Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆབ་མདོའི་གཞང་ཚོང་མ།

Posted on 2013-12-292013-12-29 By འཚོ་བྱེད་བུ 27 Comments on ཆབ་མདོའི་གཞང་ཚོང་མ།

ཨའེ་ཙི་ནད་པ། མིང་༞༞མོ། ལོ་་་་་༢༩ ལས་རིགས་་་་ཞིང་པ། མི་རིགས། མི་རིགས་དཀར་པོ། ཕ་ཡུལ་་་་་ཡུན་ནན་ཏ་ལིས། ཆུང་དུས་ནས་ཕ་མ་གཉིས་ཁ་ཁ་བྱས་ཏེ་ང་ཨ་ཕ་དང་ལྷན་དུ་སོང་བ་ཡིན།ཡིན་ན་ཡང་ཨ་མའི་ཁྱིམ་དུ་ཨ་མས་ངའི་གཅུང་པོ་དབང་སྐྱོན་ཅན་ཞིག་ཡོད། གཅིག་ནས་དེ་གཡོག་དགོས་པ་དང་། གཉིས་ནས་ཨ་མ་ཁོ་རང་གི་ལུས་པོའང་ཧ་ཅང་བདེ་པོ་མེད། གློ་གཅོང་གི་ནད་ཀྱང་ཡུན་རིང་ན་ཡོད་པ་རེད། གནས་ཚུལ་འདིའི་འོག་ནས་རང་སེམས་བཟོད་ཐབས་མི་འདུག་པས་རང་ལོ་བཅོ་ལྔའི་ཐོག་ནས་སློབ་གྲྭ་ཕྱིར་འཐེན་གྱིས་ཨ་མའི་ཁྱིམ་དུ་ལས་ཀ་བྱས་པ་ཡིན།

རང་ལོ་བཅོ་བརྒྱད་ནས་རང་གི་གྲོགས་མོའི་འགས་ངོ་སྤྲོད་ལྟར་ཏ་ལིས་ཡོངས་ནས་མགྲོན་ཁང་གི་ཞབས་ཞུ་བ་བྱས་པ་ཡིན། སྐབས་དེ་དུས་ཟླ་ཕོག་སྒོར་ཉིས་སྟོང་ཙམ་ཡོད་པས་ཕྱེད་ཀ་ཨ་མ་དང་གཅུང་པོ་ལ་བསྐུར་ནས་ཕྱེད་རང་གི་ལྟོ་གོས་ཡོང་ཙམ་བྱས་ཏེ་འཚོ་བ་སྐྱེལ་བ་ཡིན། དེ་ནས་རང་ལོ་ཉི་ཤུ་ཐོག་ཕྱུག་པོ་ཞིག་གི་ཁྱིམ་ནང་དུ་བུ་རྫི་བྱས་ཏེ་གླས་པ་ཡིན། སྐབས་དེ་དུས་ཁྱིམ་བདག་བུ་དེས་ཐེངས་མང་པོར་བཙན་ལས་བྱས་སོང་། ཡིན་ཡང་ལོ་གཅིག་འགན་རྒྱ་འཇོག་ཡོད་པས་དེ་ལ་སྐྲག་ནས་འགྱུར་ལྡོག་གཏོང་མ་ཕོད།
ཡང་ཁྲུས་ཁང་ཆེན་པོ་ཞིག་གི་ཞབས་ཞུ་བ་གླས་པ་ཡིན། སྐབས་དེར་གླ་ཆ་ཡང་ཡག་པོ་བྱུང་ལ། ཨ་མ་དང་གཅུང་པོ་ལའང་སྒོར་མོ་མང་ཙམ་བསྐུར་རྒྱུ་བྱུང་། རྗེས་སུ་ལས་ཀ་ལའང་འགྱུར་ལྡོག་ཆེན་པོ་བྱུང་།

རང་ལོ་ཉེར་བཞི་སྟེ་ ༢༠༠༨ ཏ་ལིས་ཁྲུང་ཁང་ནས་ངོ་ཤེས་པའི་གྲོགས་མོ་ཞིག་གི་ངོ་སྤྲོད་ཐོག་ཆབ་མདོ་ལ་སོང་པ་ཡིན། ཡིན་ཡང་སྔར་ནས་ངའི་མི་ཚེར་བསམ་མ་མྱོང་བའི་སྨད་འཚོང་མའི་ལས་ཀར་ཞུགས་པ་ཡིན། [流泪 མིག་ཆུ་བཞུར] [流泪 མིག་ཆུ་བཞུར] [流泪 མིག་ཆུ་བཞུར] དང་པོ་ལས་ཀ་དེ་བྱེད་དུས་ཧ་ཅང་དཀའ་མོ་རེད། སྒོར་མོའི་ཕྱིར་དུ་རང་ལུས་བཙོང་གི་ཡོད་རེད། ཡིན་ཡང་ངའི་རོགས་པ་ཚོས་ལོ་གཅིག་གཉིས་ཙམ་ལས་ཀ་འདི་བྱས་ན་གོར་མོ་ཁྲི་༡༠ ལྷག་ཙམ་བསགས་ཐུབ་རེད། དེ་ནས་རང་ཉིད་ཀྱིས་ཁེ་ལས་བཟོ་ཐོབ་རེད་སོགས་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་མང་པོ་བཤད་དེ་རང་སེམས་བསྒྱུར་སོང་། དེ་ནས་ངས་ལོ་གཉིས་ལ་ལས་ཀ་འདི་སྒྲུབ་པར་མགོ་གཙོ་ལ་གན་རྒྱ་བཞག་པ་ཡིན།

རང་ལོ་ཉེར་དྲུག་ཐོག་༢༠༡༠ ལོར་ལུས་ལ་སྟོབས་ཤུགས་མེད་པ་དང་། འཁྱག་སླ་བ། སེམས་འཁྱོལ་བ་སོགས་ནད་རྟགས་འདྲ་མིན་མང་པོ་ཐོན་སོང་། སྐབས་དེར་ཕ་ཡུལ་དུ་འགྲོ་བ་དང་སྦྲགས་ཁུན་མན་མི་དམངས་སྨན་ཁང་ནས་རྟགས་དཔྱད་བྱས་པ་ཡིན་པས་སྐྱོབས་ཐབས་བྲལ་བའི་༼ ཨའེ་ཙི་ནད་དུག་༽ རང་ལུས་ལ་ཕོག་འདུག་ཟེར། སྐད་དེ་ཐོས་མ་ཐག་རང་མེད་བྱེད་རྩིས་བྱས་པས་རང་སེམས་སུ་ཨ་མ་དང་གཅུང་པོ་གཉིས་དྲན་ཏེ་ང་ཤི་ན་ཁོང་གཉིས་གང་འདྲ་བྱེད་ཀྱི་རེད་བསམ་ནས། རང་ཐག་ཆོད་པོས་རང་ཁྱིམ་དུ་ལོག་པ་ཡིན།

ད་ལོ་ངའི་གྲོགས་མོར་བརྒྱུད་འབྲེལ་ཐོག་ཁྱེད་མཇལ་ནས་ཁྱེད་ཀྱི་ནད་འདིའི་སྨན་འདིའི་བཀའ་དྲིན་འོགབདག་རང་ཉིད་སྔར་ལྟར་ལས་ཀ་ལ་ཞུགས་ཐུབ་པ་བྱུང་། དངོས་གནས་དེ་སྔོན་གྱི་བདེ་སྐྱིད་དེས་ཀྱང་ཆོག བཀའ་དྲིན་ཧ་ཅང་ཆེ། ཁྱེད་ཀྱི་རེ་བ་ལྟར་ངས་ཆབ་མདོ་ནས་ལས་སྟངས་འགའ་ཞུ་གི་ཡིན། འབུ་བརྐོ་ཚར་མ་ཚར་གྱི་ཟླ་བ་གཅིག་གི་རིང་ཡོང་འབབ་ཆེ་ཤོས་སམ་མི་མང་ཤོས་རེད། དགོང་རེར་སྐབས་འགར་མི་བཅུ་དྲུག་ཙམ་ཡོང་གི་ཡོད་རེད།
ལྷག་པར་ལུང་ཁུག་ནས་ཡོང་བའི་ཕོ་གསར་དེ་དག་དགོང་རེར་བུ་མོ་ལྔ་དྲུག་ཙམ་བརྗེ་ལེན་བྱེད་ཀྱི་འདུག ཤུབས་གྱོན་དགོས་རེད་ཟེར་ནའང་ཤུབས་ཟེར་ཅི་ཡིན་གོ་གི་མི་འདུག་ལ། ཤུབས་མ་གྱོན་ན་རིན་གོང་མཐོ་ཟེར་ཡང་སྤྲད་ཀྱི་འདུག ཁོང་ཚོ་བུ་མོ་མང་པོ་བརྗེ་ལེན་བྱེད་པ་ལ་ཧ་ཅང་དགའ་གི་འདུག

བླ་མ་གྲྭ་པ་ཡང་ཡོང་མཁན་མང་པོ་འདུག བླ་མ་དག་ལ་ཐོག་མར་འབྲེལ་བ་བྱེད་ས་ནི་ང་ཚོ་སྡོད་སའི་གཡས་སུ་ཁྲུས་ཁང་ཡོད་པས་དེའི་བདག་པོ་དེས་འབྲེལ་བ་བྱེད་ཀྱི་ཡོད་རེད། དེ་ལ་གླ་ཆ་གོར་༢༠ སྤྲད་དགོས་རེད། བླ་མ་འགའ་རེས་ནུ་མ་འཕུར་ནས་རང་གི་ཁུ་བ་ཕྱི་ལ་ཐོན་པར་བྱས་ཀྱི། མང་ཆེ་ཤོས་ཀྱི་དངོས་སུ་ལས་ཀྱི་རེད།
ང་ཚོས་དངོས་སུ་མི་བཙུད་པ་དེ་བླ་མ་ཡང་དག་ལ་བརྩི་གི་ཡོད། བླ་མ་ངོ་ཤེས་མང་ན་སྒོར་མོ་ཡང་མང་པོ་སྤྲད་རེད་ལ་རྙོག་དྲ་ཡང་དེ་ཙམ་ཡོད་མ་རེད།
ཆབ་མདོར་འདུག་སྐབས་ང་ལའང་བླ་མ་བཞི་ཙམ་ངོ་ཤེས་ཡོད། གཅིག་ནི་བླ་མ་ཆེན་པོ་རེད། མགོ་ཁྲིད་ཀྱང་དེ་བཞིན་ང་ཚོ་འབོད་ཀྱི་ཡོད་རེད། གང་ལྟར་ལས་ཀ་དེ་སྒྲུབ་སྐབས་ཟླ་བ་རེ་སྐབས་རེར་དམངས་སྒོར་ཁྲི་༦ ལྷག་ཀྱང་བཟོ་གི་ཡོད།
ཡིན་ན་ཡང་ད་ཆ་[流泪 མིག་ཆུ་བཞུར][流泪 མིག་ཆུ་བཞུར] འདི་འདྲ་ཞིག་གྱུར་ཟིན་པ་རེད་ཅེས་ངུ་བཞིན་མང་པོ་བཤད་ཀྱི། ཚ་ཆང་ཕབ་ཐུབ་མ་སོང་།
ངོ་མ་བོད་ཡུལ་ན་ཉེན་ཁ་ཆེ་གི་ལ། ལྷག་པར་ན་གཞོན་ཚོས་རང་གར་བཙལ་ནས་གང་འདོད་ལས་ན་དངོས་གནས་མི་རིང་བར་མི་རིགས་འདི་བརླག་ངེས་རེད་འདུག་སྙམ། རིས་མེད་ཨེ་འགོག་ཚོགས་མི་སངས་རྒྱས་ནས་ནད་པས་བཤད་བཞིན་ཕབ།

༼ཆབ་མདོའི་གཞང་ཚོང་མ༽གནས་ཚུལ་འདི་སྐད་འཕྲིན་ནས་བཤུས་པ་ཡིན།
འདི་ཐེངས་གཅིག་བཀླགས་ནས་བརྒྱུད་སྐུར་གནང་རོགས། Sopa Chentas ཡི་ངོ་དེབ་ནས་བཏུས།

གསོ་རིག

Post navigation

Previous Post: ཁྲིམས་གཏུག་ལ་བརྟེན་ནས་བོད་པར་གུན་གསབ་ཐོབ་པ།
Next Post: མདོ་སྨད་ཀྱི་བར་མའི་འོས་བསྡུ་དང་འབྲེལ་བའི་གསལ་བསྒྲགས།

Comments (27) on “ཆབ་མདོའི་གཞང་ཚོང་མ།”

  1. མ་ཅིག་སྐྱིད། says:
    2013-12-29 at 11:17 am

    གནད་དོན་འདིའི་རིགས་དག་སེལ་བྱེད་པར་རང་གཞན་གཉིས་ལ་འོས་འགན་ཡོད།

  2. རྒྱང་མིག says:
    2013-12-29 at 12:07 pm

    སྐྱོ་སྒྲུང་འདི་ཀློག་དུས། བོད་འབྱོར་བུད་མེད་ཅིག་གིས་”བོད་ནང་གི་ཕོ་གསར་མང་པོ་ལས་རྒྱུ་(འཁྲིག་པ་)གཅིག་པོ་ལས་གཞན་མི་ཤེས་པའི་ཟོག་འདྲ་བོ་རེད།”ཅེས་བརྗོད་པ་དེ་ཡིད་ལ་དབང་མེད་དུ་འཁོར་བཅུག་སོང་།

    མ་གཞི་ནས་བུད་མེད་ནད་ཕོག་འདིས་ཀྱང་ཡག་པོ་བྱས་མི་འདུག མོ་རང་གཞང་འཚོང་གི་ལས་ལ་ཞུགས་ནས་ཡུན་རིང་སོང་ན་ཡང་། རང་ལུས་ལ་བརྟག་དཔྱད་དང་། ནད་འདིའི་ཉེན་ཁ་ལ་རྒྱུས་ལོན་ཅི་ཡང་མ་བྱས་པར་སྒོར་མོ་གང་རེག་གཅིག་པོ་བསམ་པ་དེ་རེད།

    བུད་མེད་ནད་ཕོག་འདི་གཅིག་པོ་བརྒྱུད་ནས་ཀྱང་བོད་མི་ག་ཚོད་ཅིག་ལ་རེག་དུག་དེ་འགོས་ཕོག་བྱུང་མེད་དམ་སྙམ། ཉེན་ཁ་ལ་་་་་་ཉེན་ཁ་་

  3. རྒྱང་མིག says:
    2013-12-29 at 12:09 pm

    ད་དུང་དེའི་སྒང་ལ་བསྟན་པའི་ཆོམ་རྐུན་བླ་གྲྭ་དེ་ཚོ་་་་ འདི་ཚོ་ནི་ཁ་དཔེར་”ཉིན་དཀར་གྱི་མྱི། མཚན་མོའི་འདྲེ་”ཟེར་བ་དེ་རེད། སྐྱུག་བྲོ་བ་ལ་ཨང་་་་་

  4. རང་བྱུང་རིག་པའི་རྡོ་རྗེ says:
    2013-12-29 at 12:54 pm

    ཨ་ལ་ལ། བདེན་པ་ཡིན་ནམ། གྲོགས་པོ་བླ་མ་གྲྭ་བ་མང་པོ་ཡོད་ཟེར། མ་རིགས་དཀར་པོ་ཡིན་ཟེར། བུ་མོ་འདི་མགོ་སེར་མ་ཡིན་ནམ། ཡང་ན་བོད་པ་ཡིན། །

  5. lནུབ་ཕྱོགས་གངས་ཕྲུག says:
    2013-12-29 at 12:58 pm

    དུས་རབས་ཉེར་གཅིག་ལ། ད་དུང་བོད་པ་དེ་ཚོས་མཇེ་ཤུབས་ཧ་མི་གོ་ཟེར་བ་དེ། ང་ནི་ཧང་སང་སོང་།

  6. དགའ་སྐུ་ says:
    2013-12-29 at 1:37 pm

    ཨ་ལལལ། སྙིང་རྗེ་རང་རེད། གྲོགས་པོ་རྣམ་པ་ཚོ་་བྱུང་ན་གང་བྱུང་མ་ལས་པ་ཞིག་དང་ལས་ན་ཡང་ཤུབ་བསྣབས་རོགས།།

  7. ཅོག་མྱི། says:
    2013-12-29 at 5:09 pm

    མི་རིགས་དཀར་པོ་ནི་འཚོ་བྱེད་བུས་བསྒྱུར་ནོར་ཐེབས་པ་རེད། རྒྱ་སྐད་ཀྱིས་白族ཟེར་བ་དེ་ཁ་དོག་དཀར་པོའི་ནང་དོན་མ་ཡིན་ཏེ། པེ་ཧོར་༼白伙༽ཞེས་པའི་བསྡུས་མིང་ཡིན་པས་པེ་ཧོར་མི་རིགས་ཞེས་བསྒྱུར་ན་དོན་ལ་གནས། པེ་ཧོར་འཚོ་གཞིས་བྱེད་ས་རྒྱ་མོ་ཚ་རོང་དང་བདེ་ཆེན་བཅས་དང་ཉེ་བས་ནང་ཆོས་དང་བོན་ཏཱོའི་མུ་སྟེགས་སོགས་ལ་དད་པའི་འཇང་གླིང་ལ་གཏོགས། མི་གྲངས་ས་ཡ་གཉིས་ཙམ་ཟིན།

  8. རྟ་བདུན་དབང་བོ says:
    2013-12-29 at 8:55 pm

    བོད་ཀྱི་བླ་མ་གྲྭ་བ་ཟོག་པོ་དེ་ཚོ་སྙིང་རེ་རྗེ། སོ་སོས་འདུལ་བ་ཡག་པོ་ཞིག་སྲུང་མ་ཐུབ་ན་བུད་མེད་བསྟེན་ན་ཅི་ཕྱིར་མི་ཆོག དེ་ནི་སོ་སོར་ཐོབ་ཐང་ཡོད་པ་རེད། གཤང་ཚོང་ཚོར་ལུས་འབྲེལ་བཞག་ནས་ད་དུང་འདུལ་འཛིན་བཟང་བོ་ཞིག་ཡིན་ཁུལ་བྱས་པ་དེ་ནང་ཆོས་ཡག་པོ་ཞིག་མ་ཤེས་པའི་རྟགས་རེད། སྡོམ་པ་ཤོར་བ་དེ་ནོར་འཁྲུལ་ཚབས་ཆེན་མ་རེད། ཤོར་ཡང་གསང་བ་བྱས་པ་དེ་ནམ་ཡང་ཐར་བ་མེད་པའི་ཉེས་པ་ཚབས་ཆེས་ཤོས་ཏེ་རེད། ཉེས་པ་ནི་ནམ་ཡང་མི་འཆབ་པོ་མི་སྦེད་དོ་ཟེར་བ་ནི་གསང་བ་མ་བྱེད་ཅེས་པའི་དོན་རེད།།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-12-29 at 11:17 pm

    སངས་རྒྱས་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་གྱིས་འབྱོར་ལྡན་དག་གིས་་གདུགས་ཚོད་ལ་གདན་དྲངས་ཀྱང་། དེ་དག་གི་ཁྱིམ་དུ་གདུགས་་ཚོད་ལ་བྱོན་པར་སྨད་ཚོང་མའི་གཙོ་མོ་ཨཱ་མྲ་སྐྱོང་མའི་ཚལ་དུ་གདུགས་ཚོད་ལ་བྱོན་པ་ཞིག་ཉེ་དུས་བཀླགས།
    ་
    སེམས་ཅན་ལས་ཀྱི་དབང་གིས་གང་ཡང་མི་བྱེད་པ་མི་སྲིད་པ་ཡིན། སྦས་ནས་སྐྱེ་བོ་ཕལ་ཆེར་གྱིས་མི་ཚངས་སྤྱོད། ཁྱིམ་པ་དག་གིས་ལོག་གཡེམ་བྱེད། ང་གཙང་གཞིས་ཀ་རྩེ་རུ་ཡོད་སྐབས། བོད་སྨན་ལ་སྦྱངས་པའི་ལ་དྭགས་པ་གྲྭ་པ་ཞིག་གིས་ཆགས་སྤྱོད་མེད་པར་གསོན་མཁན་དཀོན་པོ་ཡིན་༡༩༥༠གྲངས་ཀྱི་མགོར་བཤད་པ་དེ་ད་ལྟ་ཡང་དྲན་པར་མཆིས།

    ཆབ་མདོའི་གཞང་ཚོང་མ་དེ་བདེ་ཞིང་སྐྱིད་པར་ཡིད་སྨོན། ཕོ་མཚན་ལ་ཤུབས་མ་གྱོན་ཚེ་ཤིན་ཏུ་ནས་དྲག་དཀའ་བའི་ན་ཚ། ཨེད་(aid)ཅེས་པ་གོས་ནས་འཆི་བའམ། སྨན་ཡུན་རིང་གོང་ཆོན་པོར་ཉོ་དགོས་པའི་བསླབ་བྱ་རྒྱབ་གྲོགས་གྱིས།

    རྒྱ་གར་དུ་གཞང་གི་ན་ཚ་གོས་པ་དག་ལ་དྭགས་སོགས་རང་ཡུལ་དུ་ལོག་པ་ན། ཆགས་སྤྱོད་ཀྱིས་གཞན་ལ་གོས་ཏེ་ན་ཚ་དེ་རྒྱས། ངའི་ཨ་གུའི་བུ་མོ། བདག་གིས་སྲིང་མོར་འབོད་པ་ལ་མག་པ་ཞིག་བླངས། དེ་ལ་ཁྱིམ་མཚེས་པ་རྒྱ་གར་དུ་གཞང་གི་ན་ཚ་གོས་པའི་མི་ཞིག་གི་སྐྱེས་དམན་དེ་ལ་སྦས་པས་ཆགས་སྤྱོད་པ་ན་ཚ་གོས། དེ་འདྲའི་ན་ཚ་ཡོད་པ་མ་ཤེས་པས། ངའི་ཨ་གུས་རང་གི་བུ་མོར་མི་དེ་མག་པར་བླངས། དེས་ངའི་སྲིང་མོ་ཚེ་རིང་ཞེས་པར་ན་ཚ་དེ་གོས་སུ་བཅུག་ཏེ། བུ་བརྒྱུད་སྐྱེས་པ་ཀུན་ལོ་གཅིག་གཉིས་བསྡད་ནས། ཤི་བ་ཐོས། མཐར་ངའི་སྲིང་མོ་དེ་དང་རང་གི་ཁྱོ་ག་མི་དེ་གཉིས་ཀ་་གྲོངས་ཏེ། ལོ་ངོ་བཞི་བཅུ་ལྷག་ཡིན་ངེས། ན་ཚའི་རིགས་ཏེ་གོས་མེད་པ་ཡིན་ན། གཅིག་ན། ད་ལྟ་ཡང་རང་གིས་བུ་དང་བུ་མོ་བཅས་གསོན་པོར་ཡོད་ངེས།
    ་
    ལུས་ཅན་དག་གི་ལས་རྣམས་ནི།
    བསྐལ་པ་བརྒྱར་ཡང་ཆུད་མི་ཟ།
    ཚོགས་ཤིང་དུས་ལ་བབས་པ་ན།
    འབྲས་བུ་ཉིད་དུ་སྨིན་པར་འགྱུར།།
    ་
    ཞེས་མདོ་ལས་ལན་མང་དུ་བསུངས་སོ།

  10. གནམ says:
    2013-12-29 at 11:29 pm

    སྐད་ཆ་འདྲ་མིན་ཅོ་བརྒྱད་བཤད་ན། ཁ་བརྡ་ཚང་གིས་བཙོན་ལ་འཇུག་གི། ཨ་རོགས་ཚོ། དེ་རིང་ནས། ཟླ་གཅིག་གི་བཙོན་པ་ང་དེ་རིང་བཙོན་ཐར་ཐོབ་བཞག་པ་ལ་དགའ་བོ་བྱུང་། མ་རབས་མི་བཤད། ཡ་རབས་བཤད་ནས་ཉི་མ་སྐྱོལ་འི་ཡིན་ཟེར་འདོད་ཡོད་ཀྱང་། ངའི་ཁ་འདི་ཁ་བདག་མེད་ལ་གོམ་པས་ཅི་ཐོན་འདི་ཐོན་མི་ཤེས། རིག་རྒྱུ་གོ་རྒྱུ་མེད་ཉིན་ཁ་བརྡ་ཚང་གིས་ང་སྨྲ་བརྗོད་རང་དབང་མ་སྤྲད་པར་ལྐོག་བཙོན་ལ་བཅུག་ཡིན་པས། ཁ་བརྡ་ཚང་གི་འདྲེ་མགོ་རྡོག་ཁྱེད་ཚོར་བདེ་མོ་སྔ་མོ་ནས་ཞུས་བ་ཡིན་ནོ། ཧ་ཧ་ཧ།

  11. རྟ་བདུན་དབང་བོ says:
    2013-12-30 at 2:37 am

    རྒན་ལ་དྭགས་ཚང་གིས་གཞན་ལ་ཕན་པའི་སྒྲུང་ཞིག་གསུངས་འདུག དེ་དང་དེ་ལྟ་བུ་ཀུན་ལ་འོང་སྲིད་པ་རེད། གཟབ་གཟབ་བྱེད་དགོས།།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-12-30 at 6:29 am

    སྨད་ཚོང་མ་ལ་དམོད་མི་བྱ། །
    སྨད་ཚོང་མ་ལ་འཁྲིག་མི་བྱ། །
    གལ་སྲིད་སྨད་ཚོང་སྤྱོད་འདོད་ན། །
    གྱིག་ཤུབས་ངེས་པར་བེད་སྤྱོད་བྱ། །

  13. ཀརྡོ་གཉེར་ཕྱག་པ་ says:
    2013-12-30 at 6:41 am

    གཞང་ཁང་དང་ནི་ཆང་ཁང་དང་། །
    རྒྱན་བཙུགས་ཁང་དང་མཚན་ཚོགས་སར། །
    འགྲོ་མཁན་གྲགས་པ་ཉམས་པའི་ཕྱིར། །
    ཀུན་གྱིས་འགྲོ་བར་མི་བྱ་འོ། །

  14. ཞུས་ཆེན་པ says:
    2013-12-30 at 7:44 am

    དེང་སང་གཞང་ཁང་རེག་དུག་བགོ་ཁང་ཡིན། །གཞང་ཁང་ཉུལ་བའི་སྐྱ་སེར་ཆགས་སྨྱོན་ཚོ། །གཞང་བཙོང་མཛེས་མའི་མཉམ་དུ་ཉལ་ནས་ཀྱང་། །སྐད་ཅིག་སྐྱིད་པའི་བདེ་བ་ཡོད་ནའང་། །རེག་དུག་འགོས་ཚེ་མི་ཚེ་འཕྲོ་བརླག་ཡིན། །རེག་དུག་ནད་ངན་ས་ཁྱབ་རྡོ་ཁྱབ་གྱུར། །སྒར་གྲོང་སྐྱ་སེར་གཉིས་ཀའི་སྤྱི་ཚོགས་ནང་། །ནད་དུག་འདི་ཡིས་ཟིན་ཅེས་ཀུན་གྱིས་སྨྲ། །མི་གྲངས་ཉུང་བའི་ང་ཚོའི་མི་རིགས་འདིར། །ནད་ངན་འདི་ཡིས་ལྐོག་ནས་འཇོམས་པ་ན། །སུ་དང་གང་གིས་ཟློག་ཐབས་མེད་པ་ཡིན། །དེ་ལྟར་བསམ་ནས་སོ་སོས་ཐུགས་གཟབ་གནོང་། །

  15. གངས་ལྡོམ། says:
    2013-12-30 at 8:34 am

    རྒན་ལ་དྭགས་མཆོག་གིས་མགོ་སྟོང་ཁ་ཤས་ཀྱིས་སྐད་ཅོར་རྒྱབ་གི་ཡོད་པ་ལྟར་མ་ཡིན་པར་སྤྱི་ལ་ཕན་པའི་དངོས་སྒྲུང་ཡག་པོ་ཞིག་གསུངས་འདུག

    མགོ་སྟོང་ཚོ། ཆགས་སྤྱོད་ཀྱིས་ལག་མི་འཁེལ་ན་འགྱིག་ཤུབ་བེད་སྤྱོད་ཐོངས།

  16. རིན་ཆེན says:
    2013-12-30 at 10:27 am

    རྩོམ་འདིའི་རྩོམ་བྱང་ལས་བུ་མོ་དེ་འཕྱ་དམྱོད་འདྲ་ཞིག་མཐོང་སོང་བས།དྲ་གྲོགས་ཚོས་བུ་མོ་སྨད་ཚོང་མ་ལ་འཕྱ་དམྱོད་མ་བྱེད་རོགས།མོའི་འཚོ་བའི་གནས་སྟངས་ཀྱི་དབང་གིས་གནས་ཚུལ་འདི་བྱུང་ཚུལ་བཤད་འདུག ངོ་མ་བློ་ཕམ་དང་སྙིང་རྗེ།བླ་མ་དང་གྲ་བ་དེ་ཚོ་ཁ་རྡུང་བཏང་ན་འགྲིག

  17. རྟ་བདུན་དབང་བོ says:
    2013-12-30 at 2:35 pm

    རིན་ཆེན་ལགས། འོ་ན་རྩོམ་འདིའི་ཁ་བྱང་དུ་ཅི་ཞིག་བཏགས་ན་ལེགས། གཞན་འདོད་སྐོང་བའི་སྨད་ཚོང་མ་ལབ་ན་ག་འདྲ་འདུག འོན་ཀྱང་གཞང་ཚོང་མ་ཞིག་ལ་ནམ་ཡང་བསྟོད་མི་འོས། དགོངས་འགལ་མེད་པར་ཞུ།།

  18. ཁ་བའི་ཡུལ་གྱར་བ། says:
    2013-12-30 at 4:45 pm

    ཅོག་མྱི་ལགས། མི་སྟིགས་ཟེར་ན་གང་ལ་ཟེར། དེའི་གོ་དོན་དང་ལོ་རྒྱུས་ཁ་གསར་གཏིང་གསར་ཞིག་གསུང་རོགས་གནང།

  19. འཚོ་བྱེད་བུ says:
    2013-12-30 at 6:45 pm

    གཞིས་ལུས་བོད་མི་ཚོས་བརྗོད་དོན།  རྒྱ་མོ་སྨད་ཚོང་མ་ཚོས་བོད་རིགས་མི་སྐྱ་ཡོང་ད་ཡོང་ཨ་ཀ་(རྒྱ་སྐད་དུ་གྲྭ་བ་ལ་འདི་ལྟར་འབོད) ཚོ་ཡང་ཡོང་གི ཨ་ཀ་ཡིན་པ་ཇི་ལྟར་ཤེས་ཞེ་ན་ཨ་ཀ་ཚོའི་སྟོད་གོས་ལ་ཕུ་ཐུང་མེད་པས་ཁོ་ཚོའི་དཔུང་པ་ཡན་འདབས་ཀྱི་པགས་མདོག་དཀར་པོ་དང་མན་འདབས་ནག་པོ་ཡིན་པས་རེད། ཁོ་ཚོས་སྐྱ་ཆས་གོན་ནས་ཡོང་ནའང་ལག་ངར་ལ་བལྟས་ན་ཤེས་གི་ཞེས་ཟེར་སྲོལ་ཡོད་སྐད།

  20. ཅོག་མྱི། says:
    2013-12-30 at 7:58 pm

    འཚོ་བྱེད་བུ་འཚོ་མཛད་སྨན་པ་འདི་ཡང་བོད་ལ་ཐེངས་གཅིག་ཕེབས་ནས་ཡག་མོ་བྱས་ན་མ་བསྡད་ཐལ། གང་ལགས་ཤེ་ན། བོད་ཀྱི་རྒྱ་མོ་སྨད་འཚོང་ཚོས་བོད་ཀྱི་སྐྱེས་པ་སྐྱ་སེར་ཇི་ལྟར་བརྟག་ཚུལ་དཔྱིས་ཕྱིན་པ་ཞིག་ཤེས་པའི་ཕྱིར་རོ། ཀུ་རེའོ།

  21. ཅོག་མྱི། says:
    2013-12-30 at 8:12 pm

    ཁ་བའི་ཡུལ་གྱར་བ་ལགས། སྐུ་ཉིད་ཀྱི་དྲིས་ལན་གཤམ་དུ་གསལ་བའོ།

    མུ་སྟེགས་ཞེས་བ་ནི། བསྟན་པ་འདི་དང་སྟོན་པ་འདི་ལས་ཕྱི་རོལ་དུ་ཕྱོགས་ཏེ་འཇིག་རྟེན་པའི་ཤེས་རབ་ཀྱིས་ཤེས་བྱའི་གནས་ལ་དཔྱོད་ཀྱང་ཡིན་ལུགས་ཀྱི་མྱང་འདས་དང་རྗེས་སུ་མཐུན་པའི་ལམ་མེད་པས་ཕྱི་རོལ་པ་ཞེས་བྱ། འོན་ཀྱང་དེ་ལ་ཅུང་ཟད་ཉེ་བར་གྱུར་པས་ཐར་པའི་མུ་དང་སྟེགས་ལ་གནས་པས་ན་མུ་སྟེགས་ཞེས་བྱ་སྟེ། བཟང་ོད་འགྲེལ་པ་ལོ་ཆེན་ཡེ་ཤེས་སྡེས་མཛད་པ་ལས། མུ་སྟེགས་ཅན་ཞེས་བྱ་བ་ལ། མུ་སྟེགས་ནི། དཔེར་ན་ཆུའི་རྫིང་བུའམ་མཚེ་འུར་འཇུག་པའི་མུར་ཐེམ་པ་བྱས་པ་ལྟ་བུའམ་རབ་བརྒལ་བའི་རབ་ཁ་བདེ་བ་ལ་མུ་སྟེགས་ཞེས་བྱའོ། །དེ་བཞིན་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་མུ་སྟེགས་དང་། འཁོར་བའི་ཆུ་བོ་ལས་བརྒལ་བའི་ཐབས་ལམ་གྱི་རབ་ཁ་ལ་མུ་སྟེགས་ཞེས་བྱ་སྟེ། གང་སུ་དག་ལ་ལམ་དེ་ཡོད་ཅིང་དེ་དོན་དེ་དག་ནི་མུ་སྟེགས་ཅན་ཏེ། ཞེས་གསུངས་པ་ལྟར་རོ།
    ཡང་གཅིག་ན་མུ་སྟེགས་པའི་གོ་དོན་ནི་མུ་ཞེས་པ་མཐའ་དང༌། སྟེགས་ནི་སྡོད་སའི་སྟེགས་བུའི་དོན་ཡིན་པས། ལྟ་བ་ངན་པའི་མུ་ལ་སྡོད་སའི་སྟེགས་བྱེད་པ་ཞེས་ནང་པ་སངས་རྒྱས་པ་རྣམས་ཀྱིས་ཟུར་ཟ་བྱས་པའི་མིང་ཞིག་ཡིན། སྤྱིར་རྒྱ་གར་ན་མུ་སྟེགས་པའི་ལྟ་བ་རིགས་མི་འདྲ་བ་དྲུག་ཅུ་ལྷག་ཙམ་ཡོད་ཅིང༌། དེའི་ནང་ནས་གྲགས་ཆེ་བ་ནི་བཅུ་གཅིག་ཡོད། དེ་རྣམས་སོ་སོའི་ལྟ་བའི་འདོད་ཚུལ་རྒྱས་པར་གསུངས་པ་ནི། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་མཛད་པའི་༼དབུ་མ་རྟོག་གེ་འབར་བ་༽བསྟན་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགས་ལེ་ཚན་༼ཛ༽པའི་ནང་བཞུགས་པ་དེ་དང༌། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་མཛད་པའི་༼གྲུབ་མཐའ་ཆེན་མོ་༽ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་༼གྲུབ་མཐའ་ཐུབ་བསྟན་མཛེས་རྒྱན་༽བཅས་སུ་གསལ། 
    མདོར་ན་དཀོན་མཆོག་གསུམ་སྐྱབས་གནས་སུ་མི་འཛིན་ཞིང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པའི་ཆོས་ལུགས་མཁན་ནི་འགྲེལ་ཐུན་མོང་བ་ཡིན།

  22. འཚོ་བྱེད་བུ says:
    2013-12-31 at 8:36 am

    ཅོག་མྱི་ལགས། 白族 ཐོག་འགྲེལ་བཤད་གནང་བ་ཐུགས་རྗེ་ཆེ། གཞན་ཡང་དྲན་ཚོད་ལ་བོད་དུ་ཡོད་སྐབས་བོད་མི་དང་རྒྱ་ནག་པ་ཚོས་རང་ཉིད་ལ་མི་དཀར་པོ་དང་ནུབ་ཕྱོགས་པར་མི་སེར་པོ་ཞེས་འབོད་ཀྱི་ཡོད་པ་ཞིག་དྲན་གྱི་འདུག འདི་ནུབ་ཕྱོགས་པས་འབོད་སྲོལ་དང་ལོགས་ཀ་རེད་འདུག

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-12-31 at 7:49 pm

    མུ་སྟེགས་ཞེས་པ་རྒྱ་གར་ཕྱི་ནང་གི་བསྟན་བཅོས་རྣམས་སུ། རང་གི་གྲུབ་མཐའ་དང་མི་མཐུན་པར་སྨྲ་བ་དག་ལ་བཀོལ་བར་ཐོས། ཏཱི་ར་ཐ། ཞེས་པ་གཙང་པོའི་ཆུ་འགྲམ་གནས་དང་། དེར་གནས་པ་པོ་ལ། ཏེ་རྠི་ཀ་སྟེ། མུ་སྟེགས་པ། གཞུང་དུ་མི་འགྲོ་བར་མཐའ་མ་ལ་གནས་པ་ལ་མུ་སྟེགས་པ་ཞེས་སོ།

  24. དྲི་མེད་ལྷག་བསམ། says:
    2014-01-01 at 4:41 am

    པེ་མི་རིགས་སམ། བོད་རིགས་ཀྱང་གྲགས་པ་འདི། རྒྱ་ཡིག་ཏུ། 僰子”、“僰兒子”、“白尼”、“白夥”ཞེས་འབོད། མི་རིགས་འདི་ལ་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས་བགྲང་མཁན་ཡང་ཡོད། ཐང་རྒྱལ་རབས་སྐབས་ནས་ཡོད་པ་ཕལ་མོ་ཆེའི་འདོད་པ་རེད། ལོ་རྒྱུས་ལ་ལྟ་ཚུལ་མི་འདྲ་བ་བྱུང་དོན་མི་རིགས་འདིའི་མིང་ལ་འགྱུར་བ་སྣ་ཚོགས་ཕྱིན་པས་མཐའ་གཅིག་ཏུ་ཐག་གཅོད་དཀའ་བས་སོ།། བོད་རིགས་ཡིན་པར་འདོད་པ་ཚོའི་སྒྲུབ་བྱེད་ལྔ་ནི། གཅིག་ཤ་མདོག་རྣམ་པ་འདྲ་བ། གཉིས་མི་རིགས་ཀྱི་གཏམ་བརྒྱུད་འདྲ་བ། གསུམ་སྐད་རིགས་འདྲ་ས་མང་པ། བཞི་མྱེས་པོའི་ངག་རྒྱུན་དུ་བོད་ཡིན་པའི་བཤད་སྲོལ་ཡོད་པ། ལྔ་ཆོས་ལུགས་ཀྱི་བྱེད་སྒོ་བོད་ནས་དར་བའི་བན་བོན་གཉིས་དང་མཐུན་པས་སོ། །འོན་ཀྱང་༡༩༩༥་སྐོར་ཞིག་ནས་མི་རིགས་དམིགས་བསལ་བ་ཞིག་ཏུ་བཀར། མི་རིགས་དེའང་སྣ་ཤུལ་དང་། ཡ་ཤུལ་སོགས་དུམ་བུ་མང་པོར་བགོས་པས་སྔོན་གྱི་བཤད་སྲོལ་རྣམས་བག་ལ་ཞ་བར་གྱུར་ཏོ། །སྔོན་ཆད་མི་རིགས་འདིའི་སུམ་ཆ་གཅིག་ཙམ་གྱིས་རང་ཉིད་བོད་རིགས་ཡིན་པར་འདོད། མི་འབོར།1990 ཁྲི་159.4ཡོད་པར་བཤད། ས་གནས་ཡུན་ནན་ནམ་འཇང་ཡུལ་དུ་མི་གྲངས་ཁྲི་134ཡོད་པར་བཤད། བརྒྱ་ཆའི་80%ལྷག་ཡུན་ནན་རྟ་སླས་ཁུལ་དུ་ཡོད། 2000ལོ་རྒྱ་ནག་གི་བཤད་པ་ལྟར་ན་མི་འབོར་ཁྲི་1.858.063。བརྒལ་ཡོད་པར་བཤད་དོ།།

      

  25. དྲི་མེད་ལྷག་བསམ། says:
    2014-01-01 at 4:50 am

    白族བོད་རིགས་འདི། རྒྱ་ནག་ཁྲི་འདུ་ནས་དར་རྩེ་མདོ་དང་། ལྷ་ས་ཚུན་ཆོད་དུ་ཇ་བཙོང་མཁན་གྱི་རྒྱ་ཤར་བ་ཟེར་བ་དེ་རེད། བོད་དུ་རྟ་ཟམ་པ་དང་། ཇ་ཚོང་པ། ཤར་པ། ཚྭ་ཉོ་པ་སོགས་ཟེར་སྲོལ་ཡོད་པར་སྣང་། རྒྱ་ཡུལ་ནས་ཇ་ཁུར་ནས་བོད་ནས་ཚྭ་ཉོས་ཏེ་འགྲོ་མཁན་རེད། འབྱོར་བ་ཅུང་ཟད་ཡོད་པ་ཚོར་རྒྱ་མཐའ་དང་བོད་ཡུལ་དུ་སྐྱེས་མ་ཁ་ཤས་ཡོད་པར་བཤད། མི་རིགས་འདིའི་རྩ་བ་ཅི་འདྲ་ཡིན་བཤད་དཀའ་ཡང་བོད་དང་ཤ་ཁྲག་གིས་འབྲེལ་ནས་ཡོད་པ་ཞིག་པ་ཐག་ཆོད་རེད། དེར་མ་ཟད་བོད་ནས་སྐྱེས་པའི་བུ་ཁ་ཤས་རེ་ཕ་ཡུལ་དུ་ཁྲིད་ནས་སོང་བ་ལ་རི་སྐྱེས་དང་། བྱི་པྲུག་ཅེས་ངན་སྨོད་བྱེད་ཚུལ་ཡང་ཡོད་པར་གྲགས་སོ།།

  26. དྲི་མེད་ལྷག་བསམ། says:
    2014-01-01 at 8:59 pm

    གོང་གི་སྙིང་རྗེ་བའི་བུ་མོ་དེའི་བསླབ་བྱ་མི་བུ་ཤེས་ལྡན་ཡོངས་ཀྱིས་གོ་དགོས་པ་དང་། བུ་མོ་དེའི་སྙིང་རྗེ་བའི་མྱོང་བྱང་དེ་མཐོང་མ་ཐག་དེ་ལ་དམིགས་དེ་སྙིང་རྗེའི་ཆོས་སྦྱིན་དང་། མོའི་མྱོང་བ་དམར་རྗེན་དུ་བཏོན་ནས་ཁ་གསལ་གྱི་ཉེན་བརྡ་བཏང་བར་ཐུགས་རྗེ་ཆེ་ཞུ།།

  27. བར་ཕུ་ཕུན་ཚོགས། says:
    2014-01-02 at 1:17 am

    བོད་རིགས་ཚོར་འཁྲིག་སྤྱོད་དང་འབྲེལ་བའི་རྩོམ་ཡིག་ཞིག་བྲིས་ཚེ་ཀློག་མཁན་མང་པོ་ཡོང་ས་རེད།
    ངོ་མ་ཁ་ལ་ཆོས་མ་ཐོབ་ཅིང་རྐུབ་ལ་ལོག་གཡེམ་མ་རག་པ་ཡིན་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme