Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆབ་སྲིད་དཔྱད་གླེང་རྩོམ་སྒྲིག་པའི་ཞུ་ཚིག

Posted on 2013-06-112013-06-11 By ཁ་བརྡ་ 4 Comments on ཆབ་སྲིད་དཔྱད་གླེང་རྩོམ་སྒྲིག་པའི་ཞུ་ཚིག

ཤར་ཕྱོགས་ཁུག་རྟ།

༄༅ །། ཁོ་བོ་དང་སྲིད་སྐྱོང་གི་རྙོག་གླེང་བྱུང་ནས་ཉིན་གཉིས་གསུམ་ཙམ་ལ་གྲོགས་རྨོག་རུ་བསྟན་པའི་ཁ་པར་བསླེབས་ཏེ། མྱུར་བར་དབུ་མའི་ལམ་ལས་འགུལ་ཁང་དུ་ལས་ཀ་བྱེད་དུ་ཡོང་རྒྱུའི་གྲོས་མགོ་བཏོན་པ་ལྟར། ལས་རྒྱུན་རིང་དབུ་མའི་ལམ་ལས་འགུལ་ཁང་གི་ལས་དོན་ཐད་གསོན་ཤུགས་གང་ཡོང་སྤེལ་ཐུབ་པ་བྱུང་ལ། དབུས་འགན་འཛིན་སོགས་གནད་དོན་གང་ཅིར་གྲོས་བསྡུར་ཞུ་ས་ངོ་ཡོད་དབུས་རྒྱུན་རྣམས་ཀྱིས་བྱས་པའི་ངོ་སོ་ཡར་ལ་བསྟད་པ་ཙམ་དུ་མ་ཟད། དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་དང་དེའི་ལག་ལེན་ཐད་རྣམ་དཔྱོད་ལྡན་པར་ངོས་འཛིན་ཡིད་སྨོན་གནང་པ་ནི་ལས་འགུལ་ཁང་གི་རྒྱུན་ལས་ཞུས་རིང་གི་ཚེ་ནོམ་ཡག་ཤོས་ཤིག་ཡིན། ཉེ་ཆར་ཚོགས་གཙོ་གཞོན་གཉིས་བརྗེ་ལེན་དང་འབྲེལ་གསར་འགོད་བསྒྲགས་གཏམ་ནང་དུའང་སྐུ་ངོ་ཟླ་བ་ཚེ་རིང་ལགས་དང་ཁོ་བོའི་བྱས་པར་བསྟོད་བསྔགས་གནང་བ་ནི་དཀའ་ལས་བརྒྱབ་པར་གྲུབ་འབྲས་བྱུང་བ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ལ། ལས་འགུལ་ཁང་གི་དཀའ་ངལ་ཧ་ཅང་ཆེ་བའི་ལས་གནས་སྟངས་འོག་དབུ་མའི་ལམ་ཐད་ཕྱག་སྟོང་སྤྱན་སྟོང་གི་རྣམ་པར་སྤྲུལ་བ་ལྟར་རྒྱ་བོད་ཕྱོགས་གཉིས་སུ་གོ་བརྡ་དང་ལན་འདེབས་སྤྲོད་སར་ནོར་འཕྱུག་མེད་པར་སྤྲད་པ་དེ་ནི་ཕྱི་མའི་ལམ་རྒྱགས་ཡག་ཤོས་དང། མཁས་པའི་མདུན་སར་མགོ་བོ་དམའ་མི་དགོས་པའི་རྣམ་དཔྱོད་ཡག་ཤོས། ཉམས་སངས་ཅན་དང་མགོ་ཐོག་ཚད་ཀྱིས་མི་འཁྱོངས་པའི་གནས་སྟངས་དངོས་གནས་དེ་ཡིན་སྟབས་སྤྲོ་བ་བླ་ལྷག་ཏུ་འཕེལ་བཞིན་རང་དབང་གི་རྩོམ་འབྲི་དང། ཞིབ་འཇུག་གི་ལས་ལ་ཞུགས་བཞིན་པའི་དེ་རིང། ཁ་སང་དཔར་པའི་༼ ཆབ་སྲིད་དཔྱད་གླེང་༽དང་འབྲེལ་ནས་ལས་ཁུངས་གི་གསལ་བཤད་ཅིག་ཕེབས་པར་དྲ་འབུ་དང་འདྲིས་གྲོགས་ཆོ་འཕྲུལ་ཅན་རེ་ཟུང་གིས་མ་འགྲན་མ་བཟོད་པའི་རྣམ་འགྱུར་ཆེས་ཆེར་ཐོན་བཞིན་འདུག་ཟེར་ནའང། གནང་སྟངས་འདི་མིའི་འགྲན་རྩོད་ནང་རང་བཞིན་ཆོས་ཉིད་ལྟ་བུར་སོང། ཁོ་བོ་ལ་ནི་སྙིང་རྗེ་སྐྱེ་བའམ་མི་རྟག་པ་མྱོང་བ་མངོན་སུམ་དུ་འཕྲོད་པའི་རྒྱུ་རུ་འགྲོ་བས་དེ་དག་བཀའ་དྲིན་ཤིན་ཏུ་ཆེ་ནའང། ཉེ་རིང་ཆགས་སྡང་གི་སྣང་ཚོད་གནས་ཚོད་དང་བསྟུན་པའམ་ཆབ་སྲིད་འཁྲུགས་ཀློང་གི་ཁོར་ཡུག་ནང་གསལ་བཤད་ཅིག་མ་བྱས་ན་མ་འགྲིག་པ་འདུག་པས། དངོས་དོན་༼ ཆབ་སྲིད་དཔྱད་གླེང་༽ཁོ་བོའི་རྔུལ་ནག་ལས་འདོན་ཐེངས་བཞི་ཙམ་པར་འགྲེམས་བྱས་ནའང། ལས་འགུལ་ཁང་གི་དཀའ་ངལ་གྱིས་མུ་མཐུད་པར་འགྲེམས་མ་ཐུབ་སྟབས་མངགས་ཉོ་གནང་མི་རེ་རེའི་སར་དྲུང་ཆེ་མངགས་ཏེ་གསར་རིན་ཕྱིར་སློག་བྱས་པ་ཡིན། འོན་ཀྱང་ཆབ་སྲིད་དཔྱད་གླེང་རྩོམ་སྒྲིག་བྱ་སྐབས་ས་གནས་རིང་ཐུང་སྣ་ཚོགས་ནས་གནད་ཡོད་དང་ཤེས་ཡོན་ཅན་མང་པོས་རྩོམ་ཡིག་བསྐུར་མཁན་མང་པོ་བྱུང་བ་དང། སྐར་ཁུང་དྲ་བ་སོགས་ལོ་ཙཱ་བའི་དཔུང་སྡེ་ཁག་ནས་ཀྱང་ཆབ་སྲིད་བསྒྱུར་རྩོམ་མཐུན་འགྱུར་ཞུས་པ་སོགས་ཀྱིས་༼་ཆབ་སྲིད་དཔྱད་གླེང་༽ལ་ཆེ་མཐོང་སྤྲད་པ་དང། རང་གི་རྩོམ་སྒྲིག་པའི་གཏམ་ཡང་ཤི་མིན་གསོན་མིན་མིན་པ་དབུས་རྒྱུན་ནང་ཁུལ་ནས་ཀྱང་ངར་ཁ་མ་བཟོད་པ་རེ་ཤོས་བྱུང་པ་ལ་གཞི་བྱས་ཏེ། ད་ལམ་སྒེར་ངོས་ནས་༼་ཆབ་སྲིད་དཔྱད་གླེང་༽མུ་མཐུད་པར་འགྲེམས་ཞུས་པ་ཡིན། གལ་སྲིད་མུ་མཐུད་མ་བཏོན་ན་སྤྱི་ཚོགས་ནང་ཤར་ཕྱོགས་ཁུག་རྟའི་ལས་གཞི་ཞིག་ལས་ལས་འགུལ་ཁང་གི་དཀའ་ངལ་གྱིས་མཚམས་བཞག་ཟིན་པ་མི་ཤེས་པ་མ་ཟད། ལས་གཞི་དེ་ལས་ཀའི་དགོས་དབང་གིས་བྱས་པ་མིན་པར་བསམ་བློས་དཔྱད་དེ་རྒྱུ་མཚན་མཐོང་ནས་གཉེར་པ་ཡིན་ཙང། མགོ་བཙུགས་ཟིན་པ་ཞིག་མཇུག་བསྐྱེལ་རྒྱུར་རང་དོན་བློས་གཏོང་དགོས་ཀྱང་འགྱོད་པ་མེད་པ་ནི་ཁོ་བོའི་གཤིས་ཀ་ཞིག་ཡིན་པ་ད་ལྟ་ཡོངས་གྲགས་ཆགས་ཟིན་སྟབས། གོམས་ལོབས་དེའི་དབང་གིས་མུ་མཐུད་འགྲེམས་སྤེལ་ཞུས་པ་ཡིན་ལ། དེ་དོན་སྔོན་གླེང་ནང་གསལ་བཤད་ཀྱང་ཞུས་ཡོད་སྟབས། འགན་འཛིན་གཙོ་གཞོན་གཉིས་ཀྱི་གསལ་བཤད་དེ་ཁོ་བོའི་གསལ་བཤད་ཀྱི་མཇུག་སྣོན་ལྟ་བུར་ཆགས་འདུག་པ་ལས། ང་ཚོ་ནང་ཁུལ་དུ་སྐད་ཆ་འདྲ་མིན་བསྐྲུན་རྩིས་བྱེད་པ་དག་ལ་ངལ་བ་མ་གཏོགས་འབྲས་བུ་ཡོད་པ་མ་རེད་ཅེས་ཞུ་འདོད་བྱུང་ལ། ངོ་དགའ་བྱིལ་བྱིལ་བྱེད་མཁན་ཚོས་རྩོམ་གན་དང་འདི་ཟེར་མདོག་ཁ་པོའང་རེད་མོད། དེ་སུ་ཡིན་ནའང་ཐབས་ཤེས་གང་ཡང་མི་འདུག་ཅེས་ཀྱང་ཞུའོ།།།

ཤར་མར་གང་དྲན་བྲིས་པ་ལས་ཞུ་དག་འགྲོ་རྒྱུའི་དུས་ཚོད་མ་བྱུང་དགོངས་སེལ་ཞུ།། ༢༠༡༣། ༦། ༡༠།།

གསལ་བསྒྲགས།

Post navigation

Previous Post: བོད་པ་རྒྱ་གར་བ་དང་བདག་གི་ཐེ་དོགས་ཀྱི་སེམས་ངོ།
Next Post: གོ་སྐབས་དམ་འཛིན།

Comments (4) on “ཆབ་སྲིད་དཔྱད་གླེང་རྩོམ་སྒྲིག་པའི་ཞུ་ཚིག”

  1. རྒྱ་མཚོ་མཐའ་ཡས། says:
    2013-06-11 at 10:16 am

    བདེན་པ་རིན་ཆེན་སྲོག་གི་དབྱུག་པ་ཡིས།།
    ལན་བརྒྱར་གཞུས་པའི་མི་ཕྱེད་སྙིང་གི་འདང།།

  2. ཤར་མདའ། says:
    2013-06-11 at 11:33 am

    གང་ལྟར་རང་ཉིད་ཀྱི་ལས་གཞི་གང་ཞིག་ཡིན་རུང་ཐོག་མར་རྩ་མོ་ཞིག་འདོད་ན་ཡང་རྗེས་སུ་འཇུག་སྐྱོང་དཀའ་བ་གོང་ཞུས་ལྟར་རེད་ཡིན་ཡང་ཉིད་ཀྱིས་ངལ་བ་བྱས་ནས་འདི་འདྲ་ཆབ་སྲིད་དཔྱད་གླེང་ཞིག་འདོན་བཞིན་པ་བདག་གི་དེ་རིང་མགོ་ནས་རྩོམ་གསུམ་ཙམ་ཀློབ་པ་ཡིན་དེ་འདྲ་ཡིན་དུས་དེ་ལ་བལྟས་ནས་ཅུང་ཙམ་ཞུ་ཁུར་བྱས་པ་ཡིན་ན་ཧ་ཅིང་གལ་ཆེན་ཞིག་རེད་དྲན་སོང་གང་ཡིན་ཟེར་ན་ད་བར་འུ་ཚོས་སྤྱི་ཚོགས་ནང་དུ་བདེན་རྫུན་གང་ཡིན་མ་ངེས་པར་དཔྱད་གླེང་འདྲ་མིན་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ཡིན་དུས་འདི་ཚོ་གསལ་བཤད་བྱེད་ས་ཞིག་དང་དྲང་བདེན་རྩོད་སའི་ཞིང་ས་ཞིག་ཏུ་འགྱུར་བའི་སྨོན་འདུག་ཞུ་བཞིན་ཡོད་རྗེས་སུ་རང་ནུས་གང་ཡོད་ཀྱི་རྩོམ་ཐུང་རེད་སྐུར་ངེས་ཡིན་ད་བདེ་མོ།

  3. སངས་རྒྱས་ཚེ་རིང་། says:
    2013-06-11 at 2:11 pm

    དབུ་མའི་ལམ་ལས་འགུལ་ཁང་ལ་གསོན་ཤུགས་རྒྱས་འཇུག་མཁན་ཤར་ཁུག་ཡིན་ཟེར།
    དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་དང་དེའི་ལག་ལེན་ཐད་རྣམ་དཔྱོད་ལྡན་པའི་ལས་ཀ་བྱས་ཡོད་ཟེར།
    དབུ་མའི་ལམ་གྱི་སྐོར་ཕྱག་སྟོང་སྤྱན་སྟོང་གི་རྣམ་པར་སྤྲུལ་ནས་ནོར་འཕྱུགས་མེད་པའི་གོ་བརྡ་སྤྲད་ཡོད་ཟེར།
    ཉམས་སངས་ཅན་དང་མགོ་ཐོག་ཚད་ཀྱིས་མི་འཁྱོངས་པའི་ལས་ཀ་བྱས་ཡོད་ཟེར།
    ཆབ་སྲིད་དཔྱད་གླེང་ནི་ངའི་རྔུལ་ནག་ལས་ཐོན་པ་ཞིག་ཡིན་ཟེར།
    ཆབ་སྲིད་དཔྱད་གླེང་མུ་མཐུད་མ་བཏོན་ན་སྤྱི་ཚོགས་ནང་ཤར་ཕྱོགས་ཁུག་རྟའི་ལས་གཞི་ཞིག་ལས་འགུལ་ཁང་གི་དཀའ་ངལ་གྱིས་མཚམས་བཞག་ཟིན་པ་མི་ཤེས་ཟེར།
    འགན་འཛིན་གཙོ་གཞོན་གཉིས་ཀྱི་གསལ་བཤད་དེ་ཁོ་བོའི་གསལ་བཤད་ཀྱི་མཇུག་སྣོན་ལྟ་བུར་ཆགས་འདུག་ཟེར།

  4. ཨ་མའི་བུ། says:
    2013-06-12 at 3:16 am

    ཤར་ཕྱོགས་ཁུག་རྟ་འངྲ་བའི་ཁ་ཡོད་ལག་ཡོད་ཀྱི་མྱི་གང་མང་ཡོད་ན་བོད་དོན་དང་། བོད་ཀྱི་གནད་དོན་ཚ་ཚ་འུར་འུར་ཡོང་རྒྱུ་རེད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme