Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ། (4)

Posted on 2020-05-012020-05-01 By ཁ་བརྡ No Comments on ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ། (4)

སྐྱེས་སར་ཀླུ་སྒྲུབ་ཀྱིས་བོད་སྒྱུར་བྱས།

བཞི་པ། རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱི་རྩོད་སྒྲུབ།

དེ་ནས་ཡོངས་ཁྱབ་རང་བཞིན་གྱི་རྩོད་སྒྲུབ་ཅིག་ཡོད་པ་དེ་ནི་རང་བྱུང་ཁམས་ཀྱི་ཆོས་ཉིད་ལས་བྱུང་བ་དེ་རེད། འདི་ནི་དུས་རབས་བཅོ་བརྒྱད་པའི་སྐབས་སུའང་དགའ་བསུ་ཆེན་པོ་ཐོབ་པའི་ལྟ་གྲུབ་ཅིག་རེད། ལྷག་པར་དུ་སྐུ་ཞབས་ཨེ་སཁ_ཉིའུ་ཏུན་དང་(Isaac Newton) ཁོའི་འཇིག་རྟེན་རིག་པའི་ཤུགས་རྐྱེན་འོག་མི་རྣམས་ཀྱིས་རྒྱུ་སྐར་གྱི་འཐེན་ཤུགས་ཀྱི་ཆོས་ཉིད་ལ་ལྟ་ཞིབ་བྱེད་སྐབས། རྒྱུ་སྐར་གྱིས་ཉི་མའི་མཐའ་འཁོར་ནས་སྐོར་བ་བྱེད་པ་དང་། དེ་ནི། ཁོ་ཚོའི་བསམ་བློར། ལྷ་ཆེན་ནམ་བྱེད་པ་པོས་རྒྱུ་སྐར་དེ་ཚོར་དེ་ལྟར་འཁོར་བསྐྱོད་བྱེད་དགོས་པའི་དམིགས་བསལ་གྱི་བྱ་ཐབས་ཤིག་སྤྲད་པར་བརྟེན། དེ་ལྟར་བྱུང་བར་འདོད་ཡོད།

བརྗོད་མི་དགོས་པ་ཤིག་ལ། དེ་ནི་ལས་སླ་ཞིང་སྟབས་བདེ་བའི་འགྲེལ་བཤད་ཅིག་དང་། ཁོང་ཚོ་རང་ཉིད། འཐེན་ཤུགས་ཀྱི་ཆོས་ཉིད་དམ་གཏན་སྲོལ་གྱི་རྙོག་འཛིང་ལ་དཀའ་ཚེགས་ཆེ་བའི་འགྲེལ་བཤད་འཚོལ་རྒྱུ་ལས་གཡོལ་ཐབས་ཙམ་རེད། ད་ཆ་ང་ཚོས་ཨའེ་དབྱིན་སི་ཐན་(Albert Einstein)གྱིས་ངོ་སྤྲོད་བྱས་པའི་ཅུང་རྙོག་འཛིང་ཆེ་བའི་བྱེད་སྟངས་ཤིག་ལ་བརྟེན་ནས། འཐེན་ཤུགས་ཀྱི་གཏན་སྲོལ་དེར་འགྲེལ་བཤད་བྱེད་བཞིན་ཡོད།
ཡིན་ཡང་ངས་ཁྱེད་ཚོར། ཨའེ་དབྱིན་སི་ཐན་གྱིས་འགྲེལ་བཤད་བྱས་པའི་འཐེན་ཤུགས་ཀྱི་གཏན་སྲོལ་ཐོག་གཏམ་བཤད་བྱེད་རྩིས་མེད། གང་ལགས་ཤེ་ན། དེ་ལ་ཡང་། དུས་ཚོད་ངེས་ཅན་ཞིག་དགོས་པས་ཡིན། ཇི་ལྟར་ཡང་། ད་ནས་དེ་སྔ་ཁྱེད་ལ་ཡོད་པའི་ཉིའུ་ཏུན་རྣམ་བཞག་ནང་གི་རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱི་རིགས་དེ་མེད་པར་འགྱུར་ངེས། དེའི་རྒྱུ་མཚན་ཁག་ཅིག་ནི། སུས་ཀྱང་ཤེས་རྟོགས་བྱེད་མི་ཐུབ་པ་དེ་རེད། རང་བྱུང་ཁམས་ནི་གཅིག་གྱུར་གྱི་རྣམ་པས་མཚོན་གྱི་ཡོད།
ང་ཚོས་ད་ལྟ་ཤེས་རྟོགས་བྱུང་བར། དེ་སྔོན་ང་ཚོས་རང་བྱུང་ཁམས་ཀྱི་ཆོས་ཉིད་ཅིག་ཏུ་ངོས་བཟུང་བའི་གནད་དོན་མང་པོ་ཞིག་དོན་དངོས་ཐོག་མིའི་རིགས་ཀྱི་རྒྱུན་སྲོལ་ཞིག་རེད། ཁྱེད་ཀྱིས་ཤེས་གསལ་ལྟར། ཐག་རིང་གི་བར་སྣང་ཁམས་ཀྱི་བརྟན་སྐར་གྱི་བར་སྟོང་ལ་སྔར་བཞིན་དབྱིན་ཁྲི་གསུམ་ཡོད། འདི་ནི་ཧ་ལས་དགོས་པའི་དོན་དངོས་ཤིག་ཡིན་པར་ཐེ་ཚོམ་སྤུ་ཙམ་ཡང་མེད་ལ། དེར་ཁྱོད་ཀྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་ཅེས་འབོད་དཀའ། རང་བྱུང་ཁམས་ཀྱི་ཆོས་ཉིད་དུ་བརྩིས་པའི་བྱ་དངོས་མང་པོ་ཞིག་དེ་འདྲ་རེད།
ཕྱོགས་གཞན་ཞིག་ནས། གལ་ཏེ་ཁྱོད་ཀྱིས་རྡུལ་ཕྲན་གྱི་ནུས་པ་དངོས་ལ་རྒྱུས་ལོན་ཟབ་མོ་བྱས་ན། དེ་ནས་ཆོས་ཉིད་དུ་བརྩི་ཐུབ་པ་དེ་མི་རྣམས་ཀྱི་བསམ་ཚོད་ལས་ཉུང་བ་ཞིག་ཡིན་པ་ཤེས་ཐུབ། དེ་འདྲའི་ཁྱོད་ཀྱིས་ངོས་ཟིན་པའི་ཆོས་ཉིད་ནི་བསྡོམས་རྩིས་ཐོག་གི་ཆ་སྙོམས་གྲངས་འབོར་ཡིན་ཞིང་། དེ་ནི་སྟེས་དབང་དུ་བྱུང་བ་ལྟ་བུ་རེད།
ང་ཚོ་ཚང་མས་ཤེས་གསལ་ལྟར། དེར་སྒྲིག་སྲོལ་ཞིག་ཡོད། གལ་ཏེ་ཁྱོད་ཀྱིས་ཤོ་རྡེའུ་འཕེན་ན། ཁྱོད་ལ་ཆ་དྲུག་འཐོབ་ཐུབ། དེའང་ཐེངས་སོ་དྲུག་གི་ནང་ནས་ཐེངས་གཅིག་ལས་མེད། ང་ཚོས་འདི་ནི་ཤོ་ཡིས་ཇུས་འགོད་དང་ཚོད་འཛིན་བྱས་པའི་བདེན་དཔང་ཡིན་པར་མི་འདོད། དེ་ལས་ལྡོག་སྟེ། གལ་ཏེ་ཐེངས་རེ་རེར་ཆ་དྲུག་རེ་ཡོང་ན་གཞི་ནས་དེར་ང་ཚོས་ཇུས་འགོད་ཡོད་པར་ངོས་འཛིན་དགོས། རང་བྱུང་གི་ཆོས་ཉིད་ནི་ཕྱོགས་མང་པོའི་ཐད་ནས་དེ་འདྲ་རེད། དེ་དག་ནི་སྡོམ་རྩིས་སྟེང་གི་ཆ་སྙོམས་གྲངས་ཀ་ཡིན་ཏེ། དཔེར་ན་གོ་སྐབས་ཀྱི་ཆོས་ཉིད་ཁྲོད་བྱུང་བའི་ཆ་སྙོམས་གྲངས་ཀ་ལྟ་བུ་ཡིན།
དེའི་ཐོག་ནས་རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱི་བརྒྱུད་རིམ་ཧྲིལ་པོས་མི་རྣམས་ལ་བག་ཆགས་བཞག་ཚད་དེ་སྔའི་རིམ་པ་ལས་ཀྱང་དམའ་བ་ཞིག་ཏུ་གནས་ཡོད། དེས་ཚན་རིག་གི་སྐད་ཅིག་རེ་རེའི་གནས་བབ་མཚོན་བྱེད་དེ་སང་ཉིན་ལྟ་བུར་ཡང་འགྱུར་ངེས་པ་བསྟན་ཡོད། རང་བྱུང་ཁམས་ཀྱི་ཆོས་ཉིད་ཐོག་ནས་བཅའ་ཁྲིམས་བཟོས་བའི་མིའི་འདུ་ཤེས་ཧྲིལ་པོ་དེ་ནི། རང་བྱུང་ཁམས་ཀྱི་ཆོས་ཉིད་དང་མིའི་རིགས་ཀྱི་གནས་སྟངས་གཉིས་མཉམ་བསྲེས་བྱས་པ་ཞིག་རེད།
མིའི་རིགས་ཀྱི་ཁྲིམས་ནི་བཀའ་གཏོང་མཁན་གང་རུང་ཞིག་གིས་བཀོད་འདོམས་བྱས་པའི་ཁྱོད་ཀྱིས་སྤྱོད་ལམ་ག་གེ་མོ་ཞིག་གི་ཐོག་ནས་མཚོན་པར་བྱེད་སའི་ལམ་བུ་དེ་ཡིན་ལ། ཁྱོད་ཀྱིས་ཁྲིམས་ཀྱི་ལམ་བུ་དེ་འདེམས་ཆོག་ལ། མ་འདེམས་ཀྱང་ཆོག འོན་ཀྱང་རང་བྱུང་ཁམས་ཀྱི་ཆོས་ཉིད་ནི་བྱ་དངོས་ཀྱི་གནས་ལུགས་ཇི་བཞིན་བརྗོད་པ་ཞིག་ཡིན། དེ་ནི་བྱ་དངོས་སྤྱིའི་ཞིབ་ཚགས་ཀྱི་དོན་དངོས་བརྗོད་པ་ཙམ་ཡིན་པས། ཁྱོད་ཀྱིས་མི་ལ་བཀོད་མངགས་བྱས་ཏེ་ཁོ་ཚོར་འདི་ལྟར་བྱེད་དགོས་ཞེས་རྩོད་གླེང་བྱེད་ས་མེད།
རྒྱུ་མཚན་ནི་མི་དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ནའང་། ཁྱོད་ལའང་འདི་ལྟ་བུའི་གནད་དོན་ཞིག་འཕྲད་ཡོད་དེ། ཅིའི་ཕྱིར་ལྷ་ཆེན་ནམ་བྱེད་པ་པོས་རང་བྱུང་ཁམས་ཀྱི་ཆོས་ཉིད་ཁོ་ན་ཁྱབ་བསྒྲགས་བྱེད་པ་ལས། གནས་ལུགས་གཞན་ཞིག་ཁྱབ་བསྒྲགས་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ། གལ་ཏེ་ཁྱོད་ཀྱིས་རྒྱུ་མཚན་གང་ཡང་མེད་པར། ཁོས་དེ་ལྟར་བྱེད་པ་ནི་ཁོ་རང་གི་སེམས་བཟང་ཁོ་ནའི་ཆེད་རེད་ཅེས་བཤད་ན། ཁྱོད་ཀྱིས་དངོས་པོ་འགར་ཆོས་ཉིད་ཀྱི་ཚོད་འཛིན་མི་ཐེབས་པ་ཤེས་ཡོད་པས། ཁྱོའི་རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱི་མེ་འཁོར་རམ་དེའི་འཁོར་བསྐྱོད་ལ་བར་ཆད་བཟོས་པ་རེད།
གལ་ཏེ་ཁྱོད་ཀྱིས། སྔར་བས་མང་བའི་རྙིང་ཞེན་ཆེ་བའི་ཆོས་ལུགས་རིག་པ་ཚོས་བྱས་པ་ལྟར། ལྷ་ཆེན་ནམ་བྱེད་པ་པོས་ཁྱབ་བསྒྲགས་བྱས་པའི་ཁྲིམས་ཚང་མའི་ནང་། ཁོང་གིས་ཁྲིམས་དེ་དག་བཟོ་དགོས་པའི་རྒྱུ་མཚན་གཞན་ལས་ལྷག་པ་ཞིག་ཡོད་ཅེས་བཤད་ན།
ཐེ་ཚོམ་བྱེད་མི་དགོས་པ་ཞིག་ནི། ཆེས་ཕུན་སུམ་ཚོགས་པའི་འཇིག་རྟེན་ཞིག་སྐྲུན་དགོས་ན། ཁྱོད་ཀྱིས་ལྷ་ཆེན་ནམ་བྱེད་པ་པོས་གནང་བའི་ཁྲིམས་ནི་རྒྱུ་མཚན་ཅན་ཞིག་ཏུ་གཏན་ནས་ངོས་འཛིན་མི་སྲིད།
ལྷ་ཆེན་ནམ་བྱེད་པ་པོ་རང་ཉིད་ཀྱིས་ཀྱང་བཅའ་ཁྲིམས་ལ་བརྩི་སྲུང་བྱས་ཡོད་སྟབས། ཁྱོད་ཀྱིས་ཁོང་བར་འདུག་ལྟ་བུར་ངོ་སྤྲོད་བྱས་པར་ཁེ་ཕན་ཅི་ཡང་ཡོད་མི་སྲིད། ཁྱོད་ལ་དངོས་གནས་ཁྲིམས་ཤིག་ཡོད་པ་དེ་ལྷའི་བཀའ་ལུང་གི་ཕྱི་རོལ་ཏུ་གནས་པ་ཞིག་རེད། དཀོན་མཆོག་གིས་ཁྱོད་ཀྱི་དམིགས་ཡུལ་ལ་ཞབས་ཞུ་མི་བྱེད། རྒྱུ་མཚན་ནི་ཁོང་ནི་ཆེས་མཐའ་མཇུག་གི་ཁྲིམས་ཁྱབ་བསྒྲགས་བྱེད་མཁན་དེ་མ་རེད།
མདོར་བསྡུས་ནས་བཤད་ན། ད་ཆ་རང་བྱུང་ཁམས་ཀྱི་ཆོས་ཉིད་སྐོར་གྱི་རྩོད་གླེང་འདིར་ཕྱོགས་ཡོངས་ནས་སྔོན་ཆད་ནང་བཞིན་གྱི་ངར་ཤུགས་གང་ཡང་མེད། ང་ནི་ད་ལྟ་རང་གི་རྩོད་སྒྲུབ་ལ་བསྐྱར་ཞིབ་ཀྱི་འགྲུལ་བཞུད་སྒང་ན་ཡོད། ལྷ་ཆེན་ནམ་བྱེད་པ་པོ་ཟེར་བ་ཞིག་ཡོད་པའི་སྒྲུབ་བྱེད་དེ་དག་གིས་དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་ཁོ་ཚོའི་གཤིས་ཀར་འགྱུར་བ་བཏང་ཡོད། ཐོག་མར་ཁོང་ཚོ་ཅུང་མཁྲེག་ཙམ་ཞིག་སྟེ། ནོར་འཁྲུལ་ཁག་ཅིག་གསལ་བར་མངོན་པའི་རིག་སྟོབས་ཀྱི་རྩོད་གླེང་ཞིག་ཡིན་ཡང་། ད་ཆ་ང་ཚོ་དེང་རབས་སུ་སླེབས་པ་དང་ཁོ་ཚོ་ཉིན་རེ་ནས་ཉིན་རེ་བཞིན་རིག་ལམ་ལ་བརྩི་འཇོག་མི་བྱེད་མཁན་ཞིག་ཏུ་གྱུར་ཏེ། ད་ཆ་གཞུང་ལུགས་རབ་རིབ་ཅིག་སྟོང་བཤད་བྱེད་བཞིན་གནས་ཡོད། མུ་འགོད།
••••••••••••••••••••••••••••••••••••••••••••••

Issac Newton
ཕྱི་ལོ་ ༡༦༤༣ ཟླ་ ༡ ཚེས་ ༤ ཉིན་སྐྱེས་ཤིང་། ཕྱི་ལོ་ ༡༧༢༧ ཟླ་ ༣ ཚེས་ ༣༡ སྐུ་གཤེགས། ཁོང་ནི་དབྱིན་ཇིའི་རྩིས་རིག་མཁས་པ་དང་། དངོས་ལུགས་རིག་པ། གནམ་རིག་པ། ཆོས་ལུགས་རིག་པ་བ། རྩོམ་པ་པོ་བཅས་ཡིན། ཁོང་ནི་ལོ་རྒྱུས་ཐོག་ཤུགས་རྐྱེན་ཆེས་ཆེ་བའི་ཚན་རིག་པ་ཞིག་ཡིན་ལ། ཚན་རིག་གི་གསར་བརྗེའི་འགག་རྩའི་མི་སྣ་ཞིག་ཀྱང་ཡིན་པར་རྒྱ་ཁྱབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཕྱི་ལོ་ ༡༦༨༧ ལོར་ཐོག་མར་དཔེ་སྐྲུན་བྱས་པའི་《རང་བྱུང་མཚན་ཉིད་རིག་པའི་རྩིས་རིག་གི་རྩ་བའི་རིགས་པ།>>ཞེས་པའི་དཔེ་དེབ་འདིས་གནའ་བོའི་ཤུགས་རིག་གི་རྨང་གཞི་བཏིང་ཡོད། ཉིའུ་ཏུན་གྱིས་ད་དུང་འོད་རིག་ཐད་གསར་གཏོད་རང་བཞིན་གྱི་བྱས་རྗེས་ཀྱང་བཞག་ཡོད།
•••••••••••••••••••••••••••••••••••••••••••

Albert Einstein
ཕྱི་ལོ་ ༡༨༧༩ ཟླ་ ༣ ཚེས་ ༡༤ ཉིན་འཇར་མན་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༥ ཟླ་ ༤ ཚེས་ ༡༨ ཉིན་སྐུ་གཤེགས། ཁོང་དངོས་ཁམས་རིག་པ་བ་ཞིག་ཡིན་ཞིང་། ཁོང་གིས་བལྟོས་བཅས་སྨྲ་བའི་གཞུང་ལུགས་འཕེལ་རྒྱས་སུ་བཏང་བ་དང་། དེང་རབས་དངོས་ལུགས་རིག་པའི་ཀ་ཆེན་གཉིས་ཀྱི་ཡ་གྱལ་ཞིག་ཡིན། ཁོང་ལ་ཕྱི་ལོ་ ༡༩༢༡ ལོའི་ནོར་པེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ་པའི་ཚན་རིག་པ་སྙན་གྲགས་ཅན་ཞིག་ཡིན་ལ། ནང་པ་སངས་རྒྱས་པའི་ལྟ་གྲུབ་སྐོར་ལ་ཡང་གོ་རྟོག་གང་ལེགས་ཡོད་འདུག་པས། མ་འོངས་པར་ཚན་རིག་དང་ནང་པའི་ལྟ་གྲུབ་བར་མཉམ་ལས་ཡོང་རེ་ཡོད་སྐོར་ཡང་གསུངས་ཡོད་འདུག

འགྱུར་རྩོམ།

Post navigation

Previous Post: ཏོག་དབྱིབས་ལག་མང་འདུལ་བའི་གཉེན་པོ་ཚིགས་བཅད་མ།
Next Post: བྱ་བྱེད་ཐ་དད་མིན་ཞེས་པའི་གོ་དོན་ལ་དཔྱད་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme