Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆར་ལིའི་སི་སྒྲར་བེན།(Charles Darwin)

Posted on 2009-08-24 By དགེ་རབ་ No Comments on ཆར་ལིའི་སི་སྒྲར་བེན།(Charles Darwin)

རྔ་བ་རྒྱལ་ཁམས་པ།
_______________
སྒྲར་བེན་དང་རིམ་འབྱུང་།
མགོ་བརྗོད།

Charles Darwin (12 February 1809 – 19 April 1882)
Charles Darwin (12 February 1809 – 19 April 1882)
དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་བོ་དེ་ཉིད་ཀྱིས། ངེས་བ་དོན་དུ་འཇིག་རྟེན་མཐུན་སྣང་གི་གཡུལ་ངོ་ཕྲ་རགས། བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ཏེ། དག་དང་མ་དག ཡོད་མིན་མེད་མིན། འཁོར་བ་དང་མྱང་འདས། སངས་རྒྱས་དང་སེམས་ཅན་སོགས་རང་ཅག་གིས་བློས་བཏགས་པའི་ཐ་སྙད་འདི་དག་ཅུང་ཟད་ཙམ་ཡང་ཡོད་མ་མྱོང་བའི་རང་བཞིན་གྱི་རིག་པའི་དབྱིངས་ཤིག་ན། ཤེས་བྱའི་གནས་ལུགས་འབད་མེད་ལྷུན་གྲུབ་ཏུ་རྟོགས་པའི་མཐུ་བརྙེས་ཤིང་། ཡེ་ཤེས་ཀྱི་རོལ་བ་ཐུགས་རྗེ་ཆེན་པོའི་ཆོས་ཉིད་ཀྱི་བརྡས་བསྐུལ་བ་ལས། ཐུན་མིན་མོས་ངོར་གསང་ཆེན་རྒྱུད་སྡེ་བཞི་ལས་བརྩམས་པའི་འཇིག་རྟེན་སྣོད་བཅུད་ཀྱི་རྣམ་བཞག་དང་། ཐུན་མོང་སྣང་ངོར་མདོ་སྡེ་རྒྱ་ཆེར་རོལ་བ། ཕལ་བོ་ཆེའི་མདོ། བསམ་གྱིས་མི་ཁྱབ་པའི་མདོ་སོགས་ལས་བརྩམས་ནས་སྣོད་བཅུད་ཆགས་གནས་འཇིག་སྟོང་གི་ཤེས་བྱའི་གོ་རིམ། མི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་རོལ་ཞིག་ནས་ཆེས་ཧ་ཅིང་ཞིབ་གསལ་གསུངས་ཟིན་མོད། རྗེས་འཇུག་དག་གིས་དམ་ཆོས་དེ་ཉིད་ཉམས་བཞེས་གནང་སྟངས་ཀྱི་ཁྱད་པར་དང་། གྲུབ་མཐའ་གཞན་གྱི་དམག་ཤུགས། ཕ་རོལ་བོའི་རྨོངས་དད་ཀྱི་ཕྲག་དོག་སོགས་ལ་བརྟེན་ནས། ཆོས་བརྒྱུད་འདི་བཞིན་རྒྱ་མཚོའི་རྦ་རླབས་ཆེན་པོ་མཚོ་ལ་ཞི་བ་ལྟར། རེ་ཞིག་དར་ཁྱབ་ཆེན་པོ་ཕྱིན་མ་ཐུབ་པའི་ཉེར་ལེན་ལས། ནུབ་ཕྱོགས་སུ་དར་སོ་ཆེ་པའི་ཡེ་ཤིའི་ཆོས་རིག་ནང་། སྲོག་ལྡན་གྱི་སེམས་ཅན་གྲོག་མ་དཀར་བོ་ནས་འགྲོ་བ་མིའི་བར་དང་། སྐྱེ་ལྡན་གྱི་དངོས་པོ་ཤིང་ནགས་ནས་ཤ་མོ་དུག་ཅན་བར་གྱི་སྣོད་བཅུད་ཚང་མ་དཀོན་མཆོག་གིས་བཀོད་པ་དང་། ལྷག་པར་གོ་ལ་འདི་ནི་འཇིག་རྟེན་ཀུན་ཁྱབ་ཀྱི་ལྟེ་བ། ནམ་ཡང་གཡོ་མེད་ཀྱི་ངོ་བོར་གནས་ཡོད་པའི་ལྟ་བའི་རྣམ་བཞག་ལྷ་སྒྲུང་ལྟ་བུ་ཞིག་ལས། འཇིག་རྟེན་ཀྱི་ཆགས་གནས་འཇིག་སྟོང་གི་རྣམ་བཞག་ཡང་དག་པ། གཞི་ངོ་བོའི་གནས་ཚུལ་ངོ་སྤྲོད་མཐིལ་ཕྱིན་གནང་ཐུབ་ཅིང་། མཚན་ཉིད་རིག་པའི་རྒྱབ་ལྗོངས་བརྟན་པོ་ཡོད་པ། དེ་འདྲའི་རིག་པའི་གཞུང་ལུགས་རྣམ་དག་ཅིག་བྱུང་མ་མྱོང་བར་བརྟེན། ཚན་རིག་པ་དང་། ཆོས་ལུགས་པའི་བར་མེ་ཆུ་ལྟ་བུའི་འགལ་འཁྲུགས་བྱུང་ཞིང་། རྣམ་དཔྱོད་ཅན་གྱི་མི་སྣ་མང་བོས། ས་གཞི་འདིའི་སྣོད་བཅུད་དང་བྱ་དངོས་འཕེལ་འཇིག་གི་བརྒྱུད་རིམ་ཐད། བརྟག་དཔྱད་དང་ཉམས་ཞིབ་རྒྱུན་རིང་གནང་སྟེ། བློ་གྲོས་ཀྱི་བྱེའུའི་འཕུར་རྩལ་སྟོན་པ་སངས་རྒྱས་ཀྱི་མཚན་ཉིད་རིག་པའི་མཁའ་ཀློང་ཡངས་བོར། ཐག་ཇེ་ཉེར་བསྐྱོད་ཐུབ་པའི་མཁས་པ་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད། དེ་དག་ལས་འཛམ་གླིང་ཡོངས་ཁྱབ་ཀྱི་རང་བྱུང་ཁམས་རིགས་སྨྲ་བའི་དབང་བོ་ལྟ་བུ་གཅིག་ནི། སྐུ་ཞབས་ཆར་ལིའི་སི་སྒྲར་བེན་ཞེས་འབོད་པའི་མཁས་ཆེན་དེ་ཉིད་ཡིན་ལ། ཁོང་ནི་ཡབ་རོ་བྷིར་གྲི་དང་ཡུམ་སོས་སན་ན་ཞེས་པ་གཉིས་ཀྱི་རྒྱུད་དུ། སྤྱི་ལོ༡༨༠༩ཟླ༢ཚེས༡༢ཉིན་དབྱིན་ཇིའི་ལུང་བར་སྐུ་འཁྲུངས། དེ་ཉིད་ཀྱི་ཨ་མྱེ་ཨེ་ར་སི་མ་སི་སྒྲར་བེན་མཆོག་ནི། སྐབས་དེའི་སྤྱི་ཚོགས་ནང་བསམ་བློའི་གཏོང་ཕྱོགས་སྤྱིར་བཏང་བ་མ་ཡིན་པའི་ཚན་རིག་པ་སྙན་གྲགས་ལྡན་པ་ཞིག་སྟེ། ཁོང་གིས་རང་ཉིད་ཀྱི་རྨི་ལམ་ན་ཡོད་པའི་འབྱུང་འགྱུར་གྱི་བྱ་དངོས། མཁའ་རླུང་ལ་བརྟེན་ནས་ཕྱོགས་མཐར་འགྲུལ་བཞུད་བྱེད་པ་དང་། མཚོ་གྲུར་བརྟེན་ནས་རྒྱ་མཚོ་ཆེན་མོའི་གཏིང་མར་མྱུལ་ཞིབ་བྱེད་པ། རྩི་ཤིང་དང་སྲོག་ལྡན་གྱི་རིགས། ཁོར་ཡུག་དང་ཕན་ཚུན་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་སོགས་ཀྱི་ཐད་ཉམས་ཞིབ་དང་རྩོམ་བྲིས་མང་བོ་གནང་ཡོད་འདུག སྐུ་ཞབས་ཆར་ལིའི་སི་སྒྲར་བེན་སྐུ་ན་ཕྲ་མོའི་དུས་ཤ་རོས་སི་བྷིར་རེས་ཞེས་པའི་སློབ་གྲར་ཕེབས་ནས། གནའ་བོའི་རོམ་གྱི་སྐད་ཡིག་གཙོ་བོར་གྱུར་པའི་ནུབ་ཕྱོགས་ཀྱི་རིག་གཞུང་ལ་ཐུགས་སྦྱོང་གནང་ཞིང་། རང་གི་ཡབ་དང་། གྲགས་ཅན་གྱི་ཨ་མྱེ་གཉིས་ཆ་ནས་བཀའ་སློབ་མང་བོ་ཞིག་གནང་ཡོད་ཚོད་འདུག་མོད། ཁོང་སློབ་གྲར་འགྲིམས་དུས། སྤྱིར་བཏང་ཙམ་ལས་དམིགས་བསལ་གྱི་མཁྱེན་ཡོན་ཆེ་པའི་རྣམ་པ་གང་ཡང་མེད་པར་གྲགས་ལ། ཁོང་རང་ཉིད་ཀྱི་གསུང་དུའང་། ༼ངའི་ཕ་དང་སློབ་དཔོན་རྣམ་པས་ཐུགས་ལ། ང་ནི་དངོས་གནས་བུ་ཆུང་དཀྱུས་མ་ཙམ་ལས། དམིགས་བསལ་གྱི་ཤེས་རྩལ་ཅན་དེ་འདྲ་གང་ཡང་མིན་པར་གདེངས་འཇོག་གནང་བཞིན་པར་ངས་ཡིད་ཆེས་ཀྱི་ཡོད་༽ཅེས་གསུངས་འདུག སྤྱི་ལོ༡༨༢༥ལོའི་ནང་ཁོང་ཨེ་སྒྲིན་བྷར་སྤོས་གསོ་རིག་སློབ་གྲར་སློབ་ཞུགས་གནང་སྟེ། སྨན་དཔྱད་སྐོར་སློབ་སྤྱོང་བྱས་མོད། དུས་ཚོད་རྒྱུན་རིང་མ་འགོར་བར་ནད་པར་གཤག་བཅོས་འཇིགས་རུང་གི་ངང་ཚུལ་ལས། སློབ་སྦྱོང་གི་གོ་སྐབས་བློས་བཏང་བས། རང་གི་ཡབ་ནས་ཁོང་གི་མི་ཚེའི་མདུན་ལམ་ཐད། ཐུགས་ཁུར་གོ་སྒྲིག་གནང་བའི་འཆར་གཞི་ཚང་མ་དོན་མེད་ཆུད་ཟོས་སུ་སོང་བར་གཟིགས་ཏེ། ཐུགས་ཕམ་ཆེན་པོ་བཞེས་ཤིང་སྒྲར་བེན་རང་ཉིད་ནས་སྐབས་དེའི་དུས་ཚོད་ཕལ་ཆེར། བྲག་རྡོ་དང་། སྲོགས་ཆགས། རྩི་ཤིང་ནགས་ཚལ་སོགས། སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བཏང་འདུག་པར་མངོན་ལ། སྤྱི་ལོ༡༨༢༨ལོར་ཁོང་ཁམ་བྷི་རེ་ལྗེའི་གཙུག་ལག་སློབ་ཆེན་དུ་ཞུགས་ནས། ཡུ་ཤིའི་ཆོས་བརྒྱུད་ཀྱི་དམ་པའི་གསུང་རབ་སློབ་སྦྱོང་བྱས་པས་ཆོས་དཔོན་ཞིག་ཏུ་ཆགས་པ་དང་། ༼གསུང་དུའང་དམ་པའི་གསུང་རབ་ནང་བཤད་པའི་ཚིག་དོན་གཉིས་ཆ་ངོ་བོའི་གནས་ཚོད་དང་མཐུན་པ་ཞིག་ཡིན་པར་དྭོགས་པ་ཅུང་ཟད་ཀྱང་མེད་༽ཅེས་གསུངས་འདུག་གོ།

རྩོམ་རིག

Post navigation

Previous Post: ངའི་བཞུད་ལམ་དུ། ______འཚོལ་ཞིབ་ཀྱི་ཉིན་དང་པོ།
Next Post: ཐང་སན་ལམ་ཡིག་ངོ་སྤྲོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme