Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆིག་སྒྲིལ་དུས་དེབ་ཀྱི་དྲི་བ། ཨ་རིག་དགེ་མཐོང་གི་དྲིས་ལན།

Posted on 2012-12-182012-12-18 By ཁ་བརྡ་ 5 Comments on ཆིག་སྒྲིལ་དུས་དེབ་ཀྱི་དྲི་བ། ཨ་རིག་དགེ་མཐོང་གི་དྲིས་ལན།

མཁོ་འདོན་པཿ ཨ་རིག་དགེ་མཐོང་།

༡༽ བཀྲ་ཤིས་བདེ་ལེགས། ཐོག་མར་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན་དང་པོ། ང་ལ་ལོ་རྒྱུས་དམིགས་བསལ་བ་ཅང་མེད། ཡོངས་གྲགས་ཀྱི་མིང་ལ་ཨ་རིག་དགེ་མཐོང་དང་པིར་མིང་ལ་ཨ་ཚེ་འབར་ཟེར།

༢༽ སྤྱིར་བཏང་ཉིད་ཀྱིས་ཆིག་སྒྲིལ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།དེའི་ཐོག་ནས་འགྲེལ་བཤད་ཅིག་གནང་རོགས།

ལན་གཉིས་པ། ཆིག་སྒྲིལ་ལབ་ན་ནུས་ཤུགས་ཕྱོགས་གཅིག་ཏུ་སྤུངས་པའི་དོན་དང་། མདོར་ན། མཉམ་རུབ་བྱས་པ་འདྲ་བོ་རེད། ཚིག་གི་ངོ་གདོང་ནས་བལྟས་ན་མཉམ་རྒྱུག་གམ་དམིགས་ཡུལ་དུ་མ་སླེབས་པར་མཉམ་རྒྱུག་བྱེད་པ། དེ་ལ་ཁ་ནས་ཆིག་སྒྲིལ་བྱེད་པ་དང་དོན་གྱི་ཆིག་སྒྲིལ་བྱེད་པ་སོགས་རིགས་ཧ་ཅང་མང་། བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་ཁ་ཙམ་གྱི་ངོ་བོ་མཆིས་ལ། ལྷག་པར་ཚོགས་སྡེ་ཁག་གི་བར་གྱི་ཆིག་སྒྲིལ་དེ་ཁ་གཡང་ཙམ་དུ་ཟད། ཉིས་སྟོང་བརྒྱད་ནས་བཟུང་གཞིས་བཞུགས་ཆོལ་གསུམ་སྤུན་ཟླ་ཚོ་རྩ་དོན་སླད་དུ་འགུལ་སྟངས་དེ་ནི་དོན་གྱི་ཆིག་སྒྲིལ་རེད་བསམ། མདོར་ན། བཙལ་བྱོལ་ནས་ཆེན་པོ་ཚོས་བགྲོ་གླེང་སྐབས་དང་བརྙན་རླུང་འཕྲིན་ཁག་ཏུ་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་ཅེས་སྤོམ་བཤད་འཐེན་པ་ལས་ལག་ལེན་གྱི་སྐབས་སུ་སྒེར་དོན་གྱིས་བཟི་སྟེ་སྐེ་རྩ་ཇེ་སྤོམ་དུ་འགྲོ་མཁན་མང་།

༣༽ དེ་སྔ་བོད་མི་རྣམས་ཀྱིས་ཆིག་སྒྲིལ་གྱི་ནུས་པ་གང་འདྲ་ཐོན་པ་དང་། ཆིག་སྒྲིལ་མེད་པའི་རྐྱེན་གྱིས་འཐུས་ཤོར་གང་དང་གང་བྱུང་མིན་སྐོར་གསུང་རོགས།

ལན་གསུམ་པ། ངས་བལྟས་ན་ཆིག་སྒྲིལ་མ་བྱས་པས་བོད་ས་ཤོར་བ་རེད། གང་ཞེ་ན། ཨ་མདོ་ནས་ཡར་སྡེ་བ་གཞུང་ལ་ཏར་བཏང་སྟེ་གནས་ཚུལ་ཞུས་ཀྱང་སྐུ་དྲག་ཚོ་ཤཱོ་མཱ་ཅང་དང་ཆང་རག་གིས་བཟི་སྟེ་དུས་ལྟར་ལན་མ་ཕུལ་བ་དེས་མདོ་སྨད་ཀྱི་མི་སྣ་གལ་ཆེན་ནམ་དཔོན་པོ་དང་དམངས་ཚོགས་ཀྱི་སེམས་ལ་སྡུག་བཞག་པ་མ་ཟད་དོན་དངོས་ཀྱིས་ཀྱང་འཐུས་ཤོར་ཆེན་པོ་ཕྱིན་ཡོད། དེ་བཞིན་ཁམས་པས་དམག་རྒྱག་སྐབས་སུ་གནས་ཚུལ་ཡར་ཞུས་སྐབས་ལྷ་ས་ནས་སྐུ་དྲག་མི་དྲག་ཚོས་སྤྲོ་གསེང་བཏང་སྟེ་སྨྱོ་བཞིན་པའི་སྒང་རེད།ཡང་བོད་ས་ཤོར་བའི་རྗེས་སུ་ལྷ་ས་ནས་ཡར་ལངས་བྱེད་སྐབས་ཨ་མདོ་དང་ཁམས་པ་ཁ་རོག་གེར་བསྡད་པའི་བཟོ་ལྟ་མཆིས། འདི་དག་ནི་ཆིག་སྒྲིལ་མ་བྱས་པའི་རྒྱུ་མཚན་དུ་འདྲེན་ཆོག་རྒྱུ་རེད་སྙམ། གཞན་དུས་རབས་གསར་བའི་མགོ་ནས་བོད་ནང་དུ་ཆིག་སྒྲིལ་གྱི་ནུས་པ་རེ་མཐོང་གི་འདུག དཔེར་ན། ལྷ་ས་ནས་སྐད་འབོད་བྱས་པ་དང་ཁམས་དང་ཨ་མདོ་ནས་མེ་བསྲེགས་བཏང་བ་སོགས་ནི་ཆིག་སྒྲིལ་གྱི་དན་རྟགས་ཤིག་ཏུ་ཚོར།

 

༤༽ ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་གྱེས་ཡོད་པ་དང་། མ་ཟད་བོད་འདི་ལ་ཆོལ་ཁ་གསུམ་དང་། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་ཡོད་པ་རེད། དེ་དག་ལ་ཆིག་སྒྲིལ་གྱི་ནུས་པ་གང་འདྲ་ཞིག་ཡོད་མིན་གསལ་པོར་གསུང་རོགས།

ལན་བཞི་བ།  རྩ་བའི་དྲི་བ་ཕལ་ཆེ་བ་ཁ་ཕྱོགས་གཅིག་འདྲ་བོ་རེད། བཞི་བ་འདིའི་ནང་གི་བོད་གཞིས་བྱེས་གཉིས་དང་ཆོལ་ཁ་གསུམ་གྱི་ཆིག་སྒྲིལ་དེ་གོང་དུ་རགས་ཙམ་བཤད་པ་དེ་ལས་གཞན་གསར་བ་གང་ཡང་མེད།ཆོས་ལུགས་ཀྱི་མཐུན་སྒྲིལ་ལམ་ཆིག་སྒྲིལ་དེ་སྔོན་གྱི་ལོ་རྒྱུས་ལ་བལྟས་ན་དགག་རྒྱག་དང་ཟུར་སའི་ལམ་ནས་མི་ཚེ་བསྐྱལ་བའི་ཚུགས་ཀ་འདུག འོན་ཀྱང་༸གོང་ས་མཆོག་གི་ཐུགས་རྗེ་ལས་ད་ལྟ་ཆོས་ལུགས་ཀྱི་མཐུན་སྒྲིལ་ལམ་ཆིག་སྒྲིལ་ནི་ཡིད་སྨོན་བྱེད་སའི་གནས་སུ་གྱུར་ཡོད།

 

༥༽ ད་ལྟའི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཆིག་སྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་བཅས་གསུམ་གྱི་ལྟ་གྲུབ་ཅིག་གསུངས་ཡོད་པར་བརྟེན་འདས་པའི་ལོ་ གཅིག་གི་རིང་ལ་ཆིག་སྒྲིལ་གྱི་སྐོར་ལ་ཕྱག་ལས་གང་དང་གང་གནང་ཡོད་མེད་སྐོར་གསལ་པོ་ཞིག་གསུང་རོགས།

ལན་ལྔ་བ། སྤྱིར་བཏང་དྲི་བ་འདི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་ལ་ཞུ་རྒྱུ་ལས་གཞན་གྱིས་མི་ཤེས་པའི་སྐོར་རེད། ཡིན་ནའང་ངས་དེ་རིང་འདིར་དཔེ་ཞིག་ལ་གཞི་བཅོལ་ནས་བསམ་འཆར་ཅིག་ཞུས་ན། བློ་བཟང་སེང་གེའི་དམིགས་ཡུལ་གསུམ་མམ་འཆར་གཞི་གསུམ། ཡང་ན་རྩ་དོན་གསུམ། འདི་ནི་ཁོ་རང་ཐོག་མར་བཀའ་ཁྲིའི་འོས་མིར་ལངས་པ་ནས་སྤྱི་ཚོགས་སུ་བསྒྲགས་པ་རེད། ད་ལྟ་དེ་ལ་ནུས་པ་ཐོན་ཡོད་མེད་ལབ་ན། དེ་ནི་ཉེ་སྔོན་ཨ་རི་ནས་ཀུ་ཤུ་རྟགས་ཅན་གྱི་ལག་ཁྱེར་ཁ་པར་ཐོན་ལྔ་བ་ཁྱབ་བསྒྲགས་བྱས་པ་དང་གཅིག་མཚུངས་རེད། རྒྱལ་ཁབ་སྟོབས་ཆེན་ཁག་ཏུ་དངོས་སུ་བཀྲམ་ཡོད་པ་དང་། རྒྱ་གར་གཙོའི་རྒྱལ་ཁབ་ཁག་ཅིག་གིས་ད་དུང་ཟླ་བ་འགའ་རེ་ལ་བསྒུག་རྒྱུ་ལས་རེ་བ་མེད་པ་དེ་རེད། དེ་བཞིན་བློ་བཟང་སེང་གེའི་ཆིག་སྒྲིལ་དང་གསར་བཏོད། རང་མགོ་རང་ཐོན་ནི་ཁ་པར་དེ་ནང་བཞིན་ངྷ་སའི་བཀའ་སྤྱི་ན་བེད་སྤྱོད་གཏོང་གི་ཡོད་པས་ཤེས་སྲིད། དེ་མིན་བོད་ཀྱི་སྤྱི་ཚོགས་ཡོངས་ལ་མཚོན་ན་ད་དུང་བློ་བཟང་སེང་གེའི་ལོ་ལྔའི་རིང་ཕྱག་ལས་གནང་བའི་མཇུག་ཏུ་ཤེས་རྒྱུ་ཞིག་རེད། ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེའི་ཁྱད་ཆོས་དེང་གི་བརྡ་འཕྲིན་བརྒྱུད་ཕལ་ཆེ་བས་ཤེས་ཡོད་ལ། ཁྱད་ཆོས་དེ་དག་ཡོད་མེད་ནི་འཛམ་གླིང་གི་མི་ཕལ་ཆེ་བར་ད་དུང་ལྐོག་ཏུ་གྱུར་ཡོད། དེ་ནི་བློ་བཟང་སེང་གེའི་ཆིག་སྒྲིལ། གསར་བཏོད། རང་མགོ་རང་ཐོན་གསུམ་ཁོང་གིས་སྔོན་ནས་བསྒྲགས་ཟིན་པ་དང་། ཁྱད་ཆོས་དེ་ང་ཚོའི་སེམས་སུ་ཡོད་པས་བློ་བཟང་སེང་གེ་ལ་བཀའ་ཁྲིའི་རྒྱལ་ཁ་འདི་ཐོབ་པ་རེད། ཁ་པར་དེ་ལ་གློག་རྫས་ཀྱི་རྒྱུན་རིང་བོར་འདང་བའི་ནུས་པ་སོགས་དམིགས་བསལ་བ་རེད་ཅེས་པ་བདེན་མིན་རྗེས་སུ་ཉོས་རྗེས་བེད་སྤྱད་པ་ལས་ཤེས་རྒྱུ་མ་གཏོགས་ད་ལྟ་ཡིད་སྨོན་ཙམ་ཤོར་ནས་འདུག་རྒྱུ་དེ་རེད། དེ་བཞིན་བློ་བཟང་སེང་གེའི་རྩ་དོན་གསུམ་ཀུན་གྱི་རྣ་བར་སྙན་པ་དང་བློ་ངོར་འཕྲོད་ན་ཡང་། དེ་ལག་ལེན་བསྟར་ཐུབ་མིན་དང་ད་ལྟ་ལག་ལེན་བསྟར་ཡོད་མེད་སོགས་ནི་ང་ཚོ་དམངས་ཚོགས་ཀྱིས་གསོལ་འདེབས་འོག་ནས་བསྒུག་རྒྱུ་དེ་རེད། མཇུག་འབྲས་ཨོ་བྷ་མ་དང་གཅིག་པ་ཆགས་རྒྱུ་ཡིན་མིན་དོགས་གནས་རེད།

༦༽ དུས་དེབ་འདི་བརྒྱུད་ནས་འབྱུང་འགྱུར་ཆིག་སྒྲིལ་གྱི་སྐོར་ལ་ཐབས་ལམ་གསར་པ་དང་། ཡང་ན་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།

ལན་དྲུག་པ། ཁྱེད་ཅག་གི་དེབ་འདི་བརྒྱུད་ནས་མི་མང་ལ་ཞུ་རྒྱུ་ཞིག་ལ། བཙལ་བྱོལ་བོད་མིའི་ཆིག་སྒྲིལ་དེ་ད་ལྟ་ཁ་ནང་དུ་ཡོད་པ་ལས་སེམས་ནང་དང་ལག་ལེན་ཁྲོད་མེད་པ་དེ་ཡིད་དུ་བཟུང་སྟེ། མ་འོངས་བོད་ཀྱི་སོན་རྩར་གྱུར་བའི་མི་རབས་གསར་བ་སློབ་བུ་ཚོས་ཁ་མིན་དོན་གྱི་ཆིག་སྒྲིག་ཅིག་ལ་འབད་རྒྱུ་གལ་ཆེ། དེ་མིན་བཙན་བྱོལ་བོད་མི་ལ་ཆིག་སྒྲིལ་ཡོང་རྒྱུ་ད་དུང་ལོ་ཉི་ཤུ་སུམ་ཅུ་འགོར་སྲིད། ལྷག་པར་ཆོལ་ཁ་དང་ཆོས་ལུགས་ཀྱི་མཐུན་སྒྲིལ་གཏོར་བཤིག་གཏོང་མཁན་ཕལ་ཆེ་བ་མི་སྣ་ནུས་ཤུགས་ཅན་དང་སེར་མོ་ཚོའི་སྡེ་ན་ཡོད་པས་དམངས་ཁྲོད་ནས་གོ་རྟོགས་སད་དེ་ཆིག་སྒྲིལ་ཚད་ལྡན་ཞིག་བསྐྲུན་དགོས། མདོར་ན། བོད་ནང་གི་ཆིག་སྒྲིལ་ལ་གཞིག་ནས་བཙན་བྱོལ་ནས་ཀྱང་ཆིག་སྒྲིལ་ཡོད་མདོག་གི་སྣང་བརྙན་དེ་དོེར་ཏེ་སེམས་པ་དཀར་པོ་ཞིག་གཞིས་ལུས་སྤུན་ཟླ་ཚོ་སྟོན་རྒྱུ་སྐུ་མཁྱེན། གལ་སྲིད་དེ་མི་འཇོན་ན་འཁྲབ་སྟོན་ཟློས་གར་གྱི་ངོ་བོ་ལྟ་བུའི་ཆིག་སྒྲིལ་དེ་ལ་བཅོས་བསྒྱུར་གཏོང་རོགས་ཞུ། དེ་ཙམ་ལས་མེད། ཆིག་སྒྲིལ་རྩོམ་སྒྲིག་ཁང་གིས་ཕྲན་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་ཤིག་བསྐྲུན་པར་ཁྱེད་ཅག་ལ་བཀའ་དྲིན་ཞུ་རྒྱུ་དང་། ཁྱེད་ཅག་གིས་ཆིག་སྒྲིལ་ཅེས་མིང་སྙན་མོ་འདིའི་འོག་ནས་དུས་དེབ་ཅིག་གིས་ཚེ་སྲོག་རྒྱུན་སྐྱོང་གནང་བ་ལ་རྗེས་སུ་ཡི་རང་ཞུ།  ནོར་འཕྱུག་མང་སྲིད་པས་ཀློག་པ་པོ་ལ་དགོངས་སེལ་ཡོད།

བཅར་འདྲི།

Post navigation

Previous Post: ཁྲི་རྒྱབ་དྲུག་འགྱོགས།
Next Post: གསར་འགྱུར་ཞེད་སྣང་ཚ་བོ་ཞིག

Comments (5) on “ཆིག་སྒྲིལ་དུས་དེབ་ཀྱི་དྲི་བ། ཨ་རིག་དགེ་མཐོང་གི་དྲིས་ལན།”

  1. ངོ་ལུག says:
    2012-12-18 at 9:52 pm

    ཆོལ་ཁ་རྩོད་པ་གླང་གི་ལུགས།
    ཆོས་ལུགས་རྩོད་པ་ཕག་གི་ལུགས།
    མི་རིགས་རང་དབང་འཐབ་རྩོད་ཆེད།
    རྩོད་པ་འགྲོ་བ་མི་ཡི་ལུགས།
    མཛུབ་མོ་ལྔ་པོ་བསྡུས་ན་ཁུ་ཚུར་ཡིན།
    ལྕགས་ལེབ་མིག་དགུ་བསྒྲིག་ན་གོ་ཁྲབ་ཡིན།

  2. ཨ་རིག་དགེ་མཐོང་གིས། says:
    2012-12-18 at 10:31 pm

    ངོ་ལུག་སྐད་ཆ་གནས་ལུགས་ཅན། །
    ཡིད་དུ་བཟུང་ན་དགེ་མཚན་ཆེ། །
    བདག་གིས་དེ་ལ་བདེན་ཁ་སྟེར། །
    ངོ་མཚར་ལེགས་བཤད་མང་ཙམ་སྤེལ། །

  3. འཇམ་གཅེས says:
    2012-12-18 at 11:20 pm

    ངོ་ལུག་སྐད་ཆ་གནས་ལུག་བྲལ། །
    གླང་དང་ཕག་པའི་འཁྲུག་འཛིང་དག །
    སྒེར་གྱི་ལྟ་སྤྱོད་མཐུན་མིན་ལས། །
    ཕྱོགས་རིས་ཞེས་པའི་ཐ་སྙད་དབེན། །
    འཛུབ་མོ་ལྔ་པོ་བསྡུས་ན་ཁུ་ཚུར་ཡིན། །
    ཁུ་ཚུར་རྡོ་དང་ཐུག་ན་ལྟད་མོ་ཡོད། །
    ལྕགས་ལེབ་མིག་དགུ་བསྒྲིག་པ་གོ་ཁྲབ་ཟེར། །
    རྒྱ་དམག་སྔོན་དུ་ཤོག་བུའི་ལྭ་བ་འདྲ། །

  4. ཨ་རིག་དགེ་མཐོང་གིས། says:
    2012-12-19 at 2:31 am

    འཇམ་གཅེས་འཇམ་པོའི་ཁ་ན་ཚིག་རྩུབ་མང་། །
    དོན་ནི་བྱང་སེམས་ཤིག་གི་བཟོ་ལྟ་མཆིས། །
    དྲ་འབུའི་སྡེ་དཔོན་ཞིག་ལ་ཧ་ཅང་མཛའ། །
    གྲྭ་གྲོང་གང་ཡིན་ད་དུང་གསལ་ཆ་མེད།

  5. བསྟན་འཛིན། says:
    2013-01-08 at 8:14 pm

    ཨ་མདོ་ནས་ཡར་སྡེ་པ་གཞུང་ལ་ཏར་བཏང་སྟེ་གནས་ཚུལ་ཞུས་ཀྱང་སྐུ་དྲག་ཚོ་ཤཱོ་མ་ཅང་དང་ཆང་རག་གིས་གཟི་ནས་དུས་ལྟར་ལན་མ་ཕུལ་བ་དེས་མདོ་སྨད་ཀྱི་མི་སྣ་གལ་ཆེན་ནམ་དཔོན་པོ་དམངས་ཚོགས་ཀྱི་སེམས་ལ་སྡུག་བཞག་མ་ཟད་དོན་དངོས་ཀྱིས་ཀྱང་འཐུསཤོར་ཆེན་པོ་ཕྱིན་ཡོད། ཞེས་བཤད། ཡར་ཏར་བཏང་མཁན་མི་དེ་སུ་རེད། མར་ཏར་ལན་མ་ཕུལ་མཁན་སྐུ་དྲག་དེའི་མིང་དང་ལོ་རྒྱུས་གང་རེད། ལོ་དུས་དང་དོན་དག་གང་ཞིག་གི་སྐོར་བཏང་བ་རེད། ཤོ་བག་རྒྱན་འཛུགས་དང་ཆང་རག་གིས་གཟིས་ནས་དུས་ལྟར་ལན་མ་སྤྲོད་པས་ཁྱེད་ཀྱི་གང་ནས་ཤེས་སམ། སྡེ་པ་གཞུང་གི་སྐུ་དྲག་ཚོ་རྒྱན་དང་ཆང་རག་དགའ་ཚུལ་བོད་པའི་ཁ་རྒྱུན་དེ་ཙམ་ནས་ཨ་རེད། ཧཧཧཧཧཧཧཧ བོད་ཀྱི་ལོ་རྒྱུན་སྨྲ་བའི་མཁས་པ་ཁྱེད་ཚོས་ཁ་ནས་ཐོན་ཚོད་བདེན་པར་སུ་ཡིས་འཛིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme