Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུང་དུས་ཀྱི་རྒྱུད་རིམ་ནས། བོད་ལ་བལྟས་པ།

Posted on 2011-11-202011-11-22 By ཁ་བརྡ་ 12 Comments on ཆུང་དུས་ཀྱི་རྒྱུད་རིམ་ནས། བོད་ལ་བལྟས་པ།

ཆུང་དུས་སུ་སློབ་ཆུང་འགྲིམ་ལ་ཉེ་བའི་སྐབས་དེ་འདྲ་ཞིག་ལ། རང་ཉིད་ནི་ལོ་ན་ཆུང་བའི་བྱིས་པ་ཞིག་ལས། བོད་སྐད་དང་བོད་ཡིག་ཟེར་བ་ནི་རང་གི་ཤ་གསེང་རུས་གསེང་དུ་འཐིམ་དགོས་པ་ཞིག་ཡིན་པར་གཏན་ནས་ཤེས་ཀྱི་མེད་ཀྱང་། དྲིན་ཕ་མའི་ཆུང་ནས་ཚུར་ལ་བཤད་པའི་སྐད་ནི་བོད་ཀྱི་སྐད་ཡིན་དུས། བོད་སྐད་ནི་སུ་ལ་ཡང་སློང་མི་དགོས་པར་ཤ་དང་རུས་པའི་གསེང་དུ་འཐིན་ཚར་འདུག ད་གཟོད་རང་ཉིད་སློབ་ཆུང་ཞིག་གི་མདུན་དུ་དྲིན་ཆེན་ཕ་མ་གཉིས་ཀྱིས་རེ་བཞག་ཞིག་གིས་སྐུལ་ནས་སོང་། འོན་ཀྱང་། དེ་དུས་སློབ་ཆུང་དེ་ཡི་ནང་དུ་རང་ཉིད་ལ་ཡིག་རིགས་གང་ཞིག་གི་སྒུག་ནས་བསྡད་ཡོད་མེད་གཏན་ནས་ཚོད་དཔག་བྱེད་ཀྱི་མེད་ལ། སློབ་གྲྭ་ནི་ཡི་གེ་སྤྱོང་ས་ཞིག་ལས་གཞན་གང་ལ་ཡང་བསམ་བློ་གཏོང་ག་ལ་ཤེས། ཤེས་པའི་ཚད་ཅིག་གང་ནས་ཡིན། བྱིས་པ་ཆུང་ཆུང་ཞིག་ལ་དཔེ་ཁུག་རྒྱབ་དུ་བཞག་མ་ཐག སློབ་ཆུང་ཟེར་བའི་ནང་དུ་རང་དང་འདྲ་བ་ཆེས་མི་ཉུང་བ་ཞིག་ཡོད་པ་ལས། དེ་ཁུལ་ན་མི་རིགས་ཟེར་བའི་ཕྱོགས་ཞེན་བྱེད་དགོས་ས་ཞིག་དང་། རང་ཉིད་བོད་མི་ཡིན་པའི་འདུ་ཤེས་ཟབ་དུ་གཏོང་དགོས་པ་སོགས་ཀྱི་འཐེན་ཕྱོགས་ཤིག་ཡོད་པ་གཏན་ནས་ཤེས་ཀྱི་མེད།

སློབ་ཆུང་ནི་ཡིག་རིགས་ཤིག་གི་དབྱངས་རྟ་སློབ་ས་ཡིན་ལ། སློབ་ཆུང་དེ་རུ་བོད་ཡིག་དང་རྒྱའི་སྐད་ཡིག་གཉིས་མཉམ་དུ་སྤྱོང་དགོས་ཀྱི་འདུག ཨ་མའི་མངལ་ནས་ལྷུང་བ་ནས་རྣ་ལམ་དུ་བྱང་གོམ་དུ་གྱུར་བ་ནི་བོད་སྐད་ཡིན་དུས། ཡིག་རིགས་དེ་གཉིས་ལས་བོད་ཡིག་ལ་དུངས་པའི་སློབ་མ་ཆུང་ཆུང་ཞིག་ལས། རྒྱ་ཡིག་སྤྱོང་བར་མདུན་པ་ཡོད་པའི་སློབ་མ་ཆུང་ཆུང་ཞིག་དུ་གྱུར་མ་ཐུབ་པ་དེ་ཡང་། ནང་དུ་ལོག་ནས་ཡོང་དུས་ཕ་མ་ཚོས་བཤད་པའི་སྐད་ཆ་ནི་བོད་སྐད་ཡིན་ལ། གྲོང་སྡེ་དང་ཉེ་འཁྲིས་ཀྱི་མི་དག་ཡང་བོད་སྐད་བཤད་མཁན་རྐྱང་རྐྱང་ཡིན་པས་ལོས་ཡིན། དེ་ལྟར་འདུ་ཤེས་ཤིག་དང་ཁོར་ཡུག་ཞིག་གིས་རང་ཉིད་ནི་བོད་ཡིག་ལ་དུངས་པའི་བྱིས་པ་ཞིག་དུ་གྱུར་ནས། བོད་ཡིག་གི་སྤྱངས་འབྲས་བཟང་བ་ནས་བོད་ཡིག་གི་ཁ་ཟས་ཟ་བའི་བོད་ཀྱི་མི་རིགས་ཀྱི་སོན་རྩ་ཞིག་ལ་གྱུར་བའི་འགོ་བཙུགས་སོང་། དེ་དུས་ཀྱི་རང་ཉིད་ཀྱི་སློབ་གྲོགས་མང་ཤོས་ཀྱང་བོད་མི་ཡིན་ལ། དགེ་རྒན་ཡང་བོད་མི་ཤ་སྟག་ཡིན།

ཕྱིས་སུ་འཚར་ལོངས་ཀྱི་རྒྱུད་རིམ་ནས་ངས་ཕྱིར་མིག་ཞིག་བལྟས་དུས། ང་རང་འགྲིམ་སའི་ཁོར་ཡུག་དེ་དག་གི་ཕ་མ་ནི། རང་ཉིད་ཀྱི་ལོ་ཚད་མཉམ་པའི་ཆུང་དུས་ཀྱི་སློབ་གྲོགས་དེ་དག་རེད་ཟེར་གྱི་འདུག དེ་དག་ནི་ཡར་ཐོན་གྱི་ལམ་དུ་བྱིན་པ་རེད་ཟེར། ཁོང་ཚོ་ཡང་བོད་མི་ཡིན་ལ། ཁོང་ཚོས་སློབ་ཆུང་ནས་སློབ་འབྲིང་། དེ་ནས་ལས་བྱེད་བཅས་ཀྱི་ལམ་ཁར་ཞུགས། ལམ་ཁ་དེ་ནས་ཕ་མ་ཆགས། བྱིས་པ་ཁ་ཤས་ཀྱི་ཕ་མར་གྱུར། ཕ་མ་དེ་དག་གིས་རང་རང་གི་བུ་ཕྲུག་ཚོ། གྲོང་གསེབ་ནས་གྲོང་བརྡལ། གྲོང་བརྡལ་ནས་གྲོང་ཁྱེར་ལ་ཁྲིད་འདུག་ཟེར། གྲོང་ཁྱེར་དུ་ཁོང་ཚོས་སྐད་ཆ་ཡང་བོད་སྐད་མ་རེད་ཟེར། གྲོང་ཁྱེར་དུ་བོད་སྐད་ལ་གོང་ཚད་མེད་པ་དང་སྤྱོད་ཡུལ་མེད་པར་གྱུར་འདུག་ཟེར། དེ་ལྟར་ཁོང་ཚོས་རང་གི་ཕ་མ་དག་ལ་འཁང་ར་བྱེད་ཞོར་དུ། རང་གི་བུ་ཕྲུག་དག་ལ་སྐད་ཡིག་གཞན་གྱི་ཁ་བརྡ་བྱས། སྐད་ཡིག་གཞན་གྱི་གོ་བརྡ་སྤྲད། སྐད་ཡིག་གཞན་གྱི་འོག་ནས་འཚར་སྟངས་ཤིག་བསླབ་ཀྱི་འདུག་ཟེར། དེ་དག་ནི་བདེན་པ་ཡིན་པའི་དབང་དུ་བཏང་ན། ངས་དེ་རིང་རང་གི་བུ་ཕྲུག་འདི་གཉིས་ལ། བོད་ཡིག་གི་གོ་གནས་དང་བོད་སྐད་བཤད་སའི་ཁོར་ཡུག་གཏན་ནས་མེད་ས་ཞིག་ཏུ་ཨུ་ཚུགས་ཀྱིས་ཅི་ཞིག་བཤད་ཁུལ་བྱེད་ཀྱིན་པ་དེ་དག་ཡང་། ང་རང་གི་ནོར་འཁྲུལ་ཡིན་ནམ།

ང་རང་བོད་མི་ཞིག་གི་ཁྱིམ་དུ་སྐྱེ་བ་དང་། ཕ་མ་གཉིས་ཀ་བོད་མི་ཡིན་པ། ཕ་མ་གཉིས་ཀྱིས་ང་ལ་བོད་སྐད་བཤད་པ་དེ་ནི་ནོར་འཁྲུལ་དུ་གྱུར་ཡོད་དམ། ཡང་ན། ང་རང་ཆུང་དུས་འགྲོ་སའི་སློབ་ཆུང་དང་། ཁོར་ཡུག་གི་ གྲོགས་པོ་དང་ཉེ་དུ་དེ་དག་ནོར་བ་ཡིན་ནམ། དེ་མིན་དེ་རིང་གི་ངའི་གྲོགས་པོ་དང་གྲོགས་མོ་དེ་དག་གི་འགྱུར་བ་དེ་ནི་མི་ཞིག་གི་འགྱུར་ཚུལ་དང་ལེགས་ཤོས་ཤིག་དུ་བརྩིས་ན་འགྲིག་གི་ཡོད་དམ། དེ་ལས་གཞན་རང་ཉིད་འདི་ལྟར་མི་རིགས་གཞན་ཞིག་གི་ཁྱིམ་ནས་རང་གི་ཤ་ཁྲག་གི་རྒྱུད་པ་འདི་དག་ལ་ཁོར་ཡུག་མེད་ས་ནས་ཁོར་ཡུག་ཞིག་བསྐྲུན་པར་འབད་འབུངས་བྱེད་པ་འདི་ནི་ང་རང་གི་སྟོང་བསམ་ཡིན་ནམ། དེ་མིན་ན་ངས་རང་གི་བྱིས་པ་འདི་གཉིས་རང་ཉིད་འགྲིམ་མ་མྱོང་བའི་ཆུང་དུས་ཀྱི་ལམ་ཕྲན་དེ་འདྲ་ཞིག་དུ་བསྐྱེལ་མ་ཐུབ་ཀྱང་། རང་ཉིད་གང་ནས་ཡོང་བ་དེ་དག་ཤེས་མཁན་གྱི་མི་རྒྱུད་ཅིག་བཟོ་དགོས་པ་དེ་ནི་རང་ཉིད་མི་ཞིག་དང་བོད་མི་ཞིག་ཡིན་པའི་འགན་དུ་བརྩི་དགོས་པ་རེད་དམ། དེ་ལྟར་མ་བརྩིས་པ་ཡིན་ན་རང་ཉིད་མི་དང་མིའི་ཁྲོད་ཀྱི་བོད་མི་ཞིག་དུ་སྐྱེ་བ་དེར་ཁྲེལ་མེད་བྱས་པར་བརྩི་དགོས་སམ། སྐད་ཆ་འདི་ལྟར་སེམས་ཁོང་ནས་བཞུར་ནས་འོང་དུས། ངས་བསྟུད་མར་སྐད་ཆ་དག་ཞིབ་མོ་བློ་ཡིས་སྐྱུགས་མ་ཐུབ་པར་འདི་ནས་སྐྱུར་དགོས་བྱུང་སོང་།

སྣ་ཚོགས།

Post navigation

Previous Post: དྲན་གདུང་།
Next Post: གཟའ་ཉི་མའི་གླེང་མོལ།

Comments (12) on “ཆུང་དུས་ཀྱི་རྒྱུད་རིམ་ནས། བོད་ལ་བལྟས་པ།”

  1. འདོད་ལྷ་ཁམས་པ། says:
    2011-11-21 at 1:11 am

    སློབ་ཆུང་བཤད་ན་སློབ་ཆུང་དྲན་གི །
    ང་ཡི་གནས་ཚུལ་ཁྱོད་དང་གཅིག་རེད། །
    སློབ་ཆུང་སྐབས་ཀྱི་གནས་ཚུལ་དྲན་ན། །
    དགོད་རྒྱུ་སྡུག་རྒྱུ་གཉིས་ཀ་ཡོང་ཀི །

    གྱ་བདུན་ལོར་ང་སློབ་ཆུང་ལོ་རིམ་གསུམ་པར་བསླེབས། སློབ་ཚན་སྐད་ཡིག་དང་རྩིས་རིགས། རྒྱའི་སྐད་ཡིག རང་བྱུང་དང་བསམ་བློ་ཀུན་སྤྱོད་བཅས་རེད། བྱིས་པའི་སེམས་ཁམས་འདི་ཧ་ཅང་གི་དྲང་མོ་དང་བརྟན་པོ་ཞིག་རེད། རྨོ་རྨོའི་སྒྲུང་གཏམ་དེ་ཚོའི་རྐྱེན་ཡིན་ནམ། རྒྱ་ཟེར་བའི་སྒྲ་དེ་རྣ་བས་ཐོས་ཡོང་དུས་རང་བཞིན་གྱིས་མི་དགའ་བའི་ཚོར་བ་བསླེབས། དེ་མཚུངས་རྒྱ་ཡི་མི་དང་རྒྱ་ཡི་ཡི་གེར་ཡང་ཡིད་མི་དགའ་བར་གྱུར་ནས་སློབ་གྲྭ་ཚུགས་པའི་ཉིན་ཤས་རྗེས་རྒྱ་ཡིག་སློབ་དེབ་རལ་ཞིང་གཤགས། རྒྱ་ཡིག་ཚོགས་ཐུན་ལ་བྲོས་ཤིང་ཡིབས། རྒྱ་དགེས་འཇམ་རྩུབ་གྱི་ཐབས་ལམ་གང་བཀོལ་ཀྱང་ཁ་ལ་མ་ཉན།
    བྱ་སྤྱོད་འདི་ཚོ་བྱིས་པའི་སེམས་ཁམས་དང་འབྲེལ་བའི་རང་བཞིན་མངོན་སུམ་རེད། སྐབས་དེར་ངའི་འཛིན་གྲྭའི་ནང་ང་གཅིག་པུ་མ་རེད། སློབ་གྲོགས་ཁ་ཤས་གི་སེམས་ཁམས་ཀྱང་ང་དང་གཅིག་མཚུངས་གི་ཚོར་བ་ཕྱིར་མངོན་པ་རེད། བྱ་སྤྱོད་དེ་ཉིན་གཅིག་མ་རེད། བདུན་ཕྲག་གཅིག་མ་རེད། ཟླ་བ་གཅིག་ཡང་མ་རེད། ལོ་ཧྲིལ་བོར་རེད། དེ་ནས་ལོ་རིམ་བཞི་བ་དང་ལྔ་པར་ཡིག་རྒྱུགས་ཐོག་དཀའ་ངལ་འཕྲད་ན་ཡང་ཨུ་ཚུགས་མཐའ་སྐྱེལ་བ་རེད། གནས་ཚུལ་དེ་འདྲ་རེད། དེ་ནི་བྱིས་པའི་སེམས་ཁམས་རེད། ད་ལྟ་བསམ་ན་ཧ་ཅང་སླད་མ་འདྲེས་པ་རེད།
    རྗེས་སུ་སྐབས་རེར་འགྱོད་པ་སྐྱེད། སྐབས་རེར་དགའ་བ་སྐྱེད། ཞིབ་ཏུ་བསམ་ན་མཚམས་རེར་དེ་དུས་གི་བྱ་སྤྱོད་དེ་ཧ་ཅང་འོས་འཚམས་ཤིག་ཏུ་མཐོང་། གལ་ཏེ་ངས་དེ་དུས་བྱ་སྤྱོད་དེ་འདྲ་ཞིག་བསྟན་མེད་ན་འཛིན་གྲྭ་རིམ་འཕར་གྱིས་མཐར་རྒྱ་གྲོང་འགྲིམ་ནས་དགེ་སྡུག་གི་བླང་དོར་མི་བརྩི་བའི་གཏུམ་དྲག་གི་རང་བཞིན་ཤུགས་ཆེ་བའི་མི་ཧམ་པ་ཆེན་པོ་ཅན་ཞིག་ཏུ་གྱུར་ཉེན་ཧ་ཅང་ཆེ།
    ངས་རང་གི་བྱིས་བློ་ཡི་སེམས་ལ་ཡིད་ཆེས་དང་གུས་བརྩི་ཞུ་བཞིན་ཡོད། ངའི་བྱིས་བློ་མིན་ན་ད་ལྟ་ང་དགེ་སྡུག་བླང་དོར་དང་། འཛམ་གླིང་རྒྱང་བལྟ་བྱེད་པའི་རིན་ཐང་ཆེ་བའི་གོ་སྐབས་འདི་འདྲ་ཞིག་གང་ན་ཡོད། བྱུང་མེད།
    བྱིས་བློ་ཡ་བྱིས་བློ། ཁྱོད་ནི་ཅི་འདྲའི་དྭངས་མ་ཞིག ཁྱོད་ནི་ཅི་འདྲའི་ཟོལ་མེད་ཞིག

  2. ཨ་རིག་འགྱུར་མེད། says:
    2011-11-21 at 3:09 am

    འདྲེ་མགོ་རྡོ་འདི་ཆུང་དུས་གྲྭ་སར་མ་གཏོགས་སློབ་གྲྭར་སོང་བའི་ལོ་རྒྱུས་དེ་རིང་མ་གཏོགས་མ་གོ ཡ་མཚན་རེད།

  3. ཨ་ར་དཀར་པོ says:
    2011-11-21 at 4:07 am

    སློབ་གྲའི་སྐོར་གྱི་སྐད་ཆ་བཤད་ན་ཆུང་དུས་ངའང་བྱིས་པ་སྤྱོད་ལོག་སྤྱོད་ལོག་ཅིག་ཡིན། ཕལ་ཆེར་འདོད་ལྷ་ཁམས་པ་དང་འདྲ་སེ་ཡོད། ང་ཚོའི་སློབ་མ་དང་རྒྱའི་སློབ་གྲ་ཧན་གྲོང་གི་སློབ་མ་ཚོས་ཕན་ཚུན་དགྲ་ལྟར་མཐོང་གིན་ཡོད་ལ། དེ་རྗེས་དམའ་འབྲིང་དང་མཐོ་འབྲིང་སྐབས་སུའང་དེ་འདྲ་རེད། སློབ་ཆུང་སྐབས་ན་ཆུང་གདོང་ལེན་རུ་མིར་མ་ཞུགས་ལ་ཕྱིས་སུ་ཉིན་ཞིག་དགེ་རྒན་ཞིག་གིས་ང་དང་ལོ་ཚོད་མཉམ་པའི་སློབ་མ་སྐོར་ཞིག་ལ་གུང་གཞིན་ཚོགས་པར་སྙན་ཞུ་འབུལ་དགོས་པར་བསྐུལ་ཀྱང་ངས་སྙན་ཞུ་མ་ཕུལ། གཞན་དག་གིས་ཕུལ་ནས་གཟའ་སྤེན་པ་ནམ་ཡིན་གྱི་ཕྱི་དྲོར་ཤང་སྲིད་གཞུང་དུ་ཚོགས་འདུའམ་ཟབ་སྦྱོང་ལ་འགྲོ་བཞིན་འདུག དམའ་རིམ་སློབ་འབྲིང་སྐབས་རྒྱ་ཡིག་གི་ཡིག་རྒྱུགས་སྐབས་དྲི་བ་ཧ་ཅང་ཁག་པོ་བྱུང་སྟབས་གཡོ་སྒྱུ་ཞིག་བྱས་ཏེ་དགེ་རྒན་དང་ཁ་འཛིང་ཞིག་བྱས་ནས་རྒྱུགས་ཤོག་གཙབ་ནས་སློབ་ཁང་ཕྱི་རོལ་ཏུ་ཐོན་པ་ཡིན། ཡིན་ནའང་དགེ་རྒན་ཁོང་སེམས་པ་ཡག་པོ་ཞིག་འདུག གུང་སེང་ནས་སླར་འཛོམས་སྐབས་ང་བོས་ནས་ད་ཁྱོད་ཀྱི་རྒྱུགས་འབྲས་ཅི་ལྟར་བྱེད་དམ། ངས་ཁྱོད་ལ་སྐར་མ༤༠སྤྲད་ན་འགྲིག་གམ་ཟེར་ནས་དྲིས་བྱུང་བས་དེ་དུས་ང་ལའང་སེམས་འགུལ་ཅུང་ཐེབས་སོང་།
    ཧཧཧ་་ད་ཉོག་བཤད་བྱས་ནས་བྱིས་དུས་ཀྱི་བརྗེད་དཀའ་བའི་འཚོ་བར་བསྐྱར་ལོག་བྱེད་ཀྱིན་འདུག

  4. འདྲེ་མགོ་རྡོ། says:
    2011-11-21 at 7:42 am

    གོང་གི་འདྲེ་མགོ་རྡོ་ཟེར་བ་དེ་ང་འདྲེ་མགོ་རྡོ་ངོ་མ་མིན། ཁ་བརྡ་རྩོམ་སྒྲིག་པས་སྟངས་འཛིན་བྱེད་རོགས། ཨོ་གཞན་ཨ་རིག་འགྱུར་མེད་ཟེར་བའི་བྱིས་པ་དེ་དོགས་པ་ཡོང་སྟངས་དེ་ཤེས་མ་སོང་། ང་འདྲེ་མགོ་རྡོ་སྐུ་ངོ་མ་ཆུང་དུས་ནས་སློབ་གྲྭ་འགྲིམས་པ་མ་གཏོགས་གྲྭ་ས་འགྲིམས་མྱོང་མེད་ལ། སློབ་གྲྭའི་ནང་རིག་རྡིབ་བསླབ་འབྲས་ལེན་རྒྱུ་མེད་པ་དེ་འདྲའང་མིན་ལགས། ཁྱེད་ནས་དོ་སྣང་གནང་བ་འདི་ཡག་གི་ཡ། གཞན་སློབ་སྟོན་འདྲ་བྱེད་དགོས་ན། རྩོམ་འབྲི་དགོས་ན་ང་ལ་གསུང་དང་བྲིས་ཆོག ཧཧཧཧཧ རྩེད་མོ་ཡིན།

  5. དགྲ་བཅོམ་པ། says:
    2011-11-21 at 9:43 am

    གཅན་བཟོད་རྒྱམ་ལགས། སྐད་ཆ་བཤད་དུས་ཚོད་ཟིན་ན་ལོས་དགའ།

  6. འདོད་ལྷ་ཁམས་པ། says:
    2011-11-21 at 2:20 pm

    ཡི་གེ་བ་ལ་ལའི་སྐད་ཆ་ཤོད་དུས། གནད་དོན་གྱི་གནས་ལུགས་ཤོད་རྒྱུ་བཞག་ནས་མི་ག་གེ་མོའི་སྐོར་རྩད་གཅོད་བྱེད་པ་དང་མར་ལ་འཐེན་པ་ནི་རང་གིས་རང་ཉིད་འདམ་ནང་དུ་འདྲུད་པ་མ་གཏོགས་ཅང་མེད། ཁྱེད་ཚོའི་ད་ལྟ་བར་དུ་ཡི་གེ་སྦྱངས་བའི་དམིགས་ཡུལ་སྐད་ཆ་དེ་འདྲ་ཁོ་ན་ཤོད་རྒྱུའི་ཆེད་དུ་ཡིན་རྒྱུ་མ་རེད་པྭ སེམས་ཀྱིས་ཡིན། ཕོག་ཞིང་ཐུག་ན་དགོངས་འགལ་མེད་ཞུ།

  7. འཇམ་དབྱངས་དོན་ says:
    2011-11-21 at 2:30 pm

    སྙན་བྱུང་ངོ་མ་ཁྱེད་ཀྱི་སེམས་ཁོང་ནས་གཙིར་བའི་མར་ཁུང་འདི་ནི། ཁྱོད་ས་གནས་གང་དུ་གནས་ཀྱང་བོད་དང་བོད་པའི་སྐད་ཡིག་གི་བྱིན་བརླབས་ ཁྱེད་ཀྱི་སེམས་ལ་གྱུར་བ་བཟང་པོ་ཞིག་གཏོང་ཡོད་པའི་རྣམ་པ་རེད་ཨ། དེས་ན་རང་གི་བྱིས་པ་གཉིས་ལའང་བོད་དང་བོད་པའི་སྐད་ཡིག་གི་བསྒོམ་ཤིས་བཟང་པོ་ཆགས་ངས་ཡིན་པའི་རེ་བ་ཡོད་ཨཨཨཨཨཨཨཨཨཨ་་།།།།

  8. བོད་ཀྱི་བུ། says:
    2011-11-21 at 4:59 pm

    དྲ་གྲོགས་ཚོ། གོང་གི་འདྲེ་མགོ་རྡོ་དང་པོ་འདྲེ་མགོ་རྡོ་དངོས་མིན་ཞེས་དོ་བདག་ཐོན་འདུག དེ་བཞིན་གཅན་བཟོད་རྒྱམ་ཟེར་བ་འདི་ཡང་གཅན་བཟོད་རྒྱམ་དངོས་གནས་མིན་པར་སྣང་། འདིས་སྐད་ཆ་ཤོད་སྟངས་དང་ཡི་གེ་འབྲི་སྟངས་ཚང་མ་གཟན་བཟོད་རྒྱམ་གྱི་འབྲི་སྟངས་འདྲ་བོ་མི་འདུག འདི་ཚོ་ལག་ལྤགས་གྱོན་པའི་སྤྱང་ཀི་ཁ་ཤས་ཡིན་པར་འདུག་པས་ཚང་མས་གཟབ་རྒྱུ་དང་། དྲ་བདག་གིས་ཀྱང་སྟངས་འཛིན་བྱ་རྒྱུ་གལ་ཆེ་བར་མཐོང་།

  9. འདྲེ་མགོ་རྡོ། says:
    2011-11-22 at 12:49 am

    མི་མང་པོ་ཞིག་གིས་ ༢༠༠༥ ནས་བཟུང་ངའི་མིང་ལ་འདྲེ་མགོ་རྡོ་ཞེས་འབོད་ཅིང་། ༢༠༠༩ ནས་ངས་ཁ་བརྡ་དང་དུས་བབ་དྲ་ཚིགས་སུ་མཆན་བུ་རེ་ཟུང་བཀོད་ཡོད། གོང་གི་མཆན་བུ་བཞི་བ་འདེབས་མཁན་དེས་འདྲེ་མགོ་རྡོ་དངོས་དེ་ཁོ་ཡིན་ཚུལ་འདྲ་ཞིག་བཤད་འདུག་ཀྱང་ཁོ་བོས་མཆན་བུ་མ་བཀོད་པའི་སྔོན་དེར་འདྲེ་མགོ་རྡོ་ཞེས་པ་ཞིག་མཐོང་མ་སོང་། དེ་ལྟ་ནའང་། མ་མཐོང་ཕྱིར་ན་མེད་པ་མིན་ཕྱིར་གོང་གི་མཆན་བུ་བཞི་བ་འདེབས་མཁན་དེས་ངས་མཆན་བུ་མ་བཏབ་པའི་ཡར་སྔོན་ནས་ཁོས་འདྲེ་མགོ་རྡོའི་མིང་ཐོག་ནས་རྩོ་ཡིག་སྤེལ་ཡོད་པའི་རྒྱུ་མཚན་ར་སྤྲོད་ངེས་པར་དུ་བྱ་དགོས་ལ། གུས་པས་ཀྱང་ར་སྤྲོག་གསལ་བོ་ཞིག་བྱ་ངེས་ཡིན། འདྲེ་མགོ་རྡོ་དངོས་ནས་དེ་སུ་ཡིན་མིན་གྱི་གསལ་ཁ་མ་བྱས་གོང་དུ་རྩོམ་སྒྲིག་པས་བདག་གི་མཆན་དེ་བསུབས་པས་ཁྱེད་ཅག་གི་ངོས་ནས་འདི་ལ་དཔྱད་ཞིབ་ཡང་དག་ཅིག་གནང་ཡོད་དམ། གལ་སྲིད་ཁོ་བོ་ཁྱེད་ཅག་གིས་གསལ་བསྒྲགས་གནང་བའི་ཁྲིམས་དང་འགལ་ཡོད་ཚེ་ངའི་མཆན་བུ་རྣམས་རྩ་འགོག་བྱས་ཀྱང་ལེགས་ལོ་ཞུ་རྒྱུ་ཡིན། སྤྱིར་འདྲེ་མགོ་རྡོ་དངོས་ནས་སུ་ཡིན་མིན་དེ་ཙམ་གལ་འགང་ཆེན་པོ་ཞིག་མིན་ནའང་རྩོམ་ཡིག་དང་མཆན་བུ་ཐན་ཐུན་རེ་འབྲི་སྐབས་ཀྱང་ངེས་པར་དུ་གཟབ་དགོས་པ་ཞིག་རེད་སྙམ། ཀློག་པ་པོ་རྣམ་པ་ལགས། འདྲེ་མགོ་རྡོ་མིང་ཅན་ངེད་གཉིས་ཀྱི་ལོང་གཏམ་འདིས་ཁྱེད་ཅག་གི་ཐུགས་སུན་པོ་བཟོས་ཡོད་པས་དགོངས་འགལ་མེད་པར་མཁྱེེན་མཁྱེན། །

  10. འདྲེ་མགོ་རྡོ། says:
    2011-11-22 at 1:37 am

    ཁ་བརྡ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས། ཁ་བརྡའི་ནང་འདྲེ་མགོ་རྡོ་ཟེར་བ་ཞིག་གིས་མཆན་བུ་འགའ་བཏབ་འདུག་པས། དེ་ང་འདྲེ་མགོ་རྡོ་ངོ་མ་མིན་ལ།

    གོང་གི་འདྲེ་མགོ་རྡོ་ཟེར་བ་དེ་ང་འདྲེ་མགོ་རྡོ་ངོ་མ་མིན། ཁ་བརྡ་རྩོམ་སྒྲིག་པས་སྟངས་འཛིན་བྱེད་རོགས།

    {མི་བུ་འདིས་ང་འདྲེ་མགོ་རྡོ་ངོ་མ་མིན་ཞེས་བྲིས་འདུག་མོད། རྩོམ་སྒྲིག་པས་ངས་མཆན་བུ་གསུབ་དགོས་དོན་ཅི།}

  11. སྒྲོན'མེ' says:
    2011-11-22 at 2:52 am

    ཨ’ཙི’ ད’མི’འདི’ཚོའི’སེམས’ལ’ག’རེ’འདྲ’ཞིག’དྲན’གྱིན’ཡོད’ན།
    རང’མིང’བཞག’ནས’གཞན’གྱི’མིང’ཐོག’ལ’རྩོམ’ཡིག’སྤེལ’དོན’ཅི’ཡིན’ན།
    ཨ’རེད’ཡ’ཁ’བརྡ’རྩོམ’སྒྲིག’ཁང’ལ’སྐྱབས’འཇུག’ཞུ’རྒྱུ’ལས’གཞན’ལྷག’མ’སོང’།
    འདྲེ’མགོ’རྡོ’ཟེར’མཁན’ངོ’མ’དེ’སུ’ཡིན’ན’སྙིང’རྗེ’
    ད’ངོ’ནས’མ’ཤི’ན’གོ’རྒྱུ’མང’གི’ཡ’མང’གི།

  12. མིག་གསུམ་པ། says:
    2011-11-22 at 2:58 am

    ཁ་བརྡ་དྲ་ཚིགས་སུ་འདྲེ་མགོ་རྡོ་མང་པོས་མགོ་ཐུག་རྒྱག་གིན་འདུག འདྲེ་མགོ་རྡོ་དངོས་ཡིན་མིན་རྩོད་པ་ལས་འདྲེ་གཅིག་གི་མགོ་ལ་རྭ་ཞིག་ཞོགས་དང་གནད་དོན་སེལ་བ་རེད།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (40)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme