Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་སི་ཁྲི་ལིའི་རྒྱ་ནག་གཞུང་ཚབ་ལ་དྲི་བ།

Posted on 2015-07-312015-07-31 By ཁ་བརྡ 4 Comments on ཨོ་སི་ཁྲི་ལིའི་རྒྱ་ནག་གཞུང་ཚབ་ལ་དྲི་བ།

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས།

 
ཨོ་སི་ཁྲི་ལི་ཡ་གནས་སྡོད་བྱས་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་ཚབ་མྭ་ཀྲུས་ཤུས་ (Ma Zhaoxu)ལགས་སུ་ཆེད་ཞུ།།

ངའི་མིང་ལ་བསྟན་པ་དར་རྒྱས་དང་ད་ལྟ་ཨོ་སི་ཁྲི་ལི་ཡའི་གྲོང་ཁྱེར་སྦིར་སི་བྷན་ལ་གནས་སྡོད་བྱས་ཡོད། ཁྱེད་རང་གིས་ཤེས་གསལ་ལྟར་ད་ལྟ་བོད་ཁམས་དཀར་མཛེས་ཁུལ་གྱི་མངའ་ཁུངས་སུ་གཏོགས་པའི་ལི་ཐང་དང་ཉག་ཆུ་སོགས་སུ་ངུ་ངག་གི་སྐད་སྒྲས་རི་ལུང་གང་སར་ཁྱབ་བཞིན་ཡོད་པ་བཅས་ལ་བརྟེན། ཁྱེད་རང་གི་མིང་ཐོག་བརྒྱུད་ནས་རྒྱ་ནག་གཞུང་ལ་དྲི་བ་འདི་འདྲ་ཞིག་གཏོང་འདོད་བྱུང་།  (ང་ཚའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྐང་བཙུགས་ནས་བཀྲོངས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།) འདི་ནི་ངས་ཁྱེད་ཅག་ལ་ཆེས་འདྲི་ན་འདོད་པའི་དྲི་བ་ཞིག་ཡིན། ཁྱེད་ཚོས་རིན་པོ་ཆེས་རྒྱ་ནག་གཞུང་གི་ཁྲིམས་དང་འགལ་བའི་ནག་ཉེས་མང་པོ་བསགས་པའི་རྒྱུ་མཚན་གྱིས་རེད་ཟེར་ན། ཁྱེད་ཚོས་མ་ཉེས་ཁག་གཡོགས་བྱས་པའི་ཁྲིམས་ཆད་དེ་དག་རིན་པོ་ཆེས་ཁུར་བཞིན་པ་འདིས་མ་འགྲིག་པར་ད་དུང་སྐུ་སྲོག་ལ་རྔམ་དགོས་དོན་ཅི་ཡིན། རིན་པོ་ཆེ་དང་པོ་སྲོག་ཁྲིམས་དང་། གཉིས་པ་ཚེ་བཙོན་སོགས་ཀྱི་ཁྲིམས་ཆད་འདི་དག་ཁྱེད་ཚོའི་མི་མང་ཁྲིམས་ཁང་གིས་ཐག་བཅད་པ་ཤ་སྟག་རེད།

 

འོ་ན། སྐབས་དེ་དུས་ཀྱི་ཁྲིམས་ཁང་གིས་ནོར་འཁྲུལ་ཤོར་བ་རེད་ཟེར་རྒྱུ་ཨེ་ཡིན། ཡང་ན་སྐབས་དེ་དུས་ཁྲིམས་དཔོན་གྱི་ཀླད་པ་ལ་སྐྱོན་ཤོར་བ་རེད་ཟེར་རྒྱུ་ཨེ་ཡིན། ཡང་ན་བོད་མི་རིགས་ལ་ཕན་ཐོག་ཡོད་པའི་མི་སྣ་རླབས་ཆེན་དེ་དག་རིམ་གྱིས་མེད་པ་བཟོ་པའི་གསང་བའི་ཁྲིམས་ཤིག་ཡོད་ཟེར་རྒྱུ་ཨེ་ཡིན། དེ་མིན་ན་གོང་གི་དྲི་བ་འདི་ལ་ལན་འདེབས་ཇི་ལྟར་བྱ་རྒྱུ། ངས་དེ་རིང་སྐད་གཟེངས་མཐོན་པོས་འཛམ་གླིང་མི་མང་ལ་ང་ཚོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གཞུང་གིས་རྐང་བཙུགས་ནས་བཀྲོངས་བ་རེད་ཟེར་ནས་བཤད་ཀྱིན་ཡོད། ཁྱེད་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ་མ་ཉེས་ཁ་གཡོགས་ཀྱི་ཁྲིམས་ཆད་འདི་འདྲ་བཏང་མེད་ཚེ་ང་ཚོའི་སྤྲུལ་སྐུའི་སྐུ་སྲོག་འདི་ལྟར་བྱས་ནས་ཤོར་ག་ལ་སྲིད། དེ་མིན་ན་རྐང་བཙུགས་ནས་ཀྲོངས་བ་རེད་ཟེར་བ་དེ་ངའི་སྐྱག་རྫུན་རེད་ཟེར་ནས་འཛམ་གླིང་མི་མང་ཧང་སང་དགོས་པ་ཞིག་དང་བོད་པ་མི་མང་ངོ་ཚ་དགོས་པའི་ལན་འདེབས་ཤིག་བྱོས་དང་། ཁྱེད་ཅག་གིས་ཅི་ཡང་མི་སྨྲ་པའི་ངང་ནས་རང་སྐྱོན་ངོས་ལེན་བྱ་རྒྱུ་ལས་དཔང་རྟགས་དང་ཁུངས་ལུང་ར་སྤྲོད་ཡོད་པའི་ལན་ཞིག་ཁྱེད་ཚོར་མེད་པ་ང་ལ་གདེང་ཚོད་ཡོད།

 

མགོ་ནག་བོད་ཀྱི་གཏམ་དཔེ་ལ”གཡག་གི་རྩ་མ་ཟོས་ན་ནད་དང་། མི་ཡིས་ཁ་མ་དྲག་ན་སྐྱོན་”ཟེར་བའི་དཔེ་ལྟར་ཁྱེད་ཚོས་རང་ཉིད་ལ་གནོང་ཡོད་དུས། སུ་གཅིག་ལ་ལན་མི་འདེབས་པར་ཁུ་སིམ་མེར་འདུག་རྒྱུའི་ངན་གོམས་དེ་ཉམས་ལེན་བྱེད་རྒྱུ་ལས་བྱ་ཐབས་ག་རེ་ཡོད། ད་རེབ་ཀྱི་ཁྱེད་ཚོའི་བྱ་སྤྱོད་དེས་བོད་རྒྱ་མི་རིགས་བར་གྱི་འཁོན་སེམས་ཆེ་རུ་བཏང་བ་དང་། ཁྱེད་ཚོའི་སྲིད་འཛིན་དག་གིས་ཁ་ན་རླུང་ལྟར་གྲག་པའི་འཆམ་མཐུན་སྤྱི་ཚོགས་ལ་གཏོར་གཤིག་རི་རིབ་ལས་ཆེ་བ་ཞིག་བཟོས་བ་དེས་ཁྱེད་སྒེར་གཅོད་པ་དག་ལ་ཡིད་ཚིམ་པའི་ངལ་གསོ་ཞིག་ཐེབས་ཡོད་པ་འདྲ། ད་དུང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ་དད་པ་དང་དམ་ཚིག་གཡོ་བ་མེད་མཁན་གྱི་ཉམ་ཆུང་མི་མང་སྟེང་ལ་མེ་མདའ་བརྒྱབ་པ་དང་བཙོན་འཇུག་བྱས་བ་སོགས་དྲག་གནོན་ཚད་ལས་བརྒལ་བ་དེ་དག་ཁྱེད་ཚོས་གཏན་ལ་ཕབས་པའི་”ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་”ཟེར་བ་དེ་དང་ཡོངས་སུ་འགལ་ཡོད།  “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས” “དོན་ཚན་སོ་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང་། དཔེ་སྐྲུན། འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད། ཅེས་དང་།

 

དོན་ཚད་སོ་དྲུག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་ཀྱི་རང་དབང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་དུ་མི་འཇུག་པ་བྱ་མི་ཆོག  ཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱ་མི་ཆོག” ཟེར་ནས་འཁོད་ཡོད་པ་དེ་དག་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་ལས་ཁུངས་ཁག་གིས་བརྩི་སྲུང་རྩ་བ་ནས་བྱེད་མི་དགོས་པར་རང་སྣང་གང་ཤར་བྱེད་ཀྱིན་ཡོད་པ་དེ་སྒེར་གཅོད་སྲིད་གཞུང་ཡིན་པའི་དན་རྟགས་ཡག་ཤོས་དེ་གྱུར་བ་མ་ཡིན་ནམ། ད་ཐེངས་འདི་ལ་རྒྱུ་མཚན་ལྡན་པའི་ལན་འདེབས་གང་ཡང་མེད་པར་ཁུ་སིམ་མེར་བསྡད་ན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྐང་བཙུགས་ནས་ཁྱེད་ཚོས་བཀྲོངས་བ་ལ་ངོས་འཛིན་བྱ་རྒྱུ་མ་ཟད། དེ་སྔ་ཡན་ཆོད་དུ་བོད་མི་རིགས་དང་དེའི་རིག་གཞུང་ལ་དུང་བ་མཚོ་ལྟར་ཟབ་མཁན་གྱི་༧པན་ཆེན་སྣང་བ་མཐའ་ཡི། གུང་ཐང་བསྟན་པའི་དབང་ཕྱུག མཁན་ཆེན་འཇིགས་མེད་ཕུ་ཚོགས། རྒན་དམ་པ་བློ་བཟང་རྒྱ་མཚོ། ཨ་ཀོང་རིན་པོ་ཆེ་སོགས་ཁྱེད་ཅག་གིས་གཡོ་ཐབས་ཀྱི་བཀྲོངས་བ་ཡིན་པ་ངང་གིས་ཁེས་ལེན་བྱས་བ་ལ་དངོས་འཛིན་བྱེད་རྒྱུ་ཡིན།

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ནས།
ཕྱི་ལོ་༢༠༡༥ ཟླ ༧ ཚེས ༢༠ ཉིན།

ཡིག་གེ་འདི་རྒྱ་བོད་ཤན་སྦྱར་བྱས་ཏེ་ཨོ་སི་ཁྲི་ལི་ཡའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་བཏང་པ་ཞིག་ཡིན།

འཕྲིན་ཡིག

Post navigation

Previous Post: བྱུང་རབས་དང་རྒྱལ་རབས་བར་གྱི་ཁྱད་པར།
Next Post: འཚོ་བ་ནི་དོན་ངོ་མ་ཅི་ཞིག་ཡིན་ནམ།

Comments (4) on “ཨོ་སི་ཁྲི་ལིའི་རྒྱ་ནག་གཞུང་ཚབ་ལ་དྲི་བ།”

  1. ནམ་མཁའ says:
    2015-07-31 at 4:29 am

    སྤྱིར་བཏང་ཡག་པོ་བྲིས་འདུག་མོད།འོན་ཀྱང་དྲི་བ་གཏོང་དུས་གནད་འགག་བཙལ་ནས་དྲི་བ་བཏང་ན་ནུས་པ་ཆེན་པོ་ཡོད། དཔེར་ན། ཉེ་བའི་ཆར་རྒྱ་གཞུང་གིས་ཡོངས་ཁྱབ་གསལ་བསྒྲགས་སྐབས། སྤྲུལ་སྐུ་མཆོག་སྙིང་གི་ན་ཚསའདས་པ་རེད་ཟེར། གལ་སྲིད་དེ་ལྟར་ཡིན་ན། སྐུ་ཕུང་བདག་པོ་ལ་མ་སྤྲད་པར་བཙན་དབང་གིས་མེ་བསྲེགས་གཏོང་དགོས་དོན་ཅི་ཡིན་ནམ། དྲི་བ་འདི་ལྟར་དྲིས་ཡོད་ཚེ་གནད་འགག་ཞིག་ཏུ་གྱུར་ཡོད། ཁོ་རང་ཚོས་བཀྲོངས་པ་མིན་ཚེ། སྐུ་ཕུང་མེ་བསྲེགས་མ་བཏང་བར་ཆ་ཚང་དོ་བདག་ལ་རྩིས་སྤྲོད་བྱས་ཚེ་ཅི་ལྟར་སྐུ་གཤེགས་མིན་བརྟག་དཔྱད་མཐར་ཕྱིན་བྱེད་ཐུབ་ཀྱི་རེད། དངོས་གནས་སྙིང་གི་ན་ཚའི་གཤེགས་མིན་དང་ཁོང་ཚོས་བཀྲོངས་མིན་གསལ་བོར་ཤེས་ཐུབ་ཀྱི་སྙམ།འདི་ནི་ཕྲན་གྱི་བསམ་ཚུལ་ཙམ་ཡིན།

  2. ཀརྨ་བློ་གསལ་ says:
    2015-07-31 at 10:45 am

    མ་གཞི་ཡག་པོ་འདུག ཡིན་ཡང་ནུས་པ་ཐོན་ཁག་པོ་རེད། ལྷ་རབ་བྱུང་ན་རྡ་རམ་ས་ལར་སྐད་ཆ་འདི་དག་བཤད་འཇོག་དགོས་རེད་དོ།

  3. ཤར་ཕྱོགས་ཁུག་རྟ། says:
    2015-07-31 at 11:13 am

    སྙན་ཞུ་འདི་ལ་ཡི་རངས་ཞུ་གི་ཡོད། ང་ཚོས་རྒྱ་ནག་གི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་འདི་རིགས་ལ་ཁོང་ཚོའི་རྩ་ཁྲིམས་ལུང་འདྲེན་བྱས་ཏེ་ཁ་གཏད་གཅོག་དགོས་པ་ནི་ཡང་དག་པའི་ལམ་བུ་ཞིག་ཡིན་ཞིང། དེ་ནི་བོད་ཀྱི་རྩ་དོན་འཐབ་རྩོད་བྱེད་སྟངས་ཀྱི་ལམ་ཁ་ཡག་ཤོས་གོང་ན་མེད་པ་དེ་ཡིན་པས། འདི་འདྲའི་གོམས་གཤིས་ཤིག་འཇགས་ཐབས་ལ་འབད་གལ་ཆེ་བ་ནི་སྨྲ་ག་ལ་དགོས་ཤིང། དེ་འདྲའི་ལམ་བུ་ཡང་དག་པ་ཞིག་ལ་འགྲོ་ཤེས་པ་ཡིན་ན་དབུ་མའི་ལམ་གྱི་འཐབ་རྩོད་བྱེད་ཕྱོགས་ཀྱང་མ་ནོར་བ་ཆགས་འགྲོ་ངེས་སྟབས། ཆབ་སྲིད་བཙོན་ཟུར་ཚོས་འདི་ལྟར་སྣེ་ཁྲིད་དང་ལམ་སྟོན་བྱེད་རྒྱུ་ནི་གལ་ཆེན་རེད་འདུག ལྷག་པར་དབུ་མའི་ལམ་གྱི་བཀའ་དྲིན་ལ་བཙན་བྱོལ་བོད་མི་ཚོར་མིའི་ལུང་པར་རང་དབང་གང་འཚམས་ཡོད་དུས་འདིར་དེ་བས་ཀྱང་གོ་སྐབས་དམ་འཛིན་བྱེད་དགོས་པ་སྨྲ་ག་ལ་དགོས། དེ་ཙམ་ཞུ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-07-31 at 11:21 am

    ད་རེབ་ལས། ད་རེས་འདི། དག་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme