Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆམ་པའི་སྨན་དང་། བད་ཀན་གྱི་ནད།

Posted on 2011-01-122011-01-12 By ཁ་བརྡ་ 7 Comments on ཆམ་པའི་སྨན་དང་། བད་ཀན་གྱི་ནད།

པདྨ་ཚེ་དབང་ཤཱསྟྲིས།

༄༅། །རང་རེའི་བོད་ཀྱི་མང་གཙོའི་འཕེལ་རིམ་གྱི་ནང་དུ་ཕྱི་ལོ་དྲུག་ཅུའི་འགོ་སྟོད་ནས་བཟུང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཧ་ལམ་ལོ་བཅུ་ཕྲག་རེ་རེའི་མཚམས་སུ། དུས་བསྟུན་དགོས་ངེས་ཀྱི་བཅོས་བསྒྱུར་ཐེངས་རེ་གནང་སྟེ། ད་ལྟའི་ཆར་བོད་མིའི་ཁྱད་ཆོས་ལྡན་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་ཞིག་སྲོལ་གཏོད་གནང་ཡོད་པ་དང་། བར་སྐབས་ཤིག་ནས་སྤྱི་འཐུས་སུ་དྭང་བླངས་ཀྱིས་བཞེངས་གནང་མཁན་བྱུང་བ་མ་ཟད། འོས་ཤོག་ཐོབ་ཆེད་གཅིག་ལ་གཉིས་བརྒྱུད་ཀྱིས་མངོན་པར་མི་གསལ་བའི་ཚུལ་དུ་རྒྱུད་སྐུལ་དང་། དྲིལ་བསྒྲགས་གནང་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད། འོན་ཀྱང་ད་རེའི་བཀའ་བློན་ཁྲི་པ་དང་། བོད་མི་མང་སྤྱི་འཐུས་གཉིས་ཀའི་འོས་བསྡུའི་བརྒྱུད་རིམ་གྱི་ནང་དུ་གཞི་རིམ་མང་ཚོགས་ཀྱི་ངོས་ནས། མངོན་གསལ་དོད་པོའི་སྒོ་ནས་འོས་གཞི་མིང་འདོན་བྱེད་པ་དང་། འོས་དམིགས་ཚོའི་དབར་ལ་འགྲན་རྩོད་དང་། དྲིལ་བསྒྲགས། དེ་བཞིན་བགྲོ་གླེང་སྦྱང་བཤད་གོ་སྒྲིག་བྱེད་པ་སོགས་སྒོ་གང་ས་ནས་གསར་བརྗེ་ལྟ་བུ་ཞིག་ཡོང་བཞིན་པར་བརྟེན། མང་གཙོའི་འོས་བསྡུའི་བརྒྱུད་རིམ་གྱི་བྱ་གཞག་དུ་མ་ཞིག་འོས་ཤིང་འཚམས་པར་ལག་བསྟར་ཐུབ་ན་དགོས་པ་དང་དགེ་མཚན་ཡོད་པ་སྨོས་མེད་དང་། ཡང་ཚུལ་མཐུན་ལག་བསྟར་མ་ཐུབ་ན་སྐྱོན་ཆ་ཡང་དུ་མ་ཡོད་པའི་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ཡིན།
རང་དབང་ལྡན་ལ་སྲིད་དོན་ཚོགས་པ་ཡོད་པའི་མང་གཙོའི་རྒྱལ་ཁབ་ནང་གི་འགྲོ་སྟངས་བཞིན། བགྲོ་གླེང་དང་། འགྲན་རྩོད། དྲིལ་བསྒྲགས། གཏམ་བཤད་བཅས་ཀྱི་ལམ་ནས་འོས་ཤོག་ཀྱི་ཐོབ་ཤོར་རྩོད་པ་འདི། བཟང་ཕྱོགས་ནས་བལྟས་ན། གཞི་རིམ་མང་ཚོགས་ཀྱིས་འོས་མི་ཚོ་ཡག་པོར་ངོ་ཤེས་པ་དང་། རང་རང་གི་ཆབ་སྲིད་ཀྱི་གོ་རྟོག་འཕེལ་བ། འོས་དམིགས་མི་རེ་ངོ་རེའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། སྲིད་བྱུས་ལག་བསྟར་བྱེད་ཕྱོགས་མང་ཚོགས་ཀྱིས་ཤེས་ཐུབ་པ། འོས་འཕེན་མཁན་ཚོ་ལའང་གལ་ཏེ་རྒྱུན་དུ་ཐུགས་སྣང་ཡོད་མཁན་ཞིག་ཡིན་ན། འོས་ཤོག་བླུགས་པའི་ཉིན་མོ་དེར། ཐེ་ཚོམ་དང་ནེམ་ནུར་མེད་པར་རང་ཉིད་གང་ལ་མོས་པའི་འོས་དམིགས་དེར་འོས་ཤོག་བླུགས་ཆོག་ཡོད་པ། འོས་དམིགས་ཚོ་ལའང་མང་ཚོགས་ཀྱི་བསམ་ཚུལ་དང་། གནས་སྟངས། དཀའ་ངལ་ཇི་ཡོད་སོགས་ཤེས་ཐུབ་པ། དེ་བཞིན་མང་ཚོགས་ཀྱི་ཡིད་ཆེས་དང་མོས་པ་ཡོད་པའི་འགོ་ཁྲིད་བཟང་པོ་ཞིག་སླེབས་ཐུབ་པ་བཅས་དགེ་མཚན་དུ་མ་ཡོད།
ཡང་ངན་ཕྱོགས་ཞིག་ནས་བལྟས་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་འོས་དམིགས་རེ་རེའི་ཕྱོགས་གཏོགས་སུ་སྡེ་ཚན་མི་འདྲ་བར་ཁ་གྱེས་ཏེ། ཕན་ཚུན་ཚིག་མཚོན་འདེབས་པ་དང་། དམའ་འབེབས་བྱེད་པ། གཞི་རྩ་མེད་པའི་སྐྱོན་བརྗོད་དང་མཚང་འབྲུ་རེས་བྱེད་པ། གནས་ཚུལ་ཇི་བྱུང་ལ་བློ་གཟུ་བོར་གནས་པའི་སྒོ་ནས་ཟབ་མོའི་བློས་རྟོག་དཔྱོད་དང་། དབྱེ་ཞིབ་མེད་པར་མང་ཚོགས་ཀྱི་ནང་དུ་དཀྲོག་གཏམ་སྤེལ་བ་དང་འཁོན་འཛིན་བཟོ་བ། དྲ་རྒྱ་དང་། ཟིན་བྲིས། ངོ་དེབ། ཚགས་ཤོག་སོགས་བརྒྱུད་ལམ་ཁག་གི་ནང་དུ་སེམས་ལ་གང་ཤར་འབྲི་བ། ཆོལ་ཁ་དང་ལུང་ཚན། ཆོས་ལུགས་བཅས་ཀྱི་ཕྱོགས་རིས་དང་འཐེན་འཁྱེར་ཆེ་རུ་འགྲོ་བ། འགྲན་རྩོད་དང་དྲིལ་བསྒྲགས་ལ་མེད་དུ་མི་རུང་བ་དཔལ་འབྱོར་གྱི་འགྲོ་གྲོན་ཤུགས་ཆེ་གཏོང་བ། འོས་དམིགས་ནང་ཁུལ་དུ་འཁོན་འཛིན་ཡོང་གཞི། འོས་ཐོབ་པའི་རྗེས་སུའང་གལ་ཆེའི་རྩ་དོན་ལ་འབད་བརྩོན་གནང་རྒྱུའི་ཚབ་ཏུ་འབྱུང་འགྱུར་གྱི་འོས་ཤོག་འཐོབ་ཐབས་ལ་དམིགས་ཏེ་ཕྱག་ལས་གནང་པ་དང་། ལྷག་པར་དུ་འགྲོ་གྲོན་གཏོང་མཁན་གྱི་སྦྱིན་བདག་ཚོའི་དབང་དུ་སོང་སྟེ་ངོ་སྲུང་དགོས་པའི་ཉེན་ཁའང་མེད་པ་མ་ཡིན་པ་སོགས་ཀྱི་སྐྱོན་ཆའང་དུ་མ་ཡོད།
དེས་ན་གདམ་བྱ་དང་། འདེམས་བྱེད་གཉིས་ཀའི་ངོས་ནས་ཤོག་བུ་རླུང་འཁྱེར་དུ་མ་སོང་བར་བབས་ལྷིང་བརྟན་གསུམ་དང་། རྗེས་ཡོང་སྔོན་དྲན་གྱི་སྒོ་ནས་ཐུགས་སྣང་གཟབ་དགོས་པ་ཞིག་ལ། སྐབས་གསུམ་པའི་བཀའ་ཁྲི་དང་། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་འདི་ཆམ་པའི་སྨན་ལ་མ་སོང་ཡང་། བད་ཀན་གྱི་ནད་ལ་མི་འགྱུར་བའི་དགོངས་པ་གཏིང་ཟབ་བཞེས་གནང་དགོས་པ་ཤིན་ཏུ་གལ་ཆེར་མཐོང་ངོ་།།

རྩོམ་རིག

Post navigation

Previous Post: ཟླ་དང་པོའི་ཚེས་གཉིས་ཉིན་གྱི་བཀའ་ཁྲིའི་འོས་མིའི་བགྲོ་གླེང་ལ་ཉན་པའི་ཚོར་སྣང་།
Next Post: ཁ་བ་མར་མར་འབབ་དུས།། ཕ་ཡུལ་ཡིད་ལ་དྲན་སོང་།།

Comments (7) on “ཆམ་པའི་སྨན་དང་། བད་ཀན་གྱི་ནད།”

  1. lobsang shastri says:
    2011-01-12 at 5:03 pm

    སྐུ་ཞབས་པདྨ་ཚེ་དབང་ཤཱསྟྲཱིས་ལགས་ནས་བདེན་པའི་ཁ་ལ་གཏམ་སྙན་མེད་ཅེས་བཤད་པ་ལྟར་དྲང་པོའི་དགོངས་འཆར་གནང་བར་དགའ་བསུ་ཡོད།་རྒྱ་ཆེ་མང་ཚོགས་ནས་བཀའ་ཁྲི་དང་སྤྱི་འཐུས་འོས་ཤོག་ལ་སྔར་ལྷག་དོ་སྣང་གནང་བ་ནི་བཟང་ཕྱོགས་ཤིག་ཡིན་མོད།་འོན་ཀྱང་དོ་སྣང་དེ་རྣམ་དཔྱོད་ལྡན་པའི་དོ་སྣང་གནང་གི་ཡོད་མིན་ལ་དཔྱད་པ་གནང་དགོས།་ད་ཐེངས་ཀྱི་འོས་ཤོག་དེ་ཧོས་རྒྱུགས་དང་ཤོག་བུ་རླུང་ཚང་ལྟ་བུ་ཆགས་ན་ཕྱིས་སུ་བློ་འགྱོད་སྐྱེས་གཞི་ལས་མེད་པས་ཚང་མས་ཟབ་དགོས།་པདྨ་ལགས་ཀྱིས་གསུངས་པ་ལྟར་ཆམ་པའི་སྨན་ལ་མ་སོང་ཡང་། བད་ཀན་གྱི་ནད་ལ་མི་འགྱུར་བ་ཞིག་ངེས་པར་དུ་བསམ་བློ་ཐོངས་དགོས་སོ།།

  2. སྙིང་རྩ་སྤར་འཛིན། says:
    2011-01-12 at 5:17 pm

    བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ལམ་ལུགས་འདི་༧གོང་ས་མཆོག་གིས་སྔ་མོ་ནས་ང་ཚོར་བགོ་བསྐལ་དུ་གནང་བའི་ཐུགས་རེ་ཡོད་ནའང་། གཞིས་སུ་འཁྲུངས་བའི་བོད་ཕྲུག་ཚོའི་བསམ་བློའི་གོ་རྟོགས་མ་རྒྱས་པས་ཡུན་རིང་བསྒུགས་པ་རེད། ཕྱིས་སུ་བོད་ནས་གསར་འབྱོར་འགའ་བསླེབས་ཏེ་བོད་ཡིག་གི་ཆུ་ཚད་ཇེ་མཐོར་བཏང་བ་དང་མཉམ་དུ་བསམ་བློའི་ཆུ་ཚད་ཀྱང་རིམ་གྱིས་ཇེ་མཐོར་སོང་བ་དང་བསྟུན་ནས༧གོང་ས་མཆོག་གིས་ང་ཚོར་ཡིད་ཆེས་དང་བཅས་ད་ལྟའི་དམངས་གཙོའི་ལ་ལུགས་ཆ་ཚང་བ་འདི་སྤྲད་པ་རེད། ད་ནི་ཡིན་དང་མིན་གྱི་གདམས་ཀ་མེད་པས་ང་ཚོས་རང་ངོས་ནས་བསམ་བློ་བཏང་ཏེ་ཆམ་པ་དང་བད་ཀན་གང་ཡིན་ཡང་རང་སྟེང་ལ་ལེན་དགོས་བ་རེད། ང་ལ་གྲ་སྒྲིག་ཨ་གསར་ཡོད།

  3. སྙིང་རྩ་སྤར་འཛིན། says:
    2011-01-12 at 5:21 pm

    གཞིས་སུ་འཁྲུངས་བའི་མ་རེད། བྱེས་སུ་འཁྲུངས་བའི་རེད། དེ་རིང་ཅི་ཞིག་མ་འགྲིག་པ་ཡིན་ནམ། གཉན་ལག་འདིས་ཚང་མ་གོ་ལྡོག་ཏག་ཏག་འབྲི་བཞིན་འདུག།

  4. ཁང་ནག་པ། says:
    2011-01-12 at 8:36 pm

    པདྨ་ཚེ་དབང་ཤྭསྟྲི་མཆོག་ནི་བཙན་བྱོལ་ནང་ཚར་ལོངས་བྱུང་བའི་ཁྲོད་ནས་བོད་ཡིག་གི་གནས་ཚད་མཐོ་བའི་གྲལ་ཞིག་ཡིན། ད་ལན་གྲྭ་སའི་དགེ་བསྐོས་ནས་ཚོགས་གཏམ་བཏང་བ་བཞིན་ཡག་པོ་གསུངས་འདུག

  5. ཆུ་སྐྱེས་སྒྲོལ་མ། says:
    2011-01-13 at 3:35 am

    རྒན་པད་མ་ཚེ་དབང་ལགས། ཁམས་བཟང༌། སྐུ་ཉིད་ཀྱི་གློག་འཕྲིན༼ཨི་མལ་༽ཁ་བྱང་ཞིག་དགོས་མཁོ་འདུག་པས་དེ་ལྟར་གནང་རོགས་མཁྱེན།་

  6. མི་ནག་མདུང་ཐུང་། says:
    2011-01-13 at 7:16 am

    བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གྲས་ནས་རྒན་པདྨ་ཚེ་དབང་ལགས་ཀྱིས་བོད་ཡིག་འབྲི་ཀློག་གཉིས་ལ་འཕེར་གྱི་ཡོད་པ་དང་། དབྱིན་བོད་ཡིག་སྒྱུར་ཐད་ལའང་ཕྱག་ལས་མང་པོ་གནང་ཡོད། གུས་བརྩི་ཆེན་པོ་ཞུ་གི་ཡོད།

    ན་ག་སངས་རྒྱས་བསྟན་དར་ལགས་དང་། ད་ལྟའི་གསུང་སྒྱུར་བསྟན་འཛིན་ཚེ་དཔག་ལགས་སོགས་བཙན་བྱོལ་ནང་ནས་འཚར་ལོངས་བྱུང་མཁན་མཁས་པ་དང་ཤེས་ཡོན་པ་འདི་ཚོར་གུས་བརྩི་ཞུ་གི་ཡོད།

  7. ༜࿋དབྱངས་བུ། says:
    2011-01-15 at 11:33 am

    པདྨ་ཚེ་དབང་ལགས་ཀྱིས་བསྒྱུར་གནང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་ཐབས་ལམ་སྐོར་གྱི་ཕྱག་དེབ་གཉིས་དངོས་སུ་མཇལ་ནས་སློབ་སྦྱོང་བྱེད་མྱོང་ཡོད་ལ། གཞན་ལ་ངོ་སྤྲོད་བྱེད་ཁུལ་བྱས་པ་ཡིན་ཀྱང། ཇིན་ཤར་པ་ལགས་ཀྱི་དབྱིན་ཡིག་ནང་བྲིས་པ་ལས་གོ་དཀའ་བ་ཡོད་ཚུལ་བརྗོད་མཁན་མང་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme