Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆབ་སྲིད་ཀྱི་སྒྲོམ་གཞི་མེད་པའི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས།

Posted on 2017-10-27 By ཁ་བརྡ 3 Comments on ཆབ་སྲིད་ཀྱི་སྒྲོམ་གཞི་མེད་པའི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས།

ནམ་མཁའ།

རྒྱ་ནག་དམར་ཕྱོགས་ཚོགས་པའི་ཏང་གི་ཚོགས་ཆེན༡༩མ་ཚོགས་པའི་ཡར་སྔོན་ནས་བཟུང་།འཛམ་གླིང་གང་སར་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་རེ་སྒུགས་བྱེད་པའི་བོད་མི་དམངས་ཡོངས་ཀྱིས་རྣ་བ་གཏད་ཏེ།དབུས་ཆབ་སྲིད་རྒྱུན་ལས་པ་སུ་ཡོང་མིན་དང་། མི་གྲངས་ག་ཚོད་ཡོང་མིན་སོགས་ལ་དཔྱད་གླེང་འདྲ་མིན་བྱུང་ཡོད།  དེ་རིང་རྗེས་ནས་དབུས་ཆབ་སྲིད་རྒྱུན་ལས་ཀྱི་མི་སྣ་གཏན་ཁེལ་བྱུང་སྟེ་གསལ་བསྒྲགས་བྱས་པ་རེད།

ཡིན་ན་ཡང་།མ་འོངས་པའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཅི་ཞིག་འབྱུང་མིན་ནི་སུས་ཀྱང་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་ཡང་། གུང་ཁྲན་ཏང་འཐོར་བཤིག་ཏུ་འགྲོ་བ་ལ་དུས་ཡུན་རིང་པོ་ཞིག་འགོར་མི་སྲིད་སྙམ། རྒྱུ་མཚན་ནི། ང་ཚོས་ཁ་ཕྱིར་འཁོར་ནས་གོ་མིན་ཏང་ཅི་ལྟར་འཐོར་བཤིགས་སུ་སོང་མིན་ལ་ལྟས་ཆོག  གོ་མིན་ཏང་གིས་སྲིད་དབང་བཟུང་བའི་སྐབས། གུང་ཁྲན་ཏང་ནི་དམངས་དམག་ཁ་ཤས་ཞིག་གིས་བཙུགས་པའི་ཚོགས་ཆུང་ཞིག་རེད། འོ་ན་གོ་མིན་ཏང་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཅི་ཞིག་ཡིན་མིན་དེ་དྲི་བ་ཆེན་པོ་ཞིག་རེད།འདིའི་སྐོར་ལ་རྒྱ་ནག་གི་ཆབ་སྲིད་པ་ཚོས་བཤད་ཚུལ་འདྲ་མིན་ཡོད།

འོན་ཏེ་ཕྲན་གྱི་བསམ་ཚུལ་ལ། གོ་མིན་ཏང་གི་དབང་འཛིན་པ་ཚོའི་ནང་ལྐོག་ཟ་རུལ་བསུངས་མང་པོ་བྱུང་སྟེ། མི་སེར་དང་དབང་འཛིན་པ་ཚོའི་བར་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་བྱུང་སྟབས། གུང་ཁྲན་ཏང་གི་མི་སྣ་ཚོས་གོ་སྐབས་བཟུང་སྟེ། འབྱོར་མེད་གྲལ་རིམ་པ་ཚོར་སྐུལ་སློང་བྱས་ཏེ་གོ་མིན་ཏང་སྲིད་གཞུང་ལ་ངོ་རྒོལ་བྱེད་དུ་བཅུགས་པ་རེད། འདི་ནི་གོ་མིན་ཏང་སྲིད་གཞུང་ཕམ་ཉེས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་སྙམ།  དེ་བཞིན་དུ་གུང་ཁྲན་ཏང་གིས་རྒྱ་ནག་དབང་བསྒྱུར་བྱས་ཏེ་དུས་རབས་ཕྱེད་ཀ་ཕྱིན་པའི་དེ་རིང་གི་ཉིན་མོ། གུང་ཁྲན་ཏང་ལ་ཡང་གོ་མིན་ཏང་ཕམ་ཉེས་སུ་སོང་བའི་ནད་རྙིང་ལྐོག་ཟ་རུལ་བསུང་གི་ན་ཚ་དེས་བཟུང་སྟེ། སྟག་དང་སྦྲང་མ་མཉམ་གསོད་ཀྱི་སྨན་བཅོས་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

འོ་ན་སྨན་བཅོས་དེས་ན་ཚ་གཙང་བཟོ་བྱེད་ཐུབ་མིན་ནི་དྲི་བ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་ན་ཚ་འདི་གང་སར་ཁྱབ་བརྡལ་དུ་ཕྱིན་ཏེ། དཔེར་ན།མགོ་དབུས་ཆབ་སྲིད་ཅུའུ་རྒྱུན་ལས་ནས་བཟུང་།སྨད་གྲོང་སྡེ་ཆུང་ཆུང་ཚོའི་སྡེ་དཔོན་བར་ནད་ཡམས་འདིས་ཁྱབ་པས། ན་ཚ་འདི་གོ་མིན་ཏང་གི་སྐབས་ལས།གུང་ཁྲན་ཏང་གི་སྐབས་ན་ཚ་ཁྱབ་ཤུགས་ཆེ་བ་ཡོད་པས་གཙང་བཟོ་ནམ་ཡང་བྱེད་མི་ཐུབ། དེས་རྐྱེན་སྲིད་འཛིན་ཞི་ཅིན་ཕེ་ཡིས་ད་ཐེངས་ཀྱི་ཚོགས་ཆེན་ཐོག་དམིགས་བསལ་གྱིས་ཁྲིམས་ལུགས་བཅོས་བསྒྱུར་བྱས་ཏེ། རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར་བ་མ་ཟད། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལ་བསྒྱུར་དགོས་ཚུལ་གྱི་ཚིག་འདི་ཐེངས་མང་བེད་སྤྱོད་བྱས་ཡོད།  འདིར་རྒྱ་བོད་སོག་གསུམ་གྱི་མི་དམངས་དཀྱུས་མ་ཚོས་ཤེས་དགོས་པ་ཞིག་ལ། གུང་ཁྲན་ཏང་སྲིད་གཞུང་གིས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་མ་ཡིན་པར་དབང་ཆ་ཆེ་ཆུང་བཀོལ་སྤྱོད་ཀྱིས་སྐྱོང་གི་ཡོད་པ་དེ་ཤེས་གལ་ཆེ་སྙམ།

ད་ཐེངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་ཆེན༡༩བའི་སྟེང་།སྲིད་འཛིན་ཞིའི་ཡིས་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་སུ་འགྲོ་དགོས་ཚུལ་བཤད་སྟབས། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ནི་ཅི་ཞིག་ཡིན་ནམ་ཞེས་བའི་དྲི་བ་འདིའི་མཉམ་དུ།  ངའི་ཡིད་ལ་འདས་བའི་མའོ་ཙེ་ཏུང་གི་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་དགོས་ཟེར་བའི་ཚིག་འདི་དྲན་སོང་པས། རྒྱ་ནག་རྒྱལ་ཡོངས་ལ་ཁྱབ་པའི་རུལ་བསུང་གི་དྲི་ཆེན་ཞིག་ཤེལ་དམ་ཞིག་གི་ནང་བཅུགས་ཏེ། དེ་ལ་འབྲུག་རིའི་ལྡན་པའི་གོས་ཆེན་ཞིག་གིས་གཡོགས་ནས་ཁྲོམ་ར་བཙོང་གི་ཁྱེར་བ་དང་གཅིག་མཚུངས་སུ་མཐོང་བས། མར་མེ་ཡལ་ཁ་གསལ་ཟེར་བ་ལྟར། གུང་ཁྲན་ཏང་གི་སྲིད་གཞུང་ནི་མཚོ་རླུང་འཕྱུར་བཞིན་པའི་རྒྱ་མཚོའི་སྟེང་གི་གྲུ་གཟིངས་ལྟར། གཡོ་འཁྱམས་རྒྱགས་བཞིན་པ་གསལ་བོ་རེད་སྙམ་སོང་།

གོང་དུ་བཀོད་པའི་དྲི་བ་ལྟར་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ནི་ཅི་འདྲ་ཞིག་ཡིན་ནམ།མའོ་ཡི་སྐབས་ནས་བཟུང་དེང་རབས་ཅན་བཤད་ཡོད་མོད།འོན་ཀྱང་དེང་རབས་ཅན་གྱི་གུང་ཁྲན་རིང་ལུགས་ལ་སླེབས་ཐུབ་མེད་ལ། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ལ་ཡང་སླེབས་མེད་པས།དེ་རིང་ད་དུང་ཡང་མའོ་ལྟར་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ལ་འཕོ་འགྱུར་བྱེད་ཀྱི་ཡིན་ཟེར།  ཚོགས་ཆེན་༡༩བའི་ཉིན་དང་པོར་ཆུ་ཚོད་༣ལྷག་གཏམ་བཤད་ཀྱི་རྗེས་སུ།གལ་ཏེ་གསར་འགོད་པ་ཞིག་གིས་ཞི་ཅིན་ཕེན་ཁོ་རང་ལ་དྲི་བ་བཏོན་ཏེ།དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ནི་ཅི་འདྲ་ཞིག་ཡིན་ནམ་དྲིས་ཚེ། ཞི་ཅིན་ཕེན་ཁོ་རང་ལ་ཡང་འདི་འདྲ་ཞིག་ལ་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཟེར་གྱི་ཡོད་ཅེས་ཆབ་སྲིད་ཀྱི་སྒྲོམ་གཞི་ཞིག་བཤད་ཀྱི་མེད་པ་ཐག་ཆོད་ཡིན་པས།  གོང་གི་རྩོམ་བྱང་ལ་བཀོད་པ་ལྟར་ཆབ་སྲིད་ཀྱི་སྒྲོམ་གཞི་མེད་པའི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཟེར་གྱི་ཡོད། ད་རུང་ཞི་ཡི་ལོ་ལྔ་ཡི་རྗེས་ནས་དམར་ཤོག་ཚོགས་པའི་སྲིད་དབང་བཟུང་ཡོད་ཚེ། སྲིད་འཛིན་རྗེས་མ་དེས་ཀྱང་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱེད་ཀྱི་ཡིན་ཟེར་གྱི་ཡིན་ནམ།

དོན་ངོ་མར་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་སུ་སླེབས་ཀྱི་ཡོད་དམ། གལ་སྲིད་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་སུ་སླེབས་ཀྱི་ཡོད་ཚེ།ཞིའི་ཁོ་རང་གི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ནི་འདི་འདྲ་ཞིག་ཡིན་ཅེས་ཆབ་སྲིད་ཀྱི་སྒྲོམ་གཞིའམ་ལྟ་གྲུབ་ཞིག་གཏན་འཁེལ་བྱེད་ཐུབ་དགོས་མོད།འོན་ཀྱང་དེ་འདྲའི་ཆབ་སྲིད་ལྟ་གྲུབ་ཞིག་གཏན་ཁེལ་བྱེད་ཀྱི་མེད་པར།མའོ་ཙེ་ཏུང་གི་ཚིག་འགའི་མགོ་རྔ་བརྗེས་ཏེ།མི་དམངས་ལ་མགོ་སྐོར་གཏོང་བྱེད་ཀྱི་ཚིག་འགའ་།ཡར་སྐོར་མར་སྐོར་བྱས་ནས་དབང་ཆ་སྲ་བརྟན་དུ་གཏོང་ཐབས་ཁོ་ན་ལས་མ་འདས།

འདིར་ང་ཚོས་ཤེས་དགོས་པ་ཞིག་ལ། དེང་རབས་ཅན་ཞེས་བའི་ཚིག་འདི་ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་ཁོངས་ནས་མི་བཤད་པར།འདི་ནི་ཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་ཁོངས་ནས་བཤད་ན། མའོ་ཙེ་ཏུང་གི་སྐབས་ལ་ལྟོས་ཏེ་ཏིན་ཞའོ་ཕེན་གྱིས་ཕྱི་ཕྱོགས་སྒོ་འབྱེད་བྱས་པ་ནས་བཟུང་།ཏིན་ཞའོ་ཕེན་གྱི་སྐབས་དེང་རབས་ཅན་གྱི་སྤྱི་ཚོགས་འཇོག་དགོས།དེ་ལས་ཅང་ཧོའུ་གཉིས་ཀྱི་སྐབས་དེང་རབས་ཅན་གྱི་སྤྱི་ཚོགས་ཟེར་ཆོག དེ་ལས་དེ་རིང་སྲིད་འཛིན་ཞིའི་ཁོ་རང་སྐབས་དེང་རབས་ཅན་ཞེས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་དེང་རབས་ཅན་ཞེས་འཇོག་དགོས་པ་ལས། ཅ་དངོས་བཞིན་མཛུབ་མོ་འཛུགས་ས་ཞིག་མེད་སྟབས། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཟེར་བའི་ཚིག་འདི་ངེས་བཟུང་རྩ་བ་ནས་མེད་པའི་མཐའ་མེད་ཀྱི་ཚིག་ཞིག་ཡིན་པས།རྒྱ་བོད་གཉིས་ཀྱི་རྒྱ་ནག་གི་ཆབ་སྲིད་ལ་དཔྱད་བརྗོད་བྱེད་མཁན་ཚོས། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཟེར་བའི་ཚིག་འདིའི་ཁོངས་སུ་ཅི་ཡོད་ལ་དཔྱད་པ་བྱས་པ་ནི་ངལ་བ་འབྲས་མེད་ཞིག་ཏུ་མཐོང་། རྒྱུ་མཚན་ནི།མི་རབས་ལྔའི་རིང་ལ་དེང་རབས་ཅན་བཤད་ནས་བསྡད་ཀྱང་མའོ་ཡི་སྐབས་ལས་གུ་ཡངས་ཅུང་ཕྱིན་པ་ལས།དབང་ཆ་བཀོལ་སྤྱོད་བྱེད་ཕྱོགས་སུ་འགྱུར་བ་ཅི་ཡང་ཕྱིན་པར་སྔར་ལྟར་བསྡད་ཡོད་པ་རེད།

དེ་ལས་ཁྲིམས་ལུགས་བཅོས་བསྒྱུར་ཟེར་བ་འདི་ལ་དཔྱད་པ་བྱས་ཏེ།མ་འོངས་པར་ཁྲིམས་ལུགས་གང་ཞིག་བཅོས་བསྒྱུར་བྱ་མིན་དང་།བཅོས་བསྒྱུར་བྱས་རྗེས་སུ་ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་མིན་དེ་གལ་ཆེན་རེད། དེས་རྐྱེན་སྲིད་འཛིན་ཞིའི་ཁོ་རང་སྲིད་སྟེགས་སྟེང་བསྡད་པ་ནས་བཟུང་།རྒྱལ་ཁབ་ཁྲིམས་ཀྱིས་དབང་བསྒྱུར་བྱེད་པ་ལ་འབད་བརྩོན་བྱེད་དགོས་ཞེས་ཐེངས་མང་ཚིག་འདི་བེད་སྤྱོད་བྱེད་ཀྱི་ཡོད་པ་མཐོང་སོང་པས། ང་ཚོས་ཁྲིམས་ལུགས་བཅོས་བསྒྱུར་བྱེད་མིན་དང་།ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་མིན་ལ་ད་དུང་ཚོད་དཔག་བྱེད་དཀའ་བ་ཞིག་རེད་སྙམ། ༢༠༡༨ལོའི་ཕྱི་ཟླ་༣བར་ཚོད་དཔག་ག་ཚོད་བྱས་ཀྱང་།དབུས་ཆབ་སྲིད་རྒྱུན་ལས་བརྗེས་པ་ཙམ་གྱིས་གུང་ཁྲན་ཏང་གི་ཆབ་སྲིད་ལ་འགྱུར་བ་འགྲོ་བའི་ངེས་པ་མེད་པས། ལོ་རྗེས་མའི་ཕྱི་ཟླ་༣ནང་ཁ་ཕྱོགས་གང་ལ་འགྲོ་མིན་ང་ཚོས་ཅུང་ཟད་ཤེས་སྲིད།  ཡིན་ན་ཡང་།དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱེད་པ་ནི།རྒྱ་ནག་གུང་ཁྲན་ཏང་གི་རྨི་ལམ་ཡིན་ན་ཡང་།རྨི་ལམ་ནི་རང་ཡིན་པ་ལས་འགྲུབ་པའི་ངེས་པ་མེད་སྟབས། དེང་རབས་ཅན་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱེད་དུས་ནི།གུང་ཏང་འཐོར་བཤིག་ཏུ་སོང་བའི་ཉིན་མོར་ཡིན་ངེས།

25/10/2017ལོར་ཡོ་རུབ་ནས་བྲིས།

བསམ་ཚུལ།

Post navigation

Previous Post: སངས་རྒྱས་རྫུན་མ་དང་པོ་ཏ་ལའི་སྒྲུང་།
Next Post: ཚོཊ་ཆེན་གྱི་རེ་བ་དང་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་གླེང་བ། ༡-༢

Comments (3) on “ཆབ་སྲིད་ཀྱི་སྒྲོམ་གཞི་མེད་པའི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས།”

  1. རིན་ཆེན says:
    2017-10-27 at 4:43 am

    ཡ་མཚར་སྤྱིར་བཙན་བྱོལ་ནང་གི་རྩོམ་ཐུང་རེ་འབྲི་མཁན་ཚོས་རྒྱ་ནག་རྩོན་རྩོམ་འབྲི་མཁན་མི་འདུག བཙནབྱོལ་ནང་གི་རྙོག་ཆུང་ཙག་སྐོར་ལ་ཡི་གེ་འབྲི་ཤེས་མཁན་ཚང་མས་འབྲི་གི་ག་རེ་ཡིན་ན།

  2. རིན་ཆེན says:
    2017-10-27 at 4:59 am

    ཚིག་འགའ་བཤད་འདོད་དང་།མ་ཚར་གོང་ཤོར་སོང་ཟིག ངོ་མ་དགོད་ཀྱི་ཡོང་གི མ་འོང་གུང་རིང་ལུགས་མངོན་འགྱུར་ནས་དེང་རབས་ཅན་བཞི་མངོན་འགྱུར།དེང་སང་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་མངོན་འགྱུར་ཧཧ་མའོ་ཙེ་ཏུང་གི་ཡང་སྲིད་ངོ་མ་རེད།

  3. ནོར་བུ says:
    2017-10-27 at 10:53 pm

    རྒྱ་ནག་དམར་ཕྱོགས་ཚོགས་པའི་སྐུ་ཚབ་ཚོགས་ཆེན་ཐེངས ༡༩ པའི་ཐོག

    ཏང་དར་ནི—ཐོ་བ་དངཟོར་བ་ཅན་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཙང་ཧྲུར་ཅི་ཡི་

    གོ་གནས་སྟེང་གཏམ་བཤད་སྲོལ་ཡོད་འདུག ད་འོ་ན་སྲིད་འཛིན་ཞི་ཅིན་ཕིན་གྱིས

    གཏམ་བཤད་སྤེལ་སོང་ཟེར་མཁན་ཚང་། ཆབ་སྲིད་རིག་པའི་གོ་རྟོགས་མ་དམན་ནའང

    国家主席 སྲིད་འཛིན中央总书记 དམར་དཔོན军委主席དམག་སྤྱི

    བཅས་ལ་རྒྱུ་མཚན་དང་བྱེད་ལས་ཐ་དད་ཡོད་ཀྱང་བྲིས་འདོད་མེད་ལ་བཤད་འདོད་མེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme