Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅིས་ཀྱང་ཀློག་དགོས་པའི་དཔེ་དེབ་གཉིས།

Posted on 2011-03-232011-03-23 By འབྲོང་བུ་ཟླ་བ་ཚེ་རིང་ 12 Comments on ཅིས་ཀྱང་ཀློག་དགོས་པའི་དཔེ་དེབ་གཉིས།

གཅན་བཟོད་རྒྱམ།
photo12(དཔེ་དེབ་དང་པོ།)

(སེམས་དང་ཚེ་སྲོག་)ཅེས་པའི་དཔེ་དེབ་འདི་ནི་༢༠༠༢ ལོར་༸གོང་ས་མཆོག་གིས་གཙོས་འཛམ་གླིང་གི་ཚན་རིག་མཁས་ཆེན་གང་མང་བགྲོ་ལྒེང་གནང་བའི་བྱུང་རིམ་དང་ནང་དོན་རྣམས་ཡི་གེར་བཀོད་པའི་དཔེ་དེབ་ཅིག་ཡིན་ལ། དེབ་འདིའི་རྩོམ་པ་པོ་ལོ་ཡེ་སི་ཟེར། སྤྱིར་དཔེ་དེབ་འདི་དབྱིན་ཡིག་ནང་དུ་སྔོན་ནས་ཐོབ་ཡོད་ཀྱང་བོད་ཡིག་ཏུ་སྒྱུར་མེད་པར་ད་བར་དུ་ལྷག་བསྡད་པ་རེད།

གཞོན་སྐྱེས་ལོ་ཙཱ་བ་བསྟན་འཛིན་རིག་བཟང་ལགས་ཀྱིས་དཀའ་སྤྱད་འབད་འབུངས་ཀྱིས་བོད་བསྒྱུར་གནང་གྲུབ་པ་ཞིག་རེད།

ལོ་ཙཱ་བ་བསྟན་འཛིན་རིག་བཟང་ལགས་ཀྱིས་ལོ་སྔོན་མར་ཡང་གོང་ས་མཆོག་གི་གསུང་དེབ་གྲགས་ཅན་(རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་)ཟེར་བ་ཞིག་བོད་བསྒྱུར་གནང་སྟེ་བོད་ཡིག་ཀློག་མཁན་དག་གི་དགོས་མཁོ་བསྐྱངས་ཐཏུབ་ཡོད། སྤྱིར་༸གོང་ས་མཆོག་ལ་གསུང་རྩོམ་པོད་བརྒྱ་ཕྲག་ལོངས་བ་ཡོད་ཀྱང་མང་ཆེ་བ་ད་དུང་དབྱིན་ཡིག་གཙོས་གཞན་སྐད་དུ་བཞུགས་ཡོད་པས་བོད་ཡིག་ཁོ་ནར་བསྟེན་པའམ་བོད་ཡིག་ཀློག་མཁན་དག་གི་བགོ་སྐལ་དུ་ཐོབ་མེད་ན། ལོ་ཙཱ་བ་བསྟན་འཛིན་རིག་བཟང་ལགས་ཀྱི་ད་ཐེངས་ཀྱང་དུས་རབས་དང་མཐུན་པའི་བརྩམས་ཆོས་སམ་དེང་རབས་ཤེས་བྱ་གསར་པའི་དཔེ་དེབ་འདི་ལྟ་བུ་འུ་ཅག་བོད་ཡིག་ཀློག་མཁན་དག་གི་བསམ་པའི་གསོས་སུ་སྦྱིན་ཐུབ་པ་བྱུང་བ་ནི་ལོ་ཙཱ་བ་ཁོང་ལ་སྙིང་ཁུང་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

ལོ་ཙཱ་བ་བསྟན་འཛིན་རིག་བཟང་ལགས་བསྒྱུར་དཔེ་འདིརའི་སྔོན་གླེང་དུ། “རྩོམ་པ་པོ་ལོ་ཡེ་སིས་ད་དུང་ཚན་རིག་དང་ནང་དོན་ཏིག་པའི་ལྟ་བ་ཁག་ཅིག་ལ་རྒྱབ་ལྗོངས་ཀྱི་འགྲེལ་བཤད་ཁ་སྣོན་དང་། ཚོགས་ཞུགས་མི་སྣ་གལ་ཆེན་སྐོར་ཞིག་ལ་བཅར་འདྲིའང་གནང་འདུག་”ཅེས་དང་། སྐུའི་གསུང་སྒྱུར་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་དེབ་འདིའི་སྔོན་གླེང་དུ་”འདིས་ཚན་རིག་དང་ནང་ཆོས་ཀྱི་ལྟ་གྲུབ་དབར་ལྟ་ཚུལ་དང་ལངས་ཕྱོགས་སོགས་གནས་མང་པོ་ཞིག་ལ་ཐུན་མིན་གྱི་འབྲེལ་བ་གང་ཡོད་མཁྱེན་འདོད་ཡོད་པའི་བློ་གསལ་རྣམས་ལ་བོད་ཡིག་བརྒྱུད་ནས་དོན་གནད་དེ་རྣམས་ལ་མནོ་བྨ་ཞིབ་ཏུ་གཏོང་བའི་གོ་སྐབས་གསར་པ་ཞིག་བསྟེར་ཐུབ་ངེས་བཅས་”ཞེས་དེབ་དེའི་ནང་དོན་གྱི་ཆ་ཅི་ཡིན་རོབ་ཙམ་གླེང་འདུག་ལ། བསྟན་འཛིན་རིག་བཟང་གིས་དབྱིན་དེབ་བོད་སྒྱུར་གྱི་སྒྱུར་རྩལ་ལ་ངས་འདི་ནས་ཅང་བཤད་མི་དགོས་པར་(རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་)ཞེས་པའི་བསྒྱུར་དེབ་དེ་མཇལ་མྱོང་མཁན་ཞིག་ཡིན་ཚེ་ཤེས་རྟོགས་ཟབ་མོ་ཐོབ་ཡོད་སྲིད་ལ། ང་ནི་ཁོང་གིས་བོད་སྒྱུར་དཔེ་དེབ་དེས་ཡིད་དྲངས་ཡོད་པའི་གཅིག་ཡིན།

དཔེ་དེབ་འདི་ལ་ཤོག་གྲངས་༣༣༠ ཙམ་དང་ལེའུ་དྲུག་དང་མཇུག་གཏམ་བཅས་འདུག

ལེའུ་དང་པོ། ཅི་ཙམ་ཞིག་ལ་གཞི་རྩའི་རྡུལ་ཕྲ་རབ་རྣམས་དངོས་ཡོད་ཡིན་ནམ།

ལེའུ་གཉིས་པ། སྣེ་མང་རྙོག་འཛིངས་ཀྱི་མངོན་ཐོན།

ལེའུ་གསུམ་པ། ཚེ་སྲོག་གི་སྣེ་མང་རྙིག་འཛིངས་ཀྱི་སྐོར།

ལེའུ་བཞི་པ། ཚེ་སྲོག་ཇི་ལྟར་བྱུང་བ་ཡིན་ནམ།

ལེའུ་ལྔ་པ། མིའི་རིགས་རྒྱུན་སྡེ་ཁག་གི་ངོ་མཚར་དང་། དེའི་བྻང་དོར་གྱི་དགའ་རྙོག

ལེའུ་དྲུག་པ། ཤེས་པ་ནས་བླང་དོར་གྱི་རྣམ་གཞག་བར།

མཐའ་མའི་གཏམ།

བཅས་ཀྱི་འགྲུབ་འདུག

གཞན་ངས་འདི་ནས་ཤེས་མི་ཤེས་མང་པོ་ཞུ་མི་དགོས་པར་དཔེ་དེབ་དེར་མྱུར་མཇལ་ན་ཤེས་ཐུབ།

photo21
དཔེ་དེབ་གཉིས་པ།

དཔེ་དེབ་གཞན་ཞིག་ནི་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་སྐུ་གཞོགས་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱི་དཔེ་དེབ་(ཀླད་པ་ལས་འདས་པ་དང་ཤི་བའི་རྗེས་ཀྱི་གནད་དོན།)ཞེས་པ་འདི་རེད། དཔེ་དེབ་འདི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས་ཀྱིས་འགྲེམས་སྤེལ་གནང་བ་ཞིག་ཡིན་ལ། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཚེས་བཟང་པོར་དངོས་སུ་ཕྱིར་ཚོང་འགྲེམས་སྤེལ་གནང་། (ང་དེ་རིང་གཙུག་ལག་ཁང་དུ་གསུང་ཆོས་ཞུ་བར་སོང་སྐབས་བླུས་པ་ཡིན།)

ཨ་ལགས་འདི་བ་ཚང་གིས་དཀའ་བ་ཁྱད་བསད་ཀྱིས་རྩོམ་དེབ་འདི་ལྟ་བུ་ཞིག་ང་ཚོའི་བགོ་སྐལ་དུ་གནང་བར་སྙིང་ཐག་ནས་བཀའ་དྲིན་ཆེ་ཞུས་པ་དང་། ཁོང་གི་དེབ་འདི་བརྒྱུད་ནས་ང་ཚོར་ཤེས་བྱ་གསར་པ་རེ་ཅིས་ཀྱང་ཐོབ་ཐུབཔའི་རེ་བ་ཤིན་ཏུ་ཆེ།

དེབ་འདི་ལ་རྩ་བའི་ས་བཅད་བཅོ་བརྒྱུད་དང་། སྔོན་གླེང་དང་མཇུག་བསྡུ་བའི་གཏམ་དང་བཅས་ཤོག་གྲངས་༢༢༠ འདུག

དང་པོ། སེམས་ནི་སྤྱི་སྒེར་གཉིས་ཀའི་བདེ་སྡུག་གི་འབྱུར་ཁུངས་གཙོ་བོ་ཡིན།

གཉིས་པ། སེམས་སམ་ཤེས་པའི་ངོ་བོ་དང་ཤེས་པའི་དབྱེ་བ་མདོ་ཙམ་བཤད་པ།

གསུམ་པ། སེམས་ཁམས་ཚན་རིག་པས་སེམས་ཞེས་པ་ཀླད་པའི་རྫས་ལས་ཟུར་དུ་འདོད་ཚུལ་བཤད་པ།

བཞི་པ། དབང་རྩའི་ཚན་རིག་པ་སོགས་ཀྱིས་སེམས་དེ་ཉིད་ཀླད་པའི་རྫས་ལས་ཟུར་དུ་མི་འདོད་ཚུལ་བཤད་པ།

ལྔ་པ། བོད་ཀྱི་གསོ་རིག་གཞུང་ལས་དབང་ཤེས་སོགས་ཀླད་པའི་རྩ་ཕྲན་ལ་བརྟེན་ཀྱང་རྩ་ཕྲན་ལས་ཟུར་དུ་ཡོད་པར་འདོད་པའི་བཤད་ཚུལ།

དྲུག་པ། ཚན་རིག་པས་སེམས་ཞེས་པ་ཀླད་པའི་རྫས་ལས་ཟུར་དུ་མེད་པར་འདོད་པ་ལ་དྭོགས་འདྲི་འགའ།

བདུན་པ། སེམས་ཀྱི་རྟེན་རྩ་ཕྲན་རྣམས་གྲུབ་ཚུལ་དང་ཡིད་ཤེས་དང་དབང་ཤེས་སོགས་ང་ཚོའི་རྒྱུད་ལ་སྐྱེ་ཚུལ་གྱི་རིམ་པ་བཤད་པ།

བརྒྱད་པ། སེམས་ཀྱི་རྒྱུན་སྔ་ཕྱི་གཉིས་ལ་བརྟགས་ནས་སྐྱེ་བ་སྔ་ཕྱིའི་རྣམ་གཞག་འཐད་པའི་ཚུལ།

དགུ་པ། ནང་པའི་གྲུབ་མཐའ་སྨྲ་བས་འདོད་པའི་རྡུལ་གྱི་རྣམ་གཞག་བཤད་པ།

བཅུ་པ། ཚན་རིག་པས་འདོད་པའི་རྡུལ་གྱི་རྣམ་གཞག་མདོ་ཙམ་བཤད་པ།

བཅུ་གཅིག་པ། བྱེ་བྲག་སྨྲ་བའི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་རྡུལ་གྱི་རྣམ་གཞག་བར་གྱི་མཐུན་ཕྱོགས།

བཅུ་གཉིས་པ། བྱེ་བྲག་སྨྲ་བའི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་རྡུལ་གྱི་རྣམ་གཟག་བར་གྱི་མི་མཐུན་ཕྱོགས།

བཅུ་གསུམ་པ། མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་མཐའ་སྨྲ་བའི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་རྡུལ་གྱུ་རྣམ་གཞག་བར་གྱི་མཐུན་ཕྱོགས།

བཅུ་བཞི་པ། ཞར་ཞུང་མངོན་པ་དང་དུས་འཁོར་གཉིས་ལས་འབྱུང་བ་བཞི་ངོས་འཛིན་ཚུལ་ལ་དཔྱད་པ།

བཅོ་ལྔ་པ། མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་མཐའ་སྨྲ་བའི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་ལུགས་ཀྱི་རྡུལ་གྱི་རྣམ་གཞག་བར་གྱི་མི་མཐུན་ཕྱོགས།

བཅུ་དྲུག་པ། ནང་པའི་གྲུབ་མཐའ་སྨྲ་བ་དང་ཚན་རིག་པའི་ལུགས་ཀྱི་རྡུལ་གྱི་རྣམ་གཞག་གཉིས་ལས་གང་ཟབ་པ་དང་གང་ཕྲ་བར་འགྱུར་མིན་ལ་དཔྱད་པ།

བཅུ་བདུན་པ། ནང་པའི་རྡུལ་གྱི་རྣམ་གཞག་ལ་ཚན་རིག་པས་དོགས་པ་ཁོང་སློང་།

བཅོ་བརྒྱད་པ། ཚན་རིག་པའི་རྡུལ་གྱི་རྣམ་གཞག་ལ་ནང་པས་དོགས་པ་ཁོང་སློང་།

བཅུ་དགུ་པ། མཇུག་བསྡུ་བའི་གཏམ།

བཅས་ཀྱིས་གྲུབ་འདུག་ན་ཞིབ་ཏུ་དོན་གཉེར་ཅན་ཚོས་དཔེ་དེབ་འདི་གཉིས་ཀ་བཀླགས་ན་མཁྱེན་རྟོག་ཐུབ།

༼དཔེ་དེབ་ངོ་སྤྲོད་ཀྱི་ཡི་གེ་དག་དྲ་ཐོག་ནས་ཐད་ཀར་གཏགས་ཏེ་ཡར་འཇུག་བྱས་པས་ནོར་འཕྱུག་གང་ཡོད་ལ་བཟོད་པར་གསོལ་ལོ།།

༢༠༡༡།༠༣།༡༩ མཚན་མོའི་དུས་ཚོད་༡༡ ཐོག་རང་ཁྱིམ་ནས།༽

སྣ་ཚོགས།

Post navigation

Previous Post: རང་ལུས་མཆོད་མེར་སྒྲོན་པའི་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལ་སེམས་གཏིང་ནས་གུས་འདུད་ཞུ།
Next Post: བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།

Comments (12) on “ཅིས་ཀྱང་ཀློག་དགོས་པའི་དཔེ་དེབ་གཉིས།”

  1. ལྷ་སྡེ་གནམ་ལོ་ཡག says:
    2011-03-23 at 11:09 pm

    དེབ་བསྒྱུར་མཁན་དང་ངོ་སྤྲོད་བྱེད་མཁན་གཉིས་ལ་བཀའ་དྲིན་ཆེ།

  2. ཐབས་མཁས་ says:
    2011-03-24 at 4:06 am

    དངོས་གནས་ཡིད་སྨོན་སྐྱེས་བྱུང་་་་་་་་་་་་་་བོད་ཡིག་ནས་དབྱིན་ཡིག་ནང་བསྒྱུར་བ་མང་རུང་དབྱིན་ཡིག་ནས་་བོད་ཡིག་ནང་བསྒྱུར་བ་ངོ་མ་ཉུང་ཉུང་རེད་འདུག། ཚང་མ་ལ་སྙིང་དབུས་ནས་བཀྲིན་ཆེ་ཞུ།་།

  3. དགྲ་འདུལ་ཚེ་རིང་ says:
    2011-03-24 at 4:07 am

    བསྟན་འཛིན་རིག་བཟང་ཐུགས་རྗེ་ཆེ་ཞུ་བ་ཡིན།བོད་ཡིག་ཀློག་པ་པོ་དག་ལ་སེམས་ཀྱི་ལོངས་སྤྱོད་ཀྱི་དཔེ་དེབ་འདི་འདྲ་ཞིག་ལོ་ཙ་བ་ཁོས་རང་གི་འབད་འབུངས་དང་རང་སྟོབས་ཁོ་ནར་བསྟེན་ནས་སྔར་མེད་པའི་དཔེ་དེབ་འདི་འདྲ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་འབུལ་ཐུབ་པ་ཧ་ཅང་གི་དགའ་བོ་བྱུང།ཁོང་གི་ཕྱག་དེབ་ལག་ལ་ནམ་རེག་རེ་སྒུག་བྱས་ནས་བསྡད་ཡོད།

  4. ཀརྡོ་རབ་འབྱམས་པ་ says:
    2011-03-24 at 4:41 am

    བོད་ཡིག་ནས་དབྱིན་ཡིག་ནང་བསྒྱུར་བ་ཚོང་རྫས་དང་། ཨིན་ཡིག་ནས་བོད་ཡིག་ནང་བསྒྱུར་བ་ལ་རྒྱ་རེད། སྒྱུར་མཁན་གཉིས་ལ་ཆེ་མཐོང་མ་ནོར་བ་གྱིས་ཤིག བསྒྱུར་རྩོམ་གསར་ཐོན་ལ་ཕེབས་བསུ་ཡོད། བཀྲ་དྲིན་ཆེ།

  5. འདབ་དཀར་ says:
    2011-03-24 at 5:13 pm

    ཨ་ཁ་ཡང་ལུང་ཁུག་གི་ཁ་སྐད་ཀྱིས་དཔེ་དེབ་དེ་ཡང་འཕྲོ་རླག་བཏང་ཐལ་ཨ་ཁ།
    རྗེས་སུ་ཡིག་བསྒྱུར་ཚད་ལྡན་ཞིག་ཡོང་བར་སྨོན།

  6. འདབ་དཀར་ says:
    2011-03-24 at 5:16 pm

    ཨ་ཁ་ཡང་ལུང་ཁུག་གི་ཁ་སྐད་ཞིག་གིས་དེབ་དེ་ཡང་འཕྲོ་རླག་བཏང་ཐལ།
    ཨ་ཁ།
    རྗེས་སུ་ཡིག་བསྒྱུར་ཚད་ལྡན་ཞིག་ཡོང་བར་སྨོན།

  7. བཙན་བྱོལ་བ་ says:
    2011-03-25 at 2:03 am

    བསྟན་འཛིན་རིག་བཟང་གིས་སླར་ཡང་བོད་སྒྱུར་གྱི་དེབ་ཞིག་བཏོན་པ་ལ་དགའ་བསུ་ཞུ། སྒྱུར་དག་མིན་ཐད་རྗེས་སུ་བལྟ་ཀློག་བྱས་ླཇེས་སུ་མཆན་འདེབས་རྒྱུ། ཁོ་བོས་བལྟས་ན་ད་ལྟ་བར་དུ་བཙན་བྱོལ་ནང་ནས་བོད་བསྒྱུར་གྱི་དེབ་ནང་ནས་སྒྱུར་ཡག་ཤོས་དང་ཚད་ལྡན་ཆེ་ཤོས་ནི་ཆུང་ཚེ་རིང་གི་དེབ་དག་ཡིན་པ་ལྟ་བུར་ཤར་སོང།

  8. Rinchen Dhondup says:
    2011-03-25 at 3:25 am

    ངེས་དོན་གྱི་ལོ་རྩ་བ་ཆེན་པོ་བསྟན་འཛིན་རིག་བཟང་དང་གང་གི་རླབས་ཆེན་གྱི་བྱ་གཞག་ལ་སེམས་གཏིང་ནས་ཡི་རངས་དང་བཀའ་དྲིན་བླ་མེད་ཆེ་ཞུ། མུ་མཐུད་དེ་༸གོང་ས་༸རྒྱལ་དབང་མཆོག་གི་བཀའ་རྩོམ་དབྱིན་ཡིག་ནང་ཡོད་ཀྱང་བོད་ཡིག་ནང་མེད་པ་ཁག་རྩོམ་སྒྱུར་ཅིས་ཀྱང་གནང་སྐྱོང་ཡོང་བ་འཚལ་ལོ།།

  9. དགྲ་འདུལ་ཚེ་རིང་ says:
    2011-03-25 at 4:32 am

    གང་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དཔེ་དེབ་ཆུང་ཚུགས་མང་དག་ཞིག་བསྒྱུར་ཡོད་ནའང་ཀློག་པ་པོའི་ཀློག་མང་ཤོས་དང་གདེངས་འཇོགས་ཚད་མཐོ་གྲོས་སུ་སླེབས་པ་ཆུང་ཚེ་རིང་དང་བསྟན་འཛིན་རིག་བཟང་། དགེ་འདུན་རབ་གསལ་གསུམ་གྱི་བསྒྱུར་བའི་བསྒྱུར་དེབ་ལས་ལྷག་ཞིག་མ་མཐོང་ངོ། ང་ཚོའི་སྤྱི་ཚོགས་སྐད་ཡིག་གཅིག་ཕར་ཕྱོགས་རང་སྐད་ཡང་དག་ཞིག་མི་ཤེས་མཁན་དག་གིས་གཞན་གྱིས་བྲིས་རྩོམ་ལ་མི་དགའ་བའི་རྣམ་འགྱུར་སྟོན་པ་ཚིག་མཚོན་འདེབས་པ་དེ་ནི་རང་ངོ་མི་ཟིན་པ་དང་བསམ་བློ་ལ་སྐྱོན་ཆ་ཆེ་ཤོས་དེ་རེད། ད་ཐང་གིས་བསྟན་འཛིན་རིག་བཟང་གི་བསྒྱུར་དེབ་དེ་སྔར་ལས་ལྷག་་པ་ཞིག་ལས་སྒྱོ་བ་ཞིག་བསྒྱུར་མེད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཁོང་ཁ་ལས་རླུང་རྟ་སྔར་ལས་རྒྱས་པའི་སྨོན་འདུན་ཞུ

  10. གཅན་བཟོད་རྒྱམ། says:
    2011-03-25 at 4:33 am

    ངས་ཆུང་དང་བསྟན་འཛིན་རིག་བཟང་གཉིས་ཀྱི་སུས་བསྒྱུར་ཡག་མིན་དཔྱད་མི་ཤེས། འོན་ཀྱང་བསྟན་འཛིན་རིག་བཟང་གི་བསྒྱུར་སྔ་ཕྱི་གཉིས་ལས་རྗེས་མ་འདི་བསྒྱུར་ཡག་པོ་འདྲ་ཞིག་འདུག་སྙམ། ཚིག་དོན་གཉི་ག་ལྷོད་ལ་བབས་འདུག་པའི་ཚོར་བ་ཞིག་སྤྲད་སོང་། ཁྱོད་ཚོས་དོ་སྣང་གནང་བར་བཀའ་དྲིན་ཆེ། ཨོ་རེད། བསྟན་འཛིན་རིག་བཟང་གིས་ད་དུང་དེབ་གཞན་ཞིག་ཀྱང་བསྒྱུར་ཟིན་པ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་གྲུབ་འདུག་ཟེར་བ་ངས་ད་དུང་མཇལ་མ་བྱུང་། གང་མགྱོགས་བལྟ་གི་ཡིན།

  11. སྤོ་ཕྲུག་ says:
    2011-03-26 at 6:45 pm

    བགྲོ་ལྒེང་མ་རེད། བགྲོ་གླེང་རེད་

  12. ཟླ་བ་ཆོས་འཛོམས། says:
    2011-03-27 at 2:25 pm

    དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་མཁན་བཙན་བྱོལ་དུ་མི་གསུམ་ཡོད་པ་རེད།གཅིག་ཆུང་ཆེ་རིང་རེད།གཉིས་པ་བསྟན་འཛིན་རིག་བཟང་རེད།གསུམ་པ་དགེ་འདུན་རབ་གསལ་རེད།ཁོང་གསུམ་གྱི་འགྱུར་ཡག་པོ་འདུག།ཁོང་གསུམ་གྱི་འགྱུར་ཡག་པོ་ཡོང་བ་དེ་འགྱུར་ཚར་བའི་རྗེས་སུ་བོད་ཡིག་ཡག་པོ་ཡོད་མཁན་དག་ལ་ཞུ་དག་གཏོང་བཅུག་པ་དེས་དམིགས་བསལ་ཡག་ཏུ་འགྲོ་བཞིན་ཡོད།དེ་གལ་ཆེན་པོ་རེད།དེ་སྔོན་བོད་དུ་མའོ་ཙེ་ཏུང་གི་གཏམ་བཤད་དེ་ཚོ་བོད་ཡིག་ཏུ་བསྒྱུར་སྐབས་ཐབས་ལམ་དེ་བེད་སྤྱོད་བྱས་འདུག།བོད་ཡིག་ཏུ་ཞུ་དག་གཏོང་མཁན་གྲས་རྡོ་སྦས་དགེ་བཤེས་ཆེན་པོ་དང་གསུང་རབ་རྒྱ་མཚོ་སོགས་མཁས་གྲགས་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme