Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུང་མ་མི་དགོས། ཆང་འཁྱེར་ཤོག

Posted on 2016-02-072016-02-07 By ཁ་བརྡ 8 Comments on ཆུང་མ་མི་དགོས། ཆང་འཁྱེར་ཤོག

མི་ཉག་སྐལ་བཟང་།
 
ཞི་བདེ་དང་ལྷིང་འཇགས་དཀྲོགས་པའི་ཁོར་ཡུག་གི་གྲུ་ཁ་རེ་རེར།
འཁང་ར་དང་ཕྲག་དོག་གིས་རླུང་འཚུབ་ལྡང་བཞིན།
གཡོ་སྒྱུ་དང་ཁ་ཡག་གིས་མི་ཚེ་རྫོགས་དུས།
རིན་ཐང་དང་བྲོ་བ་མེད་པའི་བརྩེ་གདུང་འདི་ང་ལ་མི་དགོས།
ན་ཟླ་ཚོ། ཆུང་མ་མི་དགོས། ཆང་འཁྱེར་ཤོག

མཚམས་སྤྲིན་དང་དུ་ཞག་འཁྲིགས་པའི་ཉིན་མོ་རེ་རེར།
དགའ་སྡང་དང་ཆགས་ཞེན་གྱིས་ཁ་ལོ་བསྒྱུར་བཞིན།
སྐྱོ་གདུང་དང་འགྱོད་སེམས་ཀྱིས་མི་ཚེ་དེ་རྫོགས་དུས།
རྨ་ཁ་ཆེ་ཞིང་ན་ཟུག་མང་བའི་བརྩེ་གདུང་འདི་ང་ལ་མི་དགོས།
ན་ཟླ་ཚོ། ཆུང་མ་དགོས། ཆང་འཁྱེར་ཤོག

ལྷ་འདྲེ་དང་གདོན་འདྲེ་མང་བའི་རི་གྲོང་རེ་རེར།
རྒོལ་གཏམ་དང་ངུ་ངག་གིས་རི་ཀླུང་ཁེངས་བཞིན།
རེ་དོགས་དང་རྨི་ལམ་གྱི་མི་ཚེ་དེ་རྫོགས་དུས།
བཅོས་མ་དང་བསླུ་བྲིད་ཀྱིས་བརྩེ་གདུང་འདི་ང་ལ་མི་དགོས།
ན་ཟླ་ཚོ། ཆུང་མ་མི་དགོས། ཆང་འཁྱེར་ཤོག

འགག་འཕྲེང་དང་ཀྱག་ཀྱོག་གི་ལམ་ཁ་རེ་རེར།
ངན་སེམས་དང་འགྲན་སེམས་ཀྱིས་བུ་ཡུག་འཚུབ་བཞིན།
འཐོབ་ཤོར་དང་གཞན་དབང་གི་མི་ཚེ་དེ་རྫོགས་དུས།
གྱ་གྱུ་དང་ཆག་གྲུམ་གྱི་བརྩེ་གདུང་དེ་ང་ལ་མི་དགོས།
ན་ཟླ་ཚོ། ཆུང་མ་མི་དགོས། ཆང་འཁྱེར་ཤོག

སྙན་ངག

Post navigation

Previous Post: ཞུ་ཡིག
Next Post: ༸གོང་ས་མཆོག་ལ་བསྟོད་པ་དད་གསུམ་མེ་ཏོག

Comments (8) on “ཆུང་མ་མི་དགོས། ཆང་འཁྱེར་ཤོག”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-07 at 5:27 pm

    ཆང་འཐུང་ར་བཟི་ནས་ཞབས་འདྲེན་ལས་རང་སྲོག་རྔ་མ་འདྲ་བ་དེ་བཅད་ཤོག་དང་སྒྲུང་རྫོགས་མ་རེད་དམ། ཅ་ཟིང་པོ་དེ་འདྲ་དགོས་མ་རེད་གདའ།

  2. སྟོབས་ལྡན། says:
    2016-02-07 at 8:00 pm

    ཆུང་མ་དང་པོ་ཨ་ནེ་བླངས།།
    ཆུང་མ་གཉིས་པ་སོག་མོ་བླངས།།
    ཆུང་མ་གསུམ་པ་མགོ་སེར་བླངས།།
    བྱ་བྱེད་བཙོག་ན་དེ་འདྲ་རེད།།

  3. ཇུང་ཏོག་ says:
    2016-02-07 at 9:22 pm

    ཆུང་མ་མི་དགོས་ན་གྲ་པ་བྱས་ན་ཡག་ལེ་རེད་ཆང་ཉོ་
    རྒྱུའི་ཌོ་ལར་མང་པོ་ཐོབ་ལེ་རེད་ཨ་རོ་ཧ་གོ་ཨེ་ཐི་།

  4. གསང་བདག་སྐྱབས says:
    2016-02-07 at 10:47 pm

    མི་ཉག་སྐལ་བཟང་ཟེར་བ་འདི་རྩོམ་རྐུན་ཞིག་རེད་འདུག རྩོམ་འདི་བོད་ནང་གི་རྩོམ་པ་པོ་རྨ་འོད་ཀྱིས་བྲིས་པ་རེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2016-02-07 at 11:04 pm

    མཁས་དབང་ཨོ་ཤོས།
    དིང་དུས་ཆུང་མ་མི་དགོས་ཤིང་། །
    ཁྱོ་གའང་ཡོད་པས་ཅི་ལ་ཕན། །
    བུ་ཕྲུག་སྤྱི་ཚོགས་ཚོགས་པས་སྐྱོངས། །
    དེ་ལ་ཨ་ཞང་ཨ་སྲུ་མང་། །

    བུ་ཕོར་ཕ་ཡི་ཁོང་ཁྲོ་ཉུང་། །
    བུ་མོར་མ་ཡི་གཡོ་ཐབས་ཉུང་། །
    ཛམ་གླིང་ཞི་བདེར་ཕན་པ་དང་། །
    མི་འབོར་འཕྲི་བའང་འདི་ཡིས་ཕན། །
    ཞེས་པ་ལྟ་བུ་ཨིན་སྐད་དུ་གསུངས་འདུག འདི་ཕོ་ཧྲང་དང་། མོ་ཧྲང་ཚོ་ལ་གདམས་པའོ།།

  6. དགེ་ལེགས། says:
    2016-02-07 at 11:04 pm

    ཡག་མོ་སྐྲག་མོ་འགུ

  7. ཀརྡོ་གཉེར་ཕྱག་པ་ says:
    2016-02-07 at 11:08 pm

    ཆུང་མ་མི་དགོས་ཆང་འཁྱེར་ལགས། །
    ་
    བུད་མེད་མཁའ་འགྲོའི་རིགས་ཡིན་པས། །
    དེ་དང་འབྲེལ་ན་བསམ་དོན་གྲུབ། །
    ་
    ཆང་ནི་ཉེས་པ་ཀུན་གྱི་གཞི། །
    དེ་དང་བྲལ་ན་བསམ་དོན་གྲུབ། །
    ་
    བླ་མ་ཀརྡོས་གདམས་པའོ། །ཧ་ཧ། ཀུ་རེ་དང་། བཅས་སོ།། །།

  8. ཇུང་ཏོག་ says:
    2016-02-08 at 9:08 am

    ཆང་ནི་དམ་ཚིག་ཀུན་གྱི་རྩ་བ་སྟེ་།
    ཨམ་ཆོག་ཞུམ་པར་བྱས་ནས་ཐུང་བར་བྱ་།
    ཆང་ནི་ཉེས་པ་ཀུན་གྱི་གཙོ་བོ་སྟེ་།
    རྩ་སྟེང་ཟིལ་བ་ཙམ་ཡང་སྤང་བར་བྱ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme