Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅོང་རྡོག་བརྐུས་པ།

Posted on 2011-12-18 By ཡེ་ཤེས་ 3 Comments on ཅོང་རྡོག་བརྐུས་པ།

—དངོས་བྱུང་གི་གཏམ་རྒྱུད་ཐུང་ཐུང་ཞིག

དམྱལ་བ་བོ། ད་སོངས། རེམ་མ་སོངས།

ཤག་རོགས་དེ་ཚོ་ཚང་མ་ང་ལས་ལོ་གསུམ་བཞི་ཙམ་གྱིས་རྒན་པ་ཡིན་ཡང་། ཁོ་ཚོས་སྨག་འདི་ལྟར་ནག་པའི་མཚན་མོ་འདིར་སྡར་མ་སྙིང་ཆུང་གི་ང་རང་སློབ་གྲྭའི་ཇ་ཁང་གི་སྒེའུ་ཁུང་ཆུང་ཆུང་དེ་ལས་ཅོང་རྡོག་རྐུ་རུ་འགྲོ་དགོས་ཞེས་བཙན་སྐུལ་བྱས་སོང་།

ཟླ་གཅིག་སྔོན་གྱི་དགུན་ཁའི་མཚན་མོ་ཞིག་ལ་ཡང་ཁོ་ཚོས་འདི་ལྟར་ང་རང་བཙན་གྱིས་ཉལ་ཁང་གི་ལྟག་རྒྱབ་དེར་ཡོད་པའི་ཞོག་ཞོག་བླུགས་ཡོད་སའི་ས་དོང་དེའི་ནང་དུ་བཙན་གྱིས་སོང་ནས་ཞོག་ཁོག་རྐུ་རུ་བཅུག་པ་དྲན་ན་ད་དུང་ཤ་འདར་རྒྱག་ཡོང་བ་ཞིག་ཡིན་ཡང་། ཁོ་ཚོའི་གཏུམ་དྲག་གི་གདོང་རིས་རེ་རེ་ལས་གལ་སྲིད་ངས་ཁོ་ཚོའི་ཁ་ལ་མ་ཉན་ན་ལམ་སེང་གཅར་རྡུང་དྲག་པོ་ཞིག་བྱེད་རྒྱུ་ཡིན་པར་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་འདུག

ངའི་སྐམ་ལ་རིད་པའི་ལུས་པོ་ཆུང་ཆུང་དེ་སྤྲེའུ་ཞིག་དང་འདྲ་བར་ཇ་ཁང་གི་སྒེའུ་ཁུང་ལས་ནང་དུ་ཤུད་སོང་། གཤའ་དཀར་གྱི་སྡེར་མ་ཆེན་པོ་གཉིས་ཀྱི་ནང་དུ་དཀར་སོབ་སོབ་ཀྱི་ཅོང་རྡོག་དང་སེར་ལྷང་ལྷང་གི་མར་ལོ་མང་པོ་ཞིག་གིས་ང་ལ་བསྒུགས་བསྡད་འདུག ངས་རང་ཉིད་དང་ཤག་རོགས་ཚོའི་ཚིལ་དྲེགས་ཆགས་པའི་ཞྭ་མོ་དེ་ཚོའི་ནང་དུ་ཅོང་རྡོག*་དང་མར་ལོ་མང་ཐག་ཆོད་རེ་བཅུག་སྟེ་སྒེའུ་ཁུང་ཕྱི་རོལ་ནས་སྤྱང་ལྟོགས་བཞིན་བསྒུགས་བསྡད་ཡོད་པའི་ཁོ་ཚོར་བྱིན། ཅོང་རྡོག་དང་མར་ལོ་རག་རྗེས་ཁོ་ཚོས་ང་རང་ཇ་ཁང་གི་སྒེའུ་ཁུང་ལས་ཕྱིར་ལེན་རོགས་ཀྱང་མི་བྱེད་པར་རླུང་གཡུག་པ་ལྟར་མུན་ཁྲོད་དུ་ཡལ་སོང་།

ངས་རང་ནུས་ཅི་ཡོད་ཀྱིས་རང་གི་ཕྲ་ལ་མཉེན་པའི་གཟུགས་པོ་དེ་སྒེའུ་ཁུང་ཆུང་ཆུང་དེའི་ཕྱི་རོལ་ཏུ་འབུད་ཐབས་བྱས། ནང་ལ་བསླེབས་དུས་ཤག་རོགས་ཚོས་མེ་བུས་ནས་རང་རང་གི་ལྕགས་ཕོར་ཚོ་ཚ་བོ་བཟོས་པའི་ནང་དུ་མར་ལོ་བཞུས་པའི་ཤིང། དེའི་ནང་དུ་ཅོང་རྡོག་བརྔོས་ནས་མ་ཁོམ་པར་འདུག སྟབས་ལེགས་པ་ཞིག་ལ་དོ་དགོང་ཁོ་ཚོས་ངའི་སྐལ་བ་མ་བཅད་པར་ང་ལ་ཡང་བརྒྱགས་ཚད་ཅིག་བཟའ་རུ་བཅུག་བྱུང་།

སང་ཉིན། ཉི་འོད་སེར་པོ་ཞིག་ཧ་ཅང་གྲང་བའི་གནམ་གཤིས་དང་མི་འཚམ་པའི་ཚུལ་དུ་སློབ་གྲྭའི་ཁོར་ཡུག་ཏུ་འཕྲོས་ཡོད། དགེ་རྒན་དང་སློབ་མ་ཚང་མ་མཉམ་དུ་ཚོགས་འདུར་འཛོམས་སོང་། ཤག་རོགས་ཚོ་དང་ང་རང་དགེ་སློབ་ཡོད་ཚད་ཀྱི་མདུན་དེར་ཡར་བསླངས་ནས་རྐུན་མ་ནག་ཆེན་ཡིན་པའི་དགག་པ་བརྒྱབ་སོང་། ཤག་རོགས་ཚོ་ནི་ནམ་རྒྱུན་སྤྱོད་པ་དང་སློབ་སྦྱོང་གང་ཐད་ནས་ཡར་སྐྱེད་དེ་ཙམ་མེད་པ་འབའ་ཞིག་ཡིན་པས་དེ་ཙམ་གྱི་ཚོར་སྣང་ཡོད་པར་མི་མཐོང་། ང་ནི་ལོ་རེ་རེ་བཞིན་གསུམ་བཟང་སློབ་མའི་བྱ་དགའ་ལེན་མཁན་ཞིག་ཡིན་པས་ངོ་ཚ་ནས་མགོ་ཡང་འགྱོགས་ཕོད་མ་སོང་། དེ་དུས་ནི་སྤྱི་ལོ་1981ལོའི་དགུན་ཁ་རེད།
* ཅོང་རྡོག་ནི་ཨམ་སྐད་ཡིན་ཞིང་རྒྱ་གར་དང་བལ་ཡུལ་དུ་བོད་པ་ཚོས་སྤྲིན་མོག་ཅེས་པ་དེ་ལ་གོ

བརྩམས་སྒྲུང་།

Post navigation

Previous Post: བཀའ་ཤག་གི་བོད་མིའི་འཐབ་རྩོད་དེ་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུ་ཞིག་མིན་ཟེར།
Next Post: དཔལ་དུས་ཀྱི་འཁོར་ལོའི་བསྟན་པའི་འཕེལ་རིམ་ངོ་སྤྲོད།

Comments (3) on “ཅོང་རྡོག་བརྐུས་པ།”

  1. ཨ་ར་དཀར་པོ says:
    2011-12-18 at 3:25 am

    ང་ཡང་ཆུང་དུས་སློབ་གྲོགས་འགའ་དང་མཉམ་དུ་སློབ་གྲའི་ཐབ་ཚང་དུ་འཛུལ་ནས་ཅོང་རྡོག་དང་ཕག་ཤ་བརྐུས་ནས་ཟོས་པ་དང་ཡུང་དོང་ནང་འཛུལ་ཏེ་ཡུང་མ་བརྐུས་ནས་བཙོས་པ་སོགས་དྲན་བཅུག་སོང་། ཕལ་ཆེར་ལོ་ཡང་དེ་དུས་ཤིག་ཡིན་ས་ཡོད། ཡིན་ནའང་དགེ་རྒན་ཚོས་བརྐུས་པ་ཤེས་ཡོད་ཀྱང་སུ་ཡིན་འཇུ་ཐུབ་མེད།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2011-12-18 at 4:22 pm

    ཆུང་དུས་བརྐུས་པ་རྐུ་མ་མིན་ཡ ཧཧཧཧཧ

  3. ཆོས་འགྲུབ། says:
    2011-12-19 at 3:10 am

    ད་ནི་ཀླུ་སྨྱོན་རྫི་རྡིབ་ཁུར་ཡོད་ས་རེད། ཡག་རྒྱུ་དང་སྙན་རྒྱུ་སྣ་ཅིག་མེད་པའི་རྩོམ་འཆལ་འདྲ་འབྲི་སྟངས་ལ་ལྟོས་དང་། ད་དུང་ཁྱོད་ལ་རེ་བ་ཡོད་ན་མང་བ་ལས་སྤུས་ཀ་གཙང་དགོས་པ་རེད། རྩོམ་འཆལ་མང་ན་གད་སྙིགས་རེད་ཨ་ལགས་ཚང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme