ལགས་ཀྱིས་ཞིང་གཤེགས་ཨ་ལགས་འཇིགས་མེད་མཆོག་ལ་བཅར་འདྲི་ཞུས་ཡོད་པ་ཁག་ཅིག
Next Post: ང་དང་ངའི་སྙན་ངག

Comments (46) on “ཆུང་མ་ ༥ ཡིས་ཁྱོ་གར་བཙན་གཡེམ་གྱིས་བསད།”

  1. རུ་ཤུལ་བུ་ says:
    2012-07-26 at 11:53 pm

    གཏམ་རྒྱུད་སྙན་མོ་འདུག

  2. ཅོག་མྱི says:
    2012-07-27 at 12:05 am

    གསར་འགྱུར་དངོས་མ་ཞིག་ཡིན་མིན་ལ་དོགས་པ་ཆེ་བས།་་རྟོག་བཟོ་ཞིག་ཡིན་ལས་ཆེ།་་བྱ་ཁ་ཏ་རླུང་གིས་མ་ཁུར་ན།་་སྟག་ཤ་ར་སྟུ་ཡིས་ག་ལ་གསོད།

  3. མེ་ཏོག་དཀར་པོ། says:
    2012-07-27 at 12:08 am

    ལས་འབྲས་འཁོར་བ་རེད། ཆུང་མ་གཉིས་ཀྱི་ལོས་འགྲིག ཚང་མ་ལ་རྒྱོ་དུས་དབུགས་ཆད་རྒྱུ་རང་རེད།

  4. ཀླུ་སྨྱོན། says:
    2012-07-27 at 12:18 am

    གསོད་སྟངས་འཇིགས་ཀི
    ཤི་སྟངས་སྐྱིད་ཀི

  5. ལོག་སྨྲ་ཚར་གཅོད། says:
    2012-07-27 at 1:35 am

    བདེ་སྟོང་གི་དབྱིངས་སུ་གཤེགས་པ་ཡིན་ནོ། བདེ་བ་དེས་སྟོང་པ་ངེས་པའི་ངེས་ངོ་ལ་སྲོག་གི་དབང་པོ་རང་འགགས་སུ་སོང་བ་དེ་ལས་སླ་པོ་ཞིག་མ་རེད།

  6. དོལ་སྨྱོན། says:
    2012-07-27 at 1:38 am

    ཁ་གཅིག་ལ་མ་རག་པའི་སྡུག་བསྔལ།
    ཁ་གཅིག་ལ་མང་དྲགས་པའི་དཀའ་ངལ།
    ཨ་ཙི་ཙི།
    གང་ལྟར་ཤི་སྟངས་འདོད་པ་ཚིམས་པོ་འདུག

  7. དགའ་སྐུ་ says:
    2012-07-27 at 2:12 am

    གནས་ཚུལ་འདི་ནི་ཞག་པོ་འགའ་ཤས་སྔོན་དུ་བྱུང་བ་གནས་ཚུལ་ངོ་མ་རེད། འདོད་པ་འདིས་རང་གཞན་རོགས་གསུམ་ཕུང་ལ་སྦྱར།

  8. དོལ་སྨྱོན། says:
    2012-07-27 at 2:15 am

    འདོད་པས་འགའ་ཞིག་ཕུང་ལ་སྦྱར།།
    འདོད་པས་འགའ་ཞིག་བདེ་ལ་བཀོད།།

  9. གཉིས་མེད་སེངྒེ says:
    2012-07-27 at 2:18 am

    འཁྲུག་པ་བརྒྱབས་ན་སྨྲོས་ཅི་འཁྲིག་པ་སྤྱད་དེ་མྱི་གསོད་ཀི་་་་་སྲོག་རྟ་རྔ་འདྲ་བོ་ཟེར་བ་ཅིས་མ་བདེན།

  10. རང་དབང་ཨ་རྡུ་མན་ says:
    2012-07-27 at 3:23 am

    ཤི་སྟངས་བཟང་ངན་དེ་གལ་མི་ཆེ་་་་་ཤི་བའི་འོག་ཏུ་་་་་དཀར་ནག་གི་ལས་ལམ་དེ་་་་་ཆེས་འཇིགས་བ་ལ་ཨ་་་་

  11. གཡུ་བྲག་པ says:
    2012-07-27 at 3:24 am

    ཨོ་གནས་ཚུལ་འདི་ཁ་སང་རྒྱ་གར་དུས་བབ་དབྱིན་ནང་གནས་ཚུལ་འདི་སྤེལ་འདུག གནས་ཚུལ་དངོས་མ་རེད་འདུག དབྱིན་ཡིག་དུས་བབ་དྲ་ཚིགས་ནང་ལ་བལྟོས་དང་གསལ་བོ་འདུག

  12. མེ་ཏོག་དཀར་པོ། says:
    2012-07-27 at 3:33 am

    ཆུང་མ་ལྔ་ཅན་དེ་དོལ་སྨྱོན་ཡིན་ན། སྨན་ཟ་གིན་ཟ་གིན་ལྔ་ཀའི་འདོད་པ་བསྐང་ངེས་རེད།

  13. དོལ་སྨྱོན། says:
    2012-07-27 at 3:51 am

    ངས་ཀྱང་དེ་རང་བསམ་ཡོད།
    མེ་དཀར་གྱིས་གཞན་སེམས་ཤེས་འདུག
    སྨན་དཔྱད་ཟས་སྤྱོད་ཀྱི་སྟོབས་དང་འགྲོགས་ན།
    ལྔ་ལྟ་ཅི་སྨོས་བཅུ་ཡང་སླ་མོ་རེད། ཧ་ཧ་ཧ་ཧ།

  14. འཇའ་བ་རི་ནག says:
    2012-07-27 at 4:08 am

    སྐྱེ་དམན་ཟེར་བ་དེ་འདྲའི་སྡུག་སེམས་མནག་པ་ལ།ཡང་སྐྱེ་པ་ཕོ་ལ་བཙན་གཡེམ་བྱས་འདུག
    ང་ཚོའི་བོད་ཀྱི་སྐྱེ་དམན་ཚོ་ལ་སྲོལ་ངན་དེ་མ་འབྱར་བར་ཤོག

  15. ཁྱབ་འཇུག says:
    2012-07-27 at 5:13 am

    བུད་མེད་ཀྱིས་སྐྱེས་བར་བཙན་གཡེམ་བྱས་སྟེ་བསད་པའི་ལོ་རྒྱུས་དང་པོ་ཡིན་རྒྱུ་རེད།ངར་བ་རེད། གསར་བཏོད་རེད།

  16. བློ་བཟང་ཆོས་གྲགས། says:
    2012-07-27 at 5:24 am

    ཁྱོ་ག་དེ་དབུགས་སྐྱོ་བ་ལ།

  17. མངའ་རིས་གསས། says:
    2012-07-27 at 5:50 am

    བུ་དེ་ཡི་དྭགས་ཀྱི་གནས་སུ་སྐྱེ་ཐག་ཆོད་རེད། འདོད་ཆགས་ཀྱི་དབང་གིས་ཤི་འདུག
    དེ་ལས་ཁོ་རང་གིས་རླིག་པ་ལང་རྒྱུ་མེད་པ་བྱས་ན་ཁོང་ཚོས་གང་ཡང་བྱེད་ཐུབ་ཀྱི་མ་རེད། ཁོ་ཡི་རླིག་ནག་དེ་དེ་འདྲ་གང་ཡིན་ནམ་ཤི་རྒྱུ་མེད་པ་ཞིག ཆོག་ཤེས་དམ་ཚོད་ཅིག་མ་བྱས་དུས་དེ་ལས་ཡོང་རྒྱུ་མེད་པ་རེད། དྲ་གྲོགས་ཚོ་ཁྱེདརང་ཚོ་སེར་སྐྱ་གང་ཡིན་རུང་གྲོགས་མོ་མང་པོ་བཟོ་མི་ཉན་ཉིན་ཅིག་དེ་འདྲ་ཡོང་མདོག་ཁ་བོ་རེད་དཱ།

  18. སྦྲ་དཔལ་ལྡན། says:
    2012-07-27 at 6:42 am

    དཀའ་ལས་ག་ཚོད་བྱས་ལ་ན་ཡང་་་་་་བུ་མོ་ལག་པ་འཇམ་པོ་ཅན་ཞིག་གིས་ཕུར་ཕུར་ཁ་ཤས་བཏང་ན་་་་་འབུ་ལུ་ལངས་རྒྱུ་ཡིན་ནོ་བརྒྱ་ཆ་རྒྱ་རེད་་་་་་་་་་

  19. དགེ་བསྙེན་རྡོ་རྗེ་ says:
    2012-07-27 at 7:15 am

    བྱེད་འདོད་མེད་ཀྱང་བྱེད་དགོས་པ། །
    གསོད་འདོད་མེད་ཀྱང་འཆི་ལ་ལྟོས། །
    འདོད་པ་ཕུང་ཀྲོལ་གཞི་ཡིན་པ། །
    ཐུབ་པས་གསུངས་པ་མི་བདེན་ནམ། །

  20. མེ་ཏོག་དཀར་པོ། says:
    2012-07-27 at 8:04 am

    བློ་བཟང་ཆོས་གྲགས་ཀྱི་བིམ་བི་ལས་ཀ་བྱས་མྱོང་ཡོད་ས་མ་རེད། དབུགས་ཐེངས་གཅིག་ལ་རྒྱོ་ཐེངས་ལྔ་དང་། དྲུག་པའི་སྐབས་དབུགས་ཆད་འདུག་ག ཕོ་ཁྱོ་ག་རེད།

  21. ཆབ་བྲག་ཕོ་ཉ says:
    2012-07-27 at 8:12 am

    འདིས་ནག་མོ་མང་བའི་ཁྱོ་ག་ཚོར་བསམ་བློ་ཞིག་གཏོང་རྒྱུ་བཟོས་འདུག་ལ། བུད་མེད་དག་ལ་ཁྱོ་ག་གཅིག་གིས་མི་ཚིམ་པའི་གསལ་བཤད་ཀྱང་བྱས་འདུག ངས་བལྟས་ན་ཚང་མར་ཁག་མི་འདུག མ་གཞི་ནས་ལུགས་སྲོལ་དེ་སྒྱུར་དགོས།

  22. དམག་ལོག་ says:
    2012-07-27 at 8:30 am

    གནས་ཚུལ་འདི་སྐྱིད་པོ་རེད་ལ་སྡུག་པོ་ཡང་རེད། ཤི་སྟངས་འདི་ལས་སྙིང་ཞིག་གང་ན་ཡོད།

  23. དམག་ལོག་ says:
    2012-07-27 at 8:40 am

    གནས་ཚུལ་འདི་སྐྱིད་པོ་རེད་ལ་སྡུག་པོ་ཡང་རེད། ཤི་སྟངས་འདི་ལས་སྙིང་རྗེ་ཞིག་གང་ན་ཡོད

  24. རུ་ཤུལ་བུ་ says:
    2012-07-27 at 8:41 am

    གསར་འགྱུར་འདི་གཞིས་བཞུགས་འཇམ་དབྱངས་སྐྱིད་ལ་གཏོང་རོགས། མོ་ལ་འདི་ལྟ་བུ་ཧ་ཅང་མཁོ། འདི་བུད་མེད་ཀྱི་ཐོབ་ཐང་རྩོད་ཚུལ་དམིགས་བསལ་བ་ཞིག་རེད། སྐད་འདི་མོ་ལ་ཐེངས་ཐབས་བྱེད་རོགས་དྲ་གྲོགས་ཚོ།

  25. ཇ་མ་ says:
    2012-07-27 at 8:43 am

    ཡ་ཁོ་རེ་དེ་མ་འགྲིག་ཐལ། བུད་མེད་ཚོས་ཁོ་ལ་ཆགས་སྨན་སྤྲད་ནི་ཡིན་རྒྱུ་རེད།

  26. མགོན་པོ་བཀྲ་ཤིས says:
    2012-07-27 at 11:55 am

    སྐྱེ་པ་ཡིན་ན་ཡིན་གོ་ཆོད་ཤག་་་་་་་རྒྱོ་རྒྱབ་ནས་ཤི་ན་ཤི་རེད་་་་་་་་་་་་་་གང་ལྟར་ཤི་དགོས་རེ་བ་

  27. མེ་ཏོག་དཀར་པོ། says:
    2012-07-27 at 12:08 pm

    མགོན་པོ་བཀྲ་ཤིས་ངར་སོང་། ཕོ་ཁྱོ་ག

  28. བསྟན་འོད་། says:
    2012-07-27 at 12:28 pm

    ཕལ་ཆེར་ཤི་ཚར་ཡང་མཇེ་ད་དུང་སྟུ་ནང་ཡོད་རྒྱུ་རེད་།

  29. བསྟན་འོད་། says:
    2012-07-27 at 12:29 pm

    ཤི་མཇེ་གསོན་སྟུ་ལ་ལྷག་ཟེར་།

  30. ཕྱུགས་རྫི says:
    2012-07-27 at 1:30 pm

    འདི་གནས་ཚུལ་བདེ་པ་ཡིན་ན་ངོ་ཚོས་རྒྱོ་རྒྱབ་སྐབས་གཟབ་གཟབ་མ་བྱས་ན་ལྔ་ལམ་ལ་འགྲོ་བའི་ཉེས་ཁ་མི་འདུག་གམ་ཚང་མ་གཟབ་གཟབ་གནོངས་རོགས།

  31. རིག་པའི་བུ says:
    2012-07-27 at 2:40 pm

    ཁོང་ལོ་ན་ཆེ་ཁར་ངལ་དུབ་དང་། འཇིགས་སྣང་། ཉིན་རེ་བཞིན་འཁྲུག་སྤྱོད་བྱེད་མང་པས་ཤི་བ་རེད། ལོ་བ་གཞོན་ཞིང་བདུན་གཅིག་ཙམ་འཁྲིག་སྤྱོད་བྱས་མེད་ཚེ་ཐེངས་གཅིག་གི་ཤི་ལམ་དུ་འདེབས་དཀའ་བ་སེམས། འོང་ཀྱང་། གཅིག་འཕྲོ་གཅིག་གིས་ལྔ་ལ་འཛེགས་རྒྱུ་ལས་སླ་པོ་མ་རེད། དེ་སྔོན་ངའི་གྲོགས་པོ་ལོ་བཅུ་བདུན་ཅན་ཞིག་གིས་གཅིག་འཕྲོ་གཅིག་གིས་ཐེངས་གསུམ་འཛེགས་རྗེས། ཡར་ལངས་སྐབས་ས་ལ་ཅུང་ཙམ་འགྱེད་པ་ཁོས་ང་ལ་བཤད་མྱོང་། གཟུགས་པོ་ཡག་པོ་མེད་ན་ལས་སླ་པོ་མ་རེེད། ཟས་དྲགས་ཀྱིས་ཤི་བ་དང་། དགའ་དྲགས་ཀྱིས་ཤི་བ། རྒྱོ་དྲགས་ཀྱིས་ཤི་བ་སོགས་ཤི་སྟངས་མང་གི་ཡ། མ་འོངས་བ་ང་ཚོ་ཅི་ལྟར་ཤིའམ།

  32. འབྲོག་ཕྲུག་ says:
    2012-07-27 at 2:44 pm

    ཤི་བའི་འོག་ཏུ་ཡང་མཇེ་མགོ་དེ་སྟུ་ནང་དུ་འཕྂགས་ཚགས་གློད་འདུག་ཟེར་ནས་འཛམ་གླིང་ཚགས་པར་གྱི་མདུན་ངོས་སུ་བཀོད་བཞག།་ཧཧཧཧཧཧཧཧཧཧཧཧ

  33. ཁྱུང་དཀར says:
    2012-07-27 at 3:46 pm

    ནག་རིས་ཁོ་རྒྱོབ་ལ་ཏོག་ཙམ་སྐྱོ་བོ་མེད་འགྲོ སྤྱིི་བཏང་ནག་རིས་ཀྱི་རིགས་འདི་མཆེ་ཆེ་ཞིང་རིང་ལ་རྒྱོབ་ཐེངས་གཅིག་གིས་བུ་མོ་ལྔ་དྲུག་ཅིག་གི་འདོད་པ་བསྐོང་ངེས་རེད། ཡིན་ཡང་། ཁོ་ལ་ག་རེ་མ་འགྲིག་པས་རེད།

  34. ཨ་རུ་ར། says:
    2012-07-27 at 5:37 pm

    དགུན་དུས་རོ་ཙས་དྲེགས་ཚེ་བཀག་པ་མེད། །སྟོན་དཔྱིད་ཞག་གཉིས་དབྱར་སོས་ཟླ་ཕྱེད་སྤྱད། །གཞན་དུ་བུད་མེད་ལ་ཞུགས་དབང་པོ་ཉམས། །མགོ་འཁོར་དུས་མིན་འཆི་བར་བྱེད་པ་ཡིན། །
    སྐྱེ་བོ་གང་ཞིག་ཉལ་པོ་སྤྱོད་པར་འདོད་པ་དེ་དག་གིས་ཀྱང་རང་རང་དང་རིས་མི་མཐུན་པའམ་སྐྱེ་གནས་མི་མཐུན་པ་དུད་འགྲོ་ལ་སོགས་པ་རྣམས་དང༌། བུད་མེད་ཡིན་ཡང་གཞན་གྱི་བདག་པོ་ཅན་དང༌། གཟུགས་ངན་ཞིང་སྙིང་དུ་མི་སྡུག་པ་དང༌། སྦྲུམ་མ་དང་ཤིན་ཏུ་རིད་པས་ཤུགས་ཞན་པ་དང་རབ་ཏུ་ཉེན་པ་དང༌། ཟླ་མཚན་ལྡན་པའི་དུས་རྣམས་སུ་བུད་མེད་ལ་བཀན་ནས་བྱེད་པ་སོགས་འཁྲིག་པ་ཡོངས་སུ་སྤང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན་ཚེ་ལ་བར་དུ་གཅོད་ཅིང་སྟོབས་དང་མདངས་ལྷག་པར་དུ་ཟད་པ་སོགས་མི་ཤིས་པ་སྣ་ཚོགས་འབྱུང་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུ་མ་ཡིན་པའི་བུད་མེད་ལ་དགུན་གྱི་དུས་སུ་སྐྱེས་པ་གང་ཞིག་རོ་ཙ་བས་ཁུ་བ་ཆེར་འཕེལ་ཏེ་དྲེགས་པ་དང་ལྡན་པ་དེའི་ཚེ་ཡང་ནས་ཡང་དུ་སྤྱོད་ཀྱང་བཀག་པ་མེད་ཅིང༌། དེ་བཞིན་དུ་སྟོན་དཔྱིད་ཀྱི་དུས་སུ་ཞག་གཉིས་གཉིས་ཀྱི་བར་དང༌། དབྱར་སོས་ཀྱི་དུས་སུ་ཟླ་བ་ཕྱེད་ཕྱེད་ཀྱི་བར་དུ་སྤྱད་པར་བྱའོ། །དེ་ལྟ་མ་ཡིན་པའི་གནས་སྐབས་གཞན་དུ་བུད་མེད་ལ་ཞུགས་པ་ན་མིག་ལ་སོགས་པའི་དབང་པོ་རྣམས་ཉམས་ཤིང་མགོ་བོ་འཁོར་བ་སོགས་ཀྱིས་ནད་མི་བཟད་པས་བཏབ་ནས་དུས་མ་ཡིན་པར་འཆི་བར་བྱེད་པ་ཡིན་པས་ན་དྲན་བཞིན་དུ་སྤང་བར་བྱའོ། །

  35. ཐབས་ཇུས་ཅན says:
    2012-07-27 at 6:20 pm

    ཁྱོ་ག་གཅིག་ལ་སྐྱེས་མེད་གཉིས་གསུམ་རེ་དང་། ཡང་ན་སྐྱེས་མེད་གཅིག་ལ་ཁྱོ་ག་གཉིས་གསུམ་རེ་ཡོད་པའི་ལུགས་སྲོལ་ངན་པ་འདིའི་རིགས་འདོར་དགོས་པའི་རྟགས་བསྟན་པ་ཅི་ལ་མིན།

  36. འདོད་ལྷ་ཁམས་པ། says:
    2012-07-27 at 9:19 pm

    གནས་ཚུལ་འདི་ནི་བྱུང་རིམ་སྡུག་ཅག་ཅིག་ནས་ཤི་སྟངས་སྐྱིད་པོ་ཅིག་རེད་སྙམ།
    ཤི་སྟངས་སྐྱིད་པོ་འདི་འདྲ་བ་ནི་འཛམ་གླིང་ཐོག་ད་སྔ་ཕན་ཆད་དུ་བྱུང་མེད་ཤག འཛམ་གླིང་ཐོག་གི་མི་རྣམས་ནི་མཐར་ཐུག་ཤི་རྒྱུར་སྒུག་ནས་བསྡད་སྟབས། ཤི་སྟངས་བརྒྱ་ཆ་དགུ་བཅུ་ཡན་ཆད་མ་རུང་སྡུག་བསྔལ་དང་ཤི་སྟངས་འཇིགས་སུ་རུང་བའི་ངང་ཤི་གི་ཡོད་པ་རེད། ལུས་ཚོར་བདེ་བ་ཆེན་པོའི་ངང་ལས་ཤི་བ་ནི་འཇིག་རྟེན་ན་ཉག་མ་གཅིག་ཙམ་ཡིན་སྲིད། ངོ་མཚར་ཆེ་གི་ཡ། ཡིད་སྨོན་གྱི་གནས་སོ།
    ཧཧཧ

  37. མུན་འཇོམས་ says:
    2012-07-27 at 11:38 pm

    འཇིག་རྟེན་འདིའི་ཐོག་འདོད་ཆགས་དབང་གིས་མི་གསོད་འཁྲུག་འཛིང་ཤུགས་ཆེ་བྱེད་པ་སྟེ། རང་གི་སྐྱེས་སྨན་ཟུར་དུ་ཟུར་མོ་བསྟེན་པ། སྐྱེས་སྨན་དང་ཟུར་མོ་ཡོད་པའི་སྒང་ལ་ད་དུང་གཞང་ཁང་འགྲིམས་པ། འདོད་ཆགས་དབང་གིས་སྐྱག་ཚང་གཏོར་བ། འདོད་ཆགས་དབང་གིས་བྱིས་པར་བཙན་གཡེམ་བྱེད་པ། འདོད་ཆགས་དབང་གིས་དམག་མིའི་ལུགས་སྲོལ་དང་མགོ་རིལ་ལུགས་སྲོལ་ཞེས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བ། འདོད་ཆགས་དབང་གིས་བུ་སྤུན་ལྔ་ཡི་མནའ་མ་གཅིག་རེ་མོས་ཀྱི་སྐོར་བ། འདོད་ཆགས་དབང་གིས་མགོ་རིལ་གྲྭ་པས་མགོ་རིལ་ཨ་ཎེར་མི་བཟོ་བ། འདོད་ཆགས་དབང་གིས་ཆོས་གོས་གྱོན་ཡང་ལྐོག་ནས་མེ་ཤུགས་འཕུར་མདའ་འཕེན་པ། འདོད་ཆགས་དབང་གིས་བ་ཕྱུགས་ལ་བཙན་གཡེམ་བྱེད་པ། འདོད་ཆགས་དབང་གིས་བླ་མ་དང་སྤྲུལ་སྐུ། དགེ་བཤེས། མཁན་པོ། དགེ་སློང་། དགེ་ཚུལ་སོགས་ཀྱི་སྡོམ་པ་ཤོར་འགྲོ་བ། འདོད་ཆགས་དབང་གིས་དཔོན་པོ་གོ་གནས་ཤོར་བ། འདོད་ཆགས་དབང་གིས་གྲོགས་པོ་མི་མཐུན་པ་ཆགས་པ། མདོར་ན་འདོད་ཆགས་དྲགས་ན་རང་ཉིད་ཕུང་བའི་རྒྱུ་ལས་མ་མཆིས།

  38. བོད་འཁྱར་ says:
    2012-07-28 at 12:02 am

    ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་ཅེས་པ་ཅིས་མ་བདེན་ཨ་ཧོ་ཧོ་

  39. མེ་ཏོག་དཀར་པོ། says:
    2012-07-28 at 1:26 am

    ངའི་ངོ་ཤེས་ཞིག་གིས་རང་གི་ཆུང་མར་མཚན་གཅིག་ལ་རྒྱོ་ཐེངས་དགུ་རྒྱབ་མྱོང་ཟེར་ཁོས་མནའ་བསྐྱལ། ད་ལྟ་མི་ནག་འདིས་མཚན་མོ་གཅིག་ལྟ་བུའི་དུས་ཡུན་མེད་གཅིག་རྗེས་ཉིས་མཐུད་འཁྲིག་པ་ཡིན་སྲིད། དངོས་གནས་འབུ་ལི་ཉར་ཉོར་ངང་སྟུ་ཁུངས་ནང་བཅུག་ན་ལས་མཁྲེགས་པོ་ཆགས་མེད་པ་ཐག་ཆོད། གལ་ཏེ་འབུ་ལི་མཁྲེགས་ཤིང་གཅིག་རྗེས་ཉིས་མཐུད་ཀྱིས་རྒྱོ་ཐེངས་ལྔ་ཡིན་ན། ཨོ་རྩལ་གསེར་གྱི་རྟགས་མ་ཁོ་ལ་འཐོབ།

  40. གཅན་བཟོད་རྒྱམ། says:
    2012-07-28 at 7:20 am

    བཙན་བྱོལ་བོད་མིར་འཁོ་བའི་གསར་འགྱུར་རང་རེད་འདུག

  41. དོལ་སྨྱོན། says:
    2012-07-28 at 10:42 am

    དེ་སྐབས་ཁོ་ཡི་སེམས་ལ་འཇིགས་སྣང་དང་ད་དུང་མི་འདོད་བཞིན་དུ་རྒྱོ་དགོས་པ།
    གཞན་ཡང་ལན་རེ་ཚར་རྗེས་ངལ་གསོ་མེད་པར་ལམ་སེང་གཞན་ལ་རྒྱོ་དགོས་པ་བཅས་ཀྱིས་ཆུང་མ་ལྔ་ཡི་འདོད་པ་སྐོང་མ་ཐུབ་པ་རེད།
    གཞན་འདོད་པ་ཡོད་ཅིང་ལན་རེའི་རྗེས་སུ་ངལ་གསོ་ཡོད་ན།
    མཚན་གཅིག་ལ་ཚར་བརྒྱད་ངས་ཀྱང་ལན་མང་རྒྱོ་མྱོང་།
    མེ་དཀར་ལགས།
    དེ་དུས་ངས་སྨན་རྐང་གཅིག་ཀྱང་ཟས་མེད་ད།

  42. ཨ་བུ་འབྲོག་ཕྲུག says:
    2012-07-28 at 12:42 pm

    ལས་མེད་ལ་སོགས་གླན་ཀའི་གསར་འགྱུར་རེད་་་་་ཉི་མ་ཐོང་གི་མེད་ནི་ཚོ་འདི་མོ་དགོ་ནི་རེད་ཡ་

  43. མེ་ཏོག་དཀར་པོ། says:
    2012-07-28 at 2:29 pm

    དོལ་སྨྱོན་ལགས། འཇིགས་སྣང་དང་དངངས་སྐྲག་ངང་མཇེ་ལངས་སྟངས་ཞིག་དཔལ་ལྡན་རྒྱུད་བཞིའི་ནང་ཡོད་དམ།
    སྔ་མོ་འབྲུག་པ་ཀུན་ལེགས་ཀྱིས་འདྲེ་ཞིག་འདུལ་སྐབས། ལམ་ཟུར་དུ་མཇེ་ཀ་བ་འདྲ་ཞིག་བསླང་། རྩམ་ཁུག་རྩམ་པ་དང་བཅས་པ་ཞིག་ཟུར་དུ་བཞག བྲོག་ལྤགས་གཏིང་ལ་སྦྱར་ཏེ་ཕྲད་ལ་ཉལ་ནས་ཤི་རྫུ་བྱས། གང་མཚམས་ནས་འདྲེ་སླེབས། འདྲེ་ན་རེ། འདི་གསོན་ཟེར་ན་དབུགས་ཆད་འདུག ཤི་ཟེར་ན་མཇེ་ལངས་འདུག ལྟོགས་ནས་ཤི་ཟེར་ན་རྩམ་པ་འདུག འགྲངས་ནས་ཤི་ཟེར་ན་བྲོད་པ་གཏིང་ལ་ཐིམས་འདུག་ཟེར་ནས་མགོ་ན་ཐག་ཆོད་པ་དེ་དྲན་སོང་།

  44. དོལ་སྨྱོན། says:
    2012-07-29 at 3:30 am

    མེ་དཀར་ལགས།
    རྒྱུད་བཞིའི་ནང་མཇེ་ལངས་སྟངས་ནི་ཟས་སྤྱོད་སྨན་དཔྱད་བཞི་ཡི་སྒོ་ནས་ལས།
    འཇིག་སྣང་དང་སྐྲག་སྣང་གིས་མཇེ་ལང་སྟངས་ཤིག་བཤད་མེད།

    ད་དུང་འབྲུག་ཀུན་རྣམ་ཐར་ནང་།
    ཤིང་སྡོང་རྒན་པོ་བཞིན་རྩ་བ་ནས་རུལ་ཡང་བདག་འཛིན་བློ་ཡིས་མི་མཐོང་བ་སྟག་ཤར་གཞོན་པའི་མཇེ་ལ་ཕྱག་འཚལ་ལོ།། ཞེས་པ་ཞིག་ཀྱང་དྲན་སོང་། ཧ་ཧ་ཧ་ཧ་ཧ།

  45. jamyang.choedon says:
    2012-07-30 at 1:13 pm

    ནག་རི་ཁོ་སྐྱོ་ཐག་ཆོད་པ་རེད་མ་གཏོགས་ངའི་ཁྱོ་གའི་མཚན་གཅིག་ལ་ཚར་བཅུ་ཙམ་སླ་སླ་བྱེད་ཀྱི་རེད་དོ་
    ཡང་གཅིག་བཤད་ན་ཕོ་གཅིག་གི་མོ་མང་པོ་ཉར་ཡ་དེ་ཡག་པོ་མ་རེད་རྟག་རྟག་རེད་མ་བཟང་བུ་མོ་དེ་ཚོ་
    བོད་པའི་ཕོ་ཟད་ཚོས་བསམ་བློ་ཡག་པོ་གཏང་ན་མ་གཏོགས་བོད་པའི་བུ་མོ་དེ་འདྲ་ཞིག་མི་ཡོང་བའི་ངེས་པ་མེད་དོ།

  46. གདུང་སེམས་ནས། says:
    2012-07-31 at 12:00 am

    དེངས་སངས་དུས་བབ་ཀྱི་ཕོ་མོ་སུ་ཡིན་ཀྱང་འཁྲིགས་པ་མ་རྟོག་བསམ་བློ་མེད་པ་དེ་ལ་འབྲས་བུ་ག་འདྲ་འདུག་ཤེས་
    པར་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme