Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅིའི་ཕྱིར་ང་ཡེ་ཤུ་པ་ཞིག་མིན་ནམ།

Posted on 2020-06-22 By ཁ་བརྡ No Comments on ཅིའི་ཕྱིར་ང་ཡེ་ཤུ་པ་ཞིག་མིན་ནམ།

སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྱུར།

བརྒྱད་པ། ཡེ་ཤུ་མ་ཤི་ཀའི་ཐུགས་གཤིས།

ངས་ད་ལྟ་གཤམ་གྱི་གནད་དོན་ལ་སྐད་ཆ་ཚིག་འགའ་བཤད་འདོད། ངས་རྟག་པར་རྗེས་དཔག་རིང་ལུགས་པས་གནད་དོན་དེ་ཐག་གཅོད་ཡག་པོ་ཞིག་བྱས་མི་འདུག་བསམ་བཞིན་ཡོད། དེ་ནི་ཡེ་ཤུ་མ་ཤི་ཀ་ཆེས་མཁས་མཛངས་གཉིས་ལྡན་གྱི་སྐྱེས་བུ་ཁྱད་པར་བ་ཞིག་ཡིན་མིན་གྱི་གནད་དོན་འདི་རེད། མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་ཁོང་ནི་སྐྱེས་བུ་ཤེས་སྤྱོད་གཉིས་ལྡན་ཞིག་ཏུ་ངོས་འཛིན་བྱས་དང་བྱེད་མུས་དེ་རེད།

འོན་ཀྱང་ང་རང་ཉིད་ལ་དེའི་སྐོར་གསལ་རྟོགས་དེ་ཙམ་མེད། ངས་བསམ་ན། ཕྱོགས་མང་པོ་ཞིག་གི་ཐད་ནས། ཡེ་ཤུ་ཆོས་ལུགས་ཀྱི་ཆེད་མཁས་པ་དག་ལས་ཀྱང་། ངས་ཁོང་ཁས་ལེན་མང་བ་བྱེད་ཀྱིན་ཡོད། ཡིན་ན་ཡང་། ཁས་ལེན་དེས་ཕྱོགས་ཚང་མར་ཁྱབ་མིན་ནི་མི་ཤེས། ཡིན་ཡང་། ང་ཁོང་དང་ལྷན་དུ། ཡེ་ཤུ་ཆོས་ལུགས་ཀྱི་ཆེད་མཁས་མི་སྣ་ཚོ་ལས་ལྷག་པའི་རྒྱང་རིང་སར་མཉམ་བསྐྱོད་བྱེད་ཐུབ།

ཁྱེད་ཚོས་བསླབ་བྱ་འདི་དྲན་ངེས་རེད། ཁོང་གིས་“ངན་པ་བཀག་འགོག་མ་བྱེད་ཅིག

ཁྱེད་ཀྱི་འགྲམ་པ་གཡས་པར་འགྲམ་ལྕག་གཞུ་མཁན་དེར། འགྲམ་པ་གཡོན་པ་ཡང་དེ་ལྟར་བཟེད་ཅིག ཅེས་གསུངས་པ་འདི་ནི་བཅས་མཚམས་གསར་པ་ཞིག་དང་། ཡང་ན་རྩ་འཛིན་གསར་པ་ཞིག་མ་རེད། དེ་ནི་རྒྱའི་ལའོ་ཙི་དང་། རྒྱ་གར་གྱི་སངས་རྒྱས་གཉིས་ཀྱིས་ཡེ་ཤུ་སྔོན་གྱི་ལོ་ལྔ་བརྒྱ་དྲུག་བརྒྱ་ཙམ་ལ་རྩ་དོན་འདི་བེད་སྦྱོད་བྱས་ཡོད་མོད། འོན་ཀྱང་དོན་དངོས་ཐོག འདི་ནི་ཡེ་ཤུ་ཆོས་ལུགས་པས་དང་ལེན་བྱེད་པའི་རྩ་དོན་ཞིག་མ་རེད།

དཔེར་ན། ད་ལྟའི་དབུ་བཞུགས་བློན་ཆེན་(Stanley Baldwin) ནི་བློ་གཅིག་སེམས་གཅིག་གིས་ཡི་ཤུ་ཆོས་ལུགས་ལ་དད་མོས་བྱེད་མཁན་ཞིག་ཡིན་པར་དོགས་པ་སྤུ་ཙམ་ཡང་མེད།འོན་ཀྱང་ངས་ཁྱེད་ཚོའི་ཁྲོད་ཀྱི་མི་སུ་འདྲ་ཞིག་གིས་ཁོང་གི་འགྲམ་པར་གཞུས་ན་འགྲིག་པའི་བསམ་ཚུལ་འདོན་ཐབས་མེད། ངས་བསམ་ན་ཁྱོད་ཚོས་ཕལ་ཆེར་ཤེས་ཚོད། ཁོས་བརྗོད་པ་འདིའི་དམིགས་ཡུལ་ནི་དཔེ་འཇོག་རང་བཞིན་ཙམ་དུ་ངོས་འཛིན་བྱས་ཡོད་ངེས།

ད་དུང་ཧ་ལས་པའི་དཔེ་མཚོན་གྱི་གནད་དོན་གཞན་ཞིག་འདུག ཁྱོད་ཚོའི་དྲན་པར་ཡོད་ངེས་རེད། ཡེ་ཤུ་མ་ཤི་ཀས་གསུངས་པར། “གཞན་ལ་ཁྲིམས་གཅོད་མ་བྱེད།
ཁྲིམས་ཐག་རང་ཉིད་ལ་གཅོད་ཡོང་།” ཅེས་བཤད། ངའི་བསམ་པར་རྩ་དོན་འདི་ཡེ་ཤུ་ཆོས་ལུགས་ཀྱི་རྒྱལ་ཁབ་གང་གི་ཡང་ཁྲིམས་རར་དགའ་བསུ་ཐོབ་པ་ཤེས་ཚོར་མ་བྱུང་།
ངའི་དུས་རབས་འདིར་ངས་ཁྲིམས་དཔོན་མང་པོ་ཞིག་ངོ་ཤེས་ཀྱི་ཡོད། ཁོ་ཚོ་ཚང་མ་ནི་དད་གུས་ཅན་གྱི་ཡེ་ཤུ་ཆོས་ལུགས་པ་ཡིན་ཞིང་། ཁོ་ཚོས་རང་ཉིད་ཀྱི་བྱ་སྤྱོད་ནི་ཡེ་ཤུ་ཆོས་ལུགས་ཀྱི་རྩ་དོན་དང་འགལ་བ་རེད་སྙམ་མཁན་གཅིག་ཀྱང་མེད།

ཡེ་ཤུ་མ་ཤི་ཀས་གསུངས་པར། “ཁྱོད་ལ་ཞུ་བ་བྱེད་མཁན་ཡིན་ན། ཁྱོད་ཀྱིས་ཁོ་ལ་སྟེར་དགོས། སྐྱིན་ཚབ་ཕྱིར་མ་རག་བར། ཁོ་དང་ཁ་མ་འབྲལ།”ཞེས་བཤད་པ་ནི་རྩ་དོན་ཧ་ཅང་ཡག་པོ་ཞིག་རེད།

ཁྱེད་ཚོའི་གཙོ་འཛིན་གྱིས། ཁྱོད་ཚོར་དྲན་སྐུལ་གྱིས་ང་ཚོས་ཆབ་སྲིད་སྐོར་བཤད་ཀྱི་མིན་གསུངས་པ་ལྟར་རེད། ཡིན་ནའང་དོ་སྣང་མ་བྱས་ཐབས་མེད་ཅིག་ཡོད་པ་ནི། འདས་པའི་འདེམས་བསྐོ་ཆེན་མོ་རེད། དེ་ནི་ཁྱོད་ལ་ཞུ་བ་བྱེད་མཁན་ཚོར་གཡོལ་ཐབས་བྱ་རྒྱུའི་ཆེད་དུ་རེད། གང་ཡིན་ཟེར་ན། ཁོས་ཁྱོད་བེད་སྤྱོད་བྱེད་སྲིད་པས་རེད།

དེར་བརྟེན་ང་ཚོས་བལྟས་ན། རྒྱལ་ཁབ་འདིའི་རང་དབང་ཕྱོགས་ཁག་དང་། རྙིང་ཞེན་ཕྱོགས་ཁག་ཚང་མ་ཡེ་ཤུ་ཆོས་ལུགས་ཀྱི་དྲང་བདེན་ལ་མོས་མཐུན་མི་བྱེད་མཁན་ལས་གྲུབ་པ་ཞིག་རེད།གང་ཡིན་ཟེར་ན། ཐེངས་འདིར་ཁོ་ཚོས་དངོས་གནས་སེམས་ཐག་རྦད་བཅད་ཀྱིས་ཁ་ཕྱོགས་བསྒྱུར་ཡོད་པའི་རྐྱེན་གྱིས་རེད།

དེ་མིན། ད་རུང་ཡེ་ཤུ་ཡི་ལེགས་བཤད་གཞན་ཞིག་ཡོད། ངས་བསམ་ན་དེ་ལ་དོན་སྙིང་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ངས་བསམ་ན་དེར་ང་ཚོ་ཡེ་ཤུ་ཆོས་ལུགས་པའི་གྲོགས་པོ་ཚོའི་ས་ནས་དགའ་བསུ་མི་ཐོབ། ཁོང་གིས་གསུང་རྒྱུར།“ཁྱོད་རང་ཕུལ་དུ་བྱུང་བ་ཞིགས་ཆགས་འདོད་ན། ཁྱོད་ལ་གང་ཡོད་ལ་དེ་བཙོང་ནས། དེའི་རིན་འབབ་དབུལ་བོ་ཚོར་སྤྲོད་ཤོག” ཅེས་པ་དེ་རེད།

ངས་བལྟས་ན་འདི་ནི་ཧ་ཅང་ལེགས་པའི་ལེགས་བཤད་ཅིག་རེད། འོན་ཀྱང་ངས་བཤད་པ་ལྟར། ལེགས་བཤད་འདི་ལག་བསྟར་བྱེད་མཁན་མང་པོ་ཞིག་བྱུང་མེད། འདི་དག་ཚང་མ་གང་ལེགས་གསུངས་ཡོད་རུང་དེ་དག་མངོན་འགྱུར་བྱེད་དཀའ། ང་རང་གིས་རང་ཉིད་ཀྱིས་ཁོ་ཚོའི་འདོད་པ་ཚིམ་ཐུབ་ཅེས་མི་བཤད་མོད། གང་ལྟར་ཡེ་ཤུ་ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན་གནད་དོན་འདི་ཚོ་ཡོངས་སུ་གཅིག་འདྲ་མ་རེད།

འགྱུར་རྩོམ།

Post navigation

Previous Post: ཇ་ཡི་མཆོད་པ་བཀྲ་ཤིས་དཔལ་འབར།
Next Post: ༄༅།། ཉེས་བཤད་ནད་འབུ་འགོག་པའི་སྨན་གཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme