Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆར་བའི་སྐད་སྒྲ།

Posted on 2009-12-29 By ཀླུ་ 6 Comments on ཆར་བའི་སྐད་སྒྲ།

ཆར་བའི་སྐད་སྒྲ།
ཝོལཊ་ཝཻཊ་མཱན། (Walt Whitman)     ཟླ་བ་གཞོན་ནུས་བསྒྱུར།

ཁྱེད་རང་སུ་ཡིན་ཞེས།
ལྷོད་ཀྱིས་འབབ་ཀྱིན་པའི་ཆར་རྒྱུན་ལ་དྲིས་ཚེ།
ཡ་མཚར་བ་ཞིག་ནི་དེས་ལན་ཞིག་སྤྲད་བྱུང་ལ།
དེ་ནི་ཇི་ལྟར་འདིར་བསྒྱུར་ཡོད་པ་ལྟར་ཏེ།
ང་ནི་ས་ཆེན་གྱི་སྙན་ངག་ཡིན་ཞེས་ཆར་བའི་སྐད་ཀྱིས།
བདག་ནི་ས་གཞི་དང་གཞལ་དཀའི་རྒྱ་མཚོ་ལས་ཐོགས་མེད་དུ་ཡང་ཡང་ལངས་ཤིང༌།
གནམ་གྱི་ཕྱོགས་གང་ལ་རབ་རིབ་ཀྱི་གཟུགས་སུ་གྲུབ་པར་མཆི་བའོ།།
རྣམ་པ་ནི་ འདྲ་མིན་དུ་འགྱུར་ཡང༌། ང་རང་ནི་དེ་ག་རང་ཡིན་ཞེས་སྨྲས་བྱུང༌།
ང་རང་མར་ཕབ་ནས།
ས་སྒང་རིལ་མོ་འདིའི་སྐམ་ཤས་དང༌། རྡུལ་ཕྲན། ས་རྡུལ་གྱི་རིམ་པ་དག་དང༌།
ང་རང་མར་ཕབ་ནས།
ང་མེད་པར་ས་བོན་ཁོ་ན་ཡིན་ཞིང་བག་ལ་ཉལ་བ་དང༌།
སྐྱེས་མ་ཟིན་པ་ཡིན་པ་གང་དག་འཁྲུ་ཕྱིར་ཡོང་གི་ཡོད།
ངས་དུས་ནམ་ཡང་སྟེ།
ཉིན་མཚན་རྟག་པར་རང་གི་འབྱུང་གཞི་ལ་ཕྱིར་ཚེ་སྲོག་སྤྲོད་ཀྱིན་ཡོད་ལ།
དེ་ཉིད་དྭངས་གཙང་དང་སྡུག་གུར་བཟོ་བཞིན་ཡོད།
(རྒྱུ་མཚན་ནི། གླུ་གཞས་ཀྱིས་རང་ཉིད་ལ་འཁྲི་བའི་ལས་འགན་རྫོགས་རྗེས། ཚོར་ཤེས་ཀྱིས་བཟུང་མིན་ལ་མི་བལྟོས་པར་བརྩེ་བ་དང་མཉམ་དུ་རང་ཉིད་འབྱུང་ས་དེར་འགྲོ་བས་སོ།།)

བརྗོད་སྙིང༌།
ཉིན་ཞིག་ལ་སྙན་ངག་པས་ལྷོད་ཀྱི་ལེར་འབབ་བཞིན་པའི་ཆར་བར་ཁྱེད་རང་སུ་ཡིན་ཞེས་པར་དྲིས་པར། ཡ་མཚར་བ་ཞིག་ལ་ཆར་བས་ཁོང་ལ་ལན་བསྐྱོན་བྱུང༌། དེས་བཤད་རྒྱུར་ཁོང་ནི་ས་ཆེན་གྱི་རོལ་དབྱངས་ཡིན་ལ། ཁོ་རང་ནི་ཁུ་སིམ་སིམ་གྱིས་འཛིན་མ་དང་མཚོ་མོ་ལས་མཁའ་རུ་འཕགས་ཤིང༌། གནས་དེ་རུ་སྨུག་པར་གྱུར་ནས་སླར་ཡང་ས་ཡི་གཞི་མར་འབབ་ཀྱིན་ཡོད་པ་དང༌། ཁོང་གི་རྣམ་པ་དང་བཟོ་ལྟ་དག་ཇི་ལྟར་འགྱུར་ཡང༌། ཁོ་རང་གི་ངོ་བོ་ནི་ནམ་ཡང་མི་འགྱུར་བར་སྡོད་ཟེར།
དེས་ས་ཆེན་གྱི་བྲང་གཞུང་སྟེ་ཐལ་རྡུལ་གྱིས་གཡོགས་པའི་ས་གཞི་ལ་ཁྲུས་ཆུ་ལྟ་བུའི་ཆུ་ཡི་ཟེགས་མ་བསྣམས་ནས་ཕེབས་ཤིང༌། ས་བོན་ཆ་ངེ་ཆུང་ངེ་རྣམས་འབུས་ཤིང་སྐྱེས་པར་བྱས་རྗེས། ཁོ་རང་གི་འབྱུང་གཞི་ལ་བཞུར་ནས་འགྲོ་ལ་དེ་ཉིད་དྭངས་གཙང་དང་སྡུག་གུར་བསྒྱུར་བར་བྱེད།
སྙན་ངག་པས་རོལ་དབྱངས་ཀྱང་ཆར་བ་དང་མཚུངས་པར་བཤད་ཅིང༌། དེས་ཉན་པོར་ཕན་པ་ཙམ་མ་ཟད། ལེན་མཁན་ལ་ཡང་ཕན་པར་བརྗོད་པ་སྟེ། དེས་ཁོང་དང་ཁོ་མོའི་སེམས་པ་དྭངས་གཙང་དུ་བསྒྱུར་བར་གསུངས།
༠༩།༡༢།༢༢ལ་རྫོགས་པར་བསྒྱུར།

འགྱུར་རྩོམ།

Post navigation

Previous Post: ༢༠༡༡ལོའི་བཀའ་ཁྲིའི་སྐོར་གྱི་གནད་དོན་འགའ་བསྐྱར་དུ་གླེང་དོན།
Next Post: ཧོར་འཇིགས་ངས་རིག་ཐལ།

Comments (6) on “ཆར་བའི་སྐད་སྒྲ།”

  1. གཅན་བཟོད་རྒྱམ། says:
    2009-12-29 at 11:43 pm

    དྲ་གྲོགས་ཟླ་བ་གཞོན་ནུས་རང་མོས་སྙན་ངག་གསར་གཏོད་མཁན་གྱི་སྙན་ངག་འདི་བོད་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ། ད་དུང་སྙན་ངག་འདི་དང་ལྷན་དུ་ཁོང་གི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་ཀྱང་ཡོད་ན་དེ་བས་བཟང་བ་ལ།
    ད་སང་ཉིན་སྔ་མོ་ནས་རྡ་སའི་རི་མཐོ་ཤོས་རྡོ་ལ་རྡར་གྱི་རྩེར་སོང་ནས་ཁ་བ་དང་གྲང་རླུང་ལ་དྲི་བ་རེ་དྲིས་ཏེ་ལན་སྟེར་ལ་སྒུག་གི་ཡིན་ད།

  2. ཟླ་བ་གཞོན་ནུ། says:
    2009-12-31 at 3:35 am

    ཨོ། གྲོགས་བཟོད་རྒྱམ་ཕེབས་པ་བཟང༌།
    ཁོང་གི་ལོ་རྒྱུས་སྙིང་བསྡུས་རེ་འགོད་ཨེ་ཐུབ་བལྟ་འོང༌། དེ་རིང་གནས་འདིར་ཡང་ཤིན་ཏུ་འཁྱག་ཅིང༌། མི་ཚང་མ་རང་རང་ས་ན་འཁུམས་ནས་འགྲོ་ཞིང་འདུག རྡ་ས་འདི་ལས་ཀྱང་ལོས་འཁྱག
    དེ་རིང་ཉིས་སྟོང་དགུ་ལོའི་ཉིན་མཐའ་མ་དེ་ཡིན་པས། ད་ཡང་ང་ཚོས་རེ་བ་གསར་བ་ཞིག་དང་མཉམ་དུ་ལོ་གསར་བ་ཞིག་བསུ་དགོས་པ་རེད།
    འདིར་ཁྱེད་ཀ་ཚང་གཙོས་པའི་དྲ་གྲོགས་ཡོངས་ལ་འཚམས་འདྲིའི་ཁ་གཡང་རེ་འབོད་ཆོག་པ་གྱིས།
    ཐམས་ཅད་བཀྲ་ ་ཤིས་པར་གྱུར་ཅིག་གུ

  3. ཟླ་བ་གཞོན་ནུ། says:
    2009-12-31 at 3:35 am

    ཨོ། གྲོགས་བཟོད་རྒྱམ་ཕེབས་པ་བཟང༌།
    ཁོང་གི་ལོ་རྒྱུས་སྙིང་བསྡུས་རེ་འགོད་ཨེ་ཐུབ་བལྟ་འོང༌། དེ་རིང་གནས་འདིར་ཡང་ཤིན་ཏུ་འཁྱག་ཅིང༌། མི་ཚང་མ་རང་རང་ས་ན་འཁུམས་ནས་འགྲོ་ཞིང་འདུག རྡ་ས་འདི་ལས་ཀྱང་ལོས་འཁྱག
    དེ་རིང་ཉིས་སྟོང་དགུ་ལོའི་ཉིན་མཐའ་མ་དེ་ཡིན་པས། ད་ཡང་ང་ཚོས་རེ་བ་གསར་བ་ཞིག་དང་མཉམ་དུ་ལོ་གསར་བ་ཞིག་བསུ་དགོས་པ་རེད།
    འདིར་ཁྱེད་ཀ་ཚང་གཙོས་པའི་དྲ་གྲོགས་ཡོངས་ལ་འཚམས་འདྲིའི་ཁ་གཡང་རེ་འབོད་ཆོག་པ་གྱིས།
    ཐམས་ཅད་བཀྲ་ ་ཤིས་པར་གྱུར་ཅིག་གུ

  4. ཟླ་བ་གཞོན་ནུ། says:
    2009-12-31 at 3:46 am

    ཨོ། གྲོགས་བཟོད་རྒྱམ་ཕེབས་པ་བཟང༌།
    ཁོང་གི་ལོ་རྒྱུས་སྙིང་བསྡུས་རེ་འགོད་ཨེ་ཐུབ་བལྟ་འོང༌། དེ་རིང་གནས་འདིར་ཡང་ཤིན་ཏུ་འཁྱག་ཅིང༌། མི་ཚང་མ་རང་རང་ས་ན་འཁུམས་ནས་འགྲོ་ཞིང་འདུག རྡ་ས་འདི་ལས་ཀྱང་ལོས་འཁྱག
    དེ་རིང་ཉིས་སྟོང་དགུ་ལོའི་ཉིན་མཐའ་མ་དེ་ཡིན་པས། ད་ཡང་ང་ཚོས་རེ་བ་གསར་བ་ཞིག་དང་མཉམ་དུ་ལོ་གསར་བ་ཞིག་བསུ་དགོས་པ་རེད།
    འདིར་ཁྱེད་ཀ་ཚང་གཙོས་པའི་དྲ་གྲོགས་ཡོངས་ལ་འཚམས་འདྲིའི་ཁ་གཡང་རེ་འབོད་ཆོག་པ་གྱིས།
    ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག་གུ

  5. ཟླ་བ་གཞོན་ནུ། says:
    2009-12-31 at 3:50 am

    དགོངས་དག
    མཆན་འདི་འདྲ་མང་པོ་ཅི་ལྟར་ཤོར་བ་ཡིན་ནམ། གཉན་ལག་འདི།

  6. འཆི་བདག་སྐྱབས་ says:
    2009-12-31 at 6:56 am

    ཐུགས་རྗེ་ཆེ་ཞུ།
    ཚོར་སྣང་དངོས་ནི་སྙན་ངག་གི་བདེན་པ་ཡིན།
    མུ་མཐུད་གཞོལ་བར་བྱེད་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme