Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆར་ཞོད་་་བདག ད་དུང་ཁོ་མོ།

Posted on 2012-08-102012-08-10 By ཁ་བརྡ་ 3 Comments on ཆར་ཞོད་་་བདག ད་དུང་ཁོ་མོ།

རེབ་ཐོག་མདའ།

ཆར་ཆུ་བསིལ་མ་དགུང་ནས་བབས་ཏེ་ས་གཞིའི་ངོ་གདོང་རླན་གྱིས་ཟིན་ཐལ།།
སྤྲིན་པ་དཀར་པོ་ཁ་དོག་འགྱུར་ནས་ཡར་ཁའི་རི་ཡི་རྩེ་མོ་བཀླུབས་སོང་།།
ཉི་མའི་འཛུམ་མདངས་རེ་ཞིག་བོར་བའི་རྒྱང་རིང་ནམ་མཐའི་མཁའ་དབྱིངས་དེ་ན།།
གློག་ཞགས་དམར་པོའི་སྨུག་སྤྲིན་ཀློང་ན་རང་དབང་འཁྱུག་རྩལ་ངོམས་འདི་མཚར་བ།།

ས་ཆེན་སྐྱོ་བའི་མྱ་ངན་མིག་ཆུ་ཉིན་དང་མཚན་ལ་ཤག་ཤག་བབས་ནས།།
ལམ་ཆེན་དཀྱིལ་ན་དལ་གྱིས་བཞུར་བའི་རྐ་ཆུ་དེ་ཡང་ཀུ་ཅོས་ཁེངས་འདུག།།
ཁྲོམ་དང་སྲང་ལམ་ཁུ་སིམ་ཀློང་ན་གཉིད་དུ་ཡུར་བའི་རྨི་ལམ་རིང་མོ།།
རྒྱང་རིང་འགྲུལ་བའི་རླངས་འཁོར་དུང་སྒྲས་སྐྱ་རེངས་བུ་མོ་མཉམ་ཏུ་དཀྲོག་སོང་།།

ཁང་བརྩེགས་མཐོན་པོའི་ངོ་གདོང་སྐྱ་བོ་ངལ་དུབ་ཁྲོད་ན་རྔུལ་ཆུས་བརླན་འདུག།
རྡོ་དང་གད་སྙིགས་རིམ་པར་སྤུངས་པའི་ཟ་ཁང་ཚོང་ཁང་གྲུ་ཟུར་དག་ན།།
བ་མོ་བདག་མེད་ཟས་ལྷག་སྤྱོད་བཞིན་བག་དལ་འཚོ་བའི་ངང་ཚུལ་དེ་ལ།།
སྲང་ཁྱི་དེ་ཡིས་ཕྲག་དོག་མཇུག་མ་གཡུག་གཡུག་བྱེད་བཞིན་རྒྱང་ནས་སླེབས་ཐལ།།

ཚོང་ཁང་ནང་དུ་མགྲོན་ལ་སྒུག་པའི་བདག་པོའི་གདོང་གི་འཛུམ་ཆུང་དྭངས་མོ།།
ཁ་སང་དེ་རིང་ཆར་ཞོད་དེ་ཡིས་བཀྲུས་པ་ཡིན་ནམ་ཁུར་བ་གང་ཡིན།།
གསལ་བོ་ངག་གི་ཁ་ལྕེ་གསོན་པོ་བདག་ལ་ཤུར་ཤུར་བཤད་རྒྱུ་མེད་ཀྱང་།།
ནམ་ཟླ་འདི་ལ་ཁ་ཁོག་མེད་པར་སུན་སྣང་བྱེད་པ་ང་ལས་མང་གི།

སྦག་སྦག་གཏོང་བའི་ཕོ་གསར་དེ་ཡིས་རང་གི་རྒྱུག་རྩལ་ངོམས་པ་ཡིན་ནམ།།
ཡང་ན་དེང་རབས་འཕྲུལ་ཆས་དེ་ལ་འགྲན་ཞིག་འཛུགས་འདོད་བསམ་འདི་ཅི་ཡིན།།
སྲང་ལམ་དོག་མོའི་གཞུང་དེ་གཤགས་ནས་སྲང་གི་ཆུ་རྙོག་མཆོད་དེ་སོང་བ།།
མ་ཎི་ཁང་གི་འོག་ན་སྡོད་པའི་སྤྲང་པོ་ཧད་པའི་མིག་ལས་མཐོང་ཐལ།།

ཤུགས་ཀྱིས་ལྡང་བའི་རླུང་བུ་དེ་ཡིས་ཆར་ཆུར་རམ་འདེགས་བྱེད་པ་ཇི་བཞིན།།
ཡར་ཁའི་ལྗོན་པའི་མགོ་བོ་མཐོན་པོ་དལ་གྱིས་མར་ལ་བསྙེལ་ཏེ་བུད་ཐལ།།
སྤྲེ་འུ་རྒན་པོའི་གྲང་འཁྱག་མ་བཟོད་ཁང་བརྩེགས་མཐོན་པོའི་སྦུག་ལ་འཚང་ཡང་།།
ཁྱིམ་བདག་རྒན་པོའི་མིག་ཟུང་ནང་ལ་ལྷན་སྐྱེས་སྙིང་རྗེ་རི་མོར་བབས་འདུག།

འོ་ཇ་དཀར་བོའི་ཚ་དྲོད་བར་ནས་ལུས་སེམས་སྐྱིད་པའི་བདེ་སྣང་མྱོང་བཞིན།།
འདས་སོང་ལོ་ཟླའི་གཏམ་རྒྱུད་ཞིག་གི་ཕྱི་ནང་དལ་གྱིས་ཉུལ་བའི་དུས་སུ།།
ཆར་གདུགས་ཐོགས་པའི་སྙིང་སྡུག་མ་དེའི་གཟུགས་མེད་གོམ་སྒྲ་བདག་ཕྱོགས་རྒྱུ་བས།།
སེམས་དང་མིག་གཉིས་ཁོ་མོའི་ཕྱོགས་ལ་རང་དབང་མེད་པར་ག་ལེར་ཤོར་བ།།

མགོ་ལུས་ཡོངས་ན་ཆུ་ཐིགས་འཛར་ཞིང་དབྱུག་པ་ཐོགས་པའི་བགྲེས་སོང་དེ་ཡིས།།
ཡ་ཐོད་མིག་གིས་བདག་ལ་ཧད་དེ་ཁེར་དགོད་བྱེད་པའི་ཚུལ་དེར་བལྟས་ན།།
རྒྱང་ལ་ཤོར་བའི་བདག་གི་མིག་ཟུང་དབང་མེད་གཞན་ལ་འཁོར་དགོས་སྙམ་ཡང་།།
གློ་བུར་བྱུང་བའི་ཚུགས་ཀ་དེ་ལ་འགྲམ་གྱི་མགོ་སེར་གད་མོ་ཤོར་ཐལ།།

དེ་ལྟར་རེ་ཞིག་ངོ་ཚའི་མགོ་བོ་ཡར་ལ་མ་འཁྱོག་བྲང་ལ་ལྷུང་ནས།།
མིག་གི་འོག་ནས་ཁོ་མོའི་རྒྱབ་གཟུགས་དེ་ལ་དལ་གྱིས་ལྟ་འདོད་བྱུང་ཡང་།།
བགྲེས་སོང་ཨ་མའི་རྡབ་རྡིབ་ངག་གིས་བདག་ལ་ཅི་ཞིག་འཆད་ཀྱིན་འདུག་པས།།
དེ་རིང་སྙིང་སྡུག་ལང་ཚོ་དེ་ལ་སེམས་ཀྱིས་རོལ་བའི་ལས་དེ་ཟད་ཐལ།

བདག་དང་ཇ་ཕོར་སྟོང་བའི་ངང་ནས་ཇ་ཁང་སྦུག་ནས་ཁེར་རྐྱང་ལྷག་ཐལ།།
སེམས་མཐུན་བུ་མོའི་ལང་ཚོ་དེ་ལ་ལོངས་སུ་སྤྱོད་པའི་མིག་ཟུང་བོར་ཐལ།།
ཉིན་མ་གཅིག་གི་དུས་ཚོད་རིང་མོ་འདི་ལྟར་བོར་བའི་སྐྱ་སྟོང་ཞིག་གིས།།
ཆར་ཞོད་ཞིག་གི་མཐོང་ལམ་གྱུར་པ་མ་གསང་དྲང་མོ་འདི་རུ་བྲིས་ཡོད།།

སྙན་ངག

Post navigation

Previous Post: ཨ་མདོ་རྔ་པ་ནས་མི་སྐྱ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག
Next Post: བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་ལས་དོན་གླེང་བ།

Comments (3) on “ཆར་ཞོད་་་བདག ད་དུང་ཁོ་མོ།”

  1. གནམ says:
    2012-08-10 at 9:05 am

    ཤ་ཉེ་ཐོག་མདའ། སྐྱ་སྟོང་མ་རེད། རྐྱལ་སྟོང་རེད།

  2. བསོད་ནམས་རྒྱལ says:
    2012-08-10 at 12:55 pm

    ཡང་སྙིང་ཆར་བ་དང་བརྩེ་དུང་གི་བར་ལ་གསང་བ་ཅི་ཞིག་ཡོད་དམ།

  3. རང་དབང་ཨ་རྡུ་མན་ says:
    2012-08-11 at 1:08 am

    སྙན་ཚིག་དུམ་བུ་དེ་་་་་ཧ་ཅང་སྙན་པོ་འདུག་བཀའ་དྲིན་ཆེ།
    ད་དུང་ཟ་ཁང་དེ་ས་ཆ་གང་དུ་ཡིན་མིན་ཁ་གསལ་ཞིག་བཟོ་ཐུབ་ན་དེ་བས་སྙན་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme