Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅི་འདོད་བྱོས།

Posted on 2013-01-30 By ཁ་བརྡ་ 23 Comments on ཅི་འདོད་བྱོས།

མྱི་ལྟིག

མྱི་ཁ་ལྕགས་ཀྱི་སོག་ལེ་རྣོ་ན་རྣོ།།
ཁ་ཡག་གསེར་གྱི་སྒོ་མོ་རྒྱག་ན་རྒྱག།
རང་ལུས་ཀོ་ཐུམ་ཁུག་ལ་འཇུག་ན་འཇུག།
མགོ་རུས་མཆོད་རྫས་གྲལ་ལ་འཇོག་ན་འཇོག།
རང་ལ་རང་གི་དམ་བཅའ་ཙ་བོ་ཡོད།།

ཕ་རྒྱུད་མ་རྒྱུད་མེད་ན་མེད་ཀི་ཆུགས།། 

གཉེན་མི་དག་གིས་སྐྱུར་ན་སྐྱུར་དུ་ཆུགས།།
ཁ་ཡ་ན་ཟླས་འབོར་ན་འབོར་དུ་ཆུགས།།
སྡེ་བའི་གྲལ་ནས་སྤྱུག་ན་སྤྱུག་ཏུ་ཆུགས།།
རང་ལ་རང་གི་དམིགས་ཡུལ་སྣུམ་པོ་ཡོད།

རྫུན་འདེབས་ཞྭ་མོ་སྐོན་ན་སྐོན་དུ་ཆུགས།།
ལྟ་ལོག་ཉུལ་མ་འདོགས་ན་འདོགས་སུ་ཆུགས།།
རྩམ་ལོག་རྡོ་ལོག་འཕེན་ན་འཕེན་དུ་ཆུགས།།
བན་སྔགས་སུས་ཀྱང་དམོད་ན་དམོད་དུ་ཆུགས།།
རང་ལ་རང་གི་ཕུགས་བསམ་ཡངས་པོ་ཡོད།།

ཤོབ་ཀྱི་མཚོན་ཆས་བསྣུན་ན་བསྣུན་དུ་ཆུགས།།
དཔུང་གི་སྟོབས་ཀྱིས་བརྫི་ན་བརྫི་རུཆུགས།།
ཕྱི་མར་འགྱོ་ས་མེད་ན་མེད་དུ་ཆུགས།།
ཚེ་ཐོག་འདི་ནས་འདེད་ན་འདེད་དུ་ཆུགས།།
རང་ལ་རང་གི་རྡོ་ཡི་རང་གཤིས་ཡོད།།

མདུན་ནས་བསུ་ནི་མེད་ན་མེད་དུ་ཆུགས།།
རྒྱབ་ཏུ་སྐྱེལ་ནི་མེད་ན་མེད་དུ་ཆུགས།།
མདུན་རྒྱབ་སྟོང་བ་ཡིན་ན་ཡིན་དུ་ཆུགས།།
ཁེར་རྐྱང་གཅེར་བུར་ཕུད་ན་ཕུད་དུ་ཆུགས།།
རང་ལ་རང་གི་འཚོ་བའི་ལྡེ་མིག་ཡོད།།

རྒྱང་རིང་འདི་ནས་ལྷག་ན་ལྷག་ཏུ་ཆུགས།།
ཐག་ཉེ་དེ་ཕྱོགས་དྲན་ན་དྲན་དུ་ཆུགས།།
ཉེ་རིང་མཚམས་ནས་རྒས་ན་རྒས་སུ་ཆུགས།།
འཆི་བདག་རྗེ་བོ་ཡོང་ན་ཡོང་གི་ཆུགས།།
རང་ལ་རང་གི་འགྱོ་ཁའི་རྒྱགས་བྲོ་ཡོད།།
༢༠༡༣ ༡ ༢༣ ཉིན། རྡ་ལམ་ས་ལར།

སྙན་ངག

Post navigation

Previous Post: བཙོན་ནས་སྤྲིངས་བའི་བཀའ་དྲིན་ཞུ་ཡིག
Next Post: བྷ་རོ་ཏྲ་ནས་རྒྱ་མོ་རྐང་དོ་མའི་ལྷམ་ཞིག་རྙེད་པ།

Comments (23) on “ཅི་འདོད་བྱོས།”

  1. ཅོ་རི་ཉི་མ། says:
    2013-01-30 at 6:07 am

    ཡག་པོ་གསུངས་འདུག
    རྒྱུ་དང་དཔལ་འབྱོར་མེད་ན་མེད་དུ་ཆུགས།
    མཚན་དང་སྙན་གྲགས་མེད་ན་མེད་དུ་ཆུགས།
    དགའ་དང་གུས་བཀུར་མེད་ན་མེད་དུ་ཆུགས།
    རང་ལ་རང་གི་མི་ཚེའི་རིན་ཐང་ཡོད།།

    ལྐོག་ཟའི་དཔོན་པོ་ཁྲོ་ན་ཁྲོ་རུ་ཆུགས།
    དཀོར་བདག་བླ་མ་ངུ་ན་ངུ་རུ་ཆུགས།
    རྒྱ་ཁྱིས་ཟུག་སྐད་བརྒྱབ་ན་རྒྱབ་ཏུ་ཆུགས།།
    རང་ལ་རང་གི་དཔའ་དང་སྤོབས་པ་ཡོད།།

    མྱི་ཁའི་ཞྭ་མོ་བསྐོན་ན་སྐོན་དུ་ཆུགས།
    ཕྲག་དོག་མདའ་མོ་འཕེན་ན་འཕེན་དུ་ཆུགས།
    མཐོང་ཆུང་ཁྱད་གསོད་བྱས་ན་བྱེད་དུ་ཆུགས།
    རང་ལ་རང་གི་མི་རིགས་ལ་རྒྱ་ཡོད།།

  2. ཨོ་རྒྱན་ཉི་མ། says:
    2013-01-30 at 7:07 am

    གནས་ལུགས་རྒྱབ་ཏུ་གཡུག་ན་རང་དགར་གྱིས།།
    ལོག་ཤེས་ཚད་མར་འཛིན་ཀྱང་འདོད་པ་རེད།།
    མགོ་མཇུག་མེད་པར་སེམས་པའི་ཀུན་རྟོག་འདིས།།
    ཁྱེད་ཉིད་སུག་བཞིའི་གྲལ་དུ་གཡུག་པ་འདྲ།།

  3. ཅོ་རི་ཉི་མ། says:
    2013-01-30 at 7:17 am

    རྟགས་ལ་ཚུལ་མེད་ན་རྟགས་སྣང་རེད།
    གཏམ་ལ་བདེན་ཁ་མེད་ན་ལོག་བཤད་རེད།
    སྨྲ་ལ་དོན་གོ་མེད་ན་སུག་བཞི་རེད།
    རྒྱུད་རྟོགས་པ་མེད་ན་དཀོར་གཟན་རེད།།

    འཇམ་མགོན་ཁྱི་མོར་མཐོང་བའི་ཐོགས་མེད་དང་།
    ཅོ་རི་སྒོ་ཁྱིར་མཐོང་བའི་དཀོར་བླ་གཉིས།
    མ་རིག་ལོག་ཤེས་རྒྱུད་ནས་བྱུང་་བ་ལས།
    དཔྱོད་ཤེས་ཚད་མའི་སྣང་ཡུལ་ག་ལ་ཡིན།།

  4. མེ་ཏོག་དཀར་པོ says:
    2013-01-30 at 8:08 am

    རྟགས་ལ་ཚུལ་གསུམ་མེད་ན་ལྟར་སྣང་རེད། །་་
    ་་་་བྱམས་མགོན་ཁྱི་མོར་་་་

  5. ཅོ་རི་ཉི་མ། says:
    2013-01-30 at 8:18 am

    མེ་དཀར་ལགས་་་བདེན་ནོ

  6. གནམ says:
    2013-01-30 at 8:29 am

    མགོ་དུ་གྱང་ལ་མ་རྡེབ་ཤ་གཅེས་ཚོ།།
    རྐང་བ་རྙི་ལ་མ་སྐོན་ཤ་ཁོ་ཚོ།།
    ལག་པ་དམ་ལ་མ་འདོག་ཤ་བྷ་ཚོ།།
    ཀླད་པ་ཡོད་ནའི་མཆན་པ་ཤ་ཉེ་ཚོ།།

  7. ཨོ་རྒྱན་ཉི་མ། says:
    2013-01-30 at 9:17 am

    ཁ་བརྡའི་ཚིག་ལས་བཟང་ངན་གང་ཐོས་ཀྱང་།།
    ཆོལ་ཁ་ཆོས་ལུགས་སྣ་ཚོགས་གང་བཤད་ཀྱང་།།
    མཐོ་དམན་ཚིག་གིས་བསྟོད་སྨད་གང་བྱས་ཀྱང་།།
    ཞེ་འཁོན་མ་འཛིན་སྒྲ་བརྙན་ལྟ་བུར་ལྟོས།།

  8. ཨོ་རྒྱན་ཉི་མ། says:
    2013-01-30 at 9:44 am

    ཚུལ་གསུམ་རྙི་ལ་ཐོགས་པ་ང་མི་དགའ།།
    འབྲས་རང་མ་དམིགས་རྟགས་ལ་ཞེན་པ་ལོག།
    དགག་སྒྲུབ་གཏན་ཚིག་གཉིས་ལ་རེ་ཐག་ཆད།།
    ཚད་མ་ཚད་མིན་གཉིས་ཀ་འཁྲུལ་སྣང་ཞིག།

  9. བན་དེ་བ། says:
    2013-01-30 at 10:48 am

    ཚུལ་གསུམ་མེད་པའི་བཤད་པ་རྒྱུ་མཚན་སྟོང།
    འབྲས་རང་མ་དམིགས་རྟགས་ཀྱིས་ལྐོག་འགྱུར་བསྒྲུབ།
    དགག་དང་སྒྲུབ་པའི་རྟགས་ཚུལ་མ་ཤེས་ན།
    ཚད་མ་ཚད་མིན་མི་ཤེས་ཀུན་ཏུ་འཁྲུལ།

    ཕྱོགས་ཆོས་དེ་རྗེས་ཁྱབ་པ་ཡི།
    གཏན་ཚིགས་དེ་ནི་རྣམ་གསུམ་ཡིན།
    ལུང་གི་དགོངས་དོན་མ་རྟོགས་ན།
    ཚུལ་གསུམ་རིགས་པ་སྐྱོན་དུ་མཐོང།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-01-30 at 11:25 am

    ཚད་མ་ཚད་མིན་འབྱེད་ཤེས་དང་། །
    ཚུལ་གསུམ་རྟགས་ལས་ལྐོག་འགྱུར་བ། །
    འབྲས་རང་མ་དམིགས་འབྲས་བུ་ལས། །
    དགག་སྒྲུབ་རྣམ་གཞག་སོ་སོར་འབྱེད། །

  11. ཨོ་རྒྱན་ཉི་མ། says:
    2013-01-30 at 12:08 pm

    ཚུལ་གསུམ་སྒྲོག་ཏུ་ཚུད་པའི་རྟོག་གེ་བས།།
    བློ་ལས་འགོངས་པའི་གནས་ལུགས་དོན་ལ་ཡང་།།
    རྟོག་པས་གཞལ་བར་སེམས་པ་བྱིས་པའི་བློ།།
    རྟགས་དང་གཏན་ཚིག་ཚུར་རོལ་སྨྲ་བས་བརྩམས།།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-01-30 at 12:44 pm

    རྟོག་གེ་པ་ཡི་ཚུལ་གསུམ་རྒྱང་ཤེལ་འདྲ། །
    ཚུར་རོལ་ཚན་རིག་པ་ཡིས་མི་གཞལ་བའི། །
    སྔ་ཕྱི་སྐྱེ་དང་ལས་འབྲས་སྟོང་ཉིད་སོགས།
    རྟགས་དང་གཏན་ཚིག་ཉིད་ཀྱིས་དཔྱད་སྒོམ་འགྱུར། །

  13. བན་དེ་བ། says:
    2013-01-30 at 12:44 pm

    ཚུལ་གསུམ་རིགས་པའི་བློ་གྲོས་མ་བསྐྱེད་པའི།
    གཞུང་དོན་འཆད་རྩོད་རྩོམས་པའི་བྱ་བ་གང།
    མགྲིན་བཟང་བོང་བུ་སེང་སྤགས་གྱོན་པའི་ཚུལ།
    རྣམ་དཔྱོད་མཁས་པས་ཾཁ་བརྡའི་དྲ་བར་མཐོང།

  14. ཨོ་རྒྱན་ཉི་མ། says:
    2013-01-30 at 2:09 pm

    ཐ་སྙད་སྣང་བའི་ངང་ཚུལ་མཐའ་དག་ཀྱང་།།
    ཐུགས་ལ་ལེགས་པར་བཀྲ་བའི་ཆོས་གྲགས་ཀྱིས།།
    ཕྱོགས་ཆོས་དེ་ཆས་ཁྱབ་ན་མི་མཐུན་ཕྱོགས་།།
    མེད་པར་ངེས་དགོས་ཞེས་པའི་རྟོག་གེའི་ཁྲིམས།།
    ཚུ་རོལ་མཛེས་པར་སྨྲ་ལ་མཁོ་ཆེ་ཡང་།།
    འཇིག་རྟེན་འདས་པའི་ལམ་ལ་དགོས་པ་ཆུང་།།

  15. བན་དེ་བ། says:
    2013-01-30 at 2:22 pm

    ཐོས་དང་བསམ་དང་བསྒོམ་པ་དང།
    འཆད་དང་རྩོད་དང་རྩོམས་པ་སོགས།
    གཅེས་ཞེས་ཐ་སྙད་འཇིག་རྟེན་ལས།
    རྒྱལ་བའི་ཚོགས་ལ་སུ་ཞིག་སྨྲ།

  16. བན་དེ་བ། says:
    2013-01-30 at 2:28 pm

    ཡིན་ལུགས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་ན་ཡང།
    སྣང་ཚུལ་ཐ་སྙད་འཇིག་རྟེན་མཛུབ་འཁྲིད་ཟླ་བ་ལྟར།
    ཤར་ཚུལ་རྟགས་དང་རིགས་པས་གཏན་ལ་མ་ཕབས་ན།
    ལོང་བ་ལྷ་ཁང་འཁྲིད་པའི་སྒོ་དང་ཀུན་ནས་མཚུངས།

  17. ཨོ་རྒྱན་ཉི་མ། says:
    2013-01-30 at 2:34 pm

    དང་པོ་མ་རིག་རྨོངས་པས་སྲིད་འདིར་འཁྱམས།།
    བར་དུ་རྟོག་གེ་བྱང་བས་འཁོར་ཡུན་རིང་།།
    ཐ་མ་ངན་སོང་གནས་སུ་བསྐལ་བའི་བར།།
    གནས་པར་ངེས་སོ་ཚུ་རོལ་མཛེས་དག།

  18. ཨོ་རྒྱན་ཉི་མ། says:
    2013-01-30 at 2:40 pm

    བྱམས་པ་མགོན་པོས།

    རྟོག་གེ་བརྟེན་ཅིང་མ་ངེས་ལ།།
    མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན།།
    བྱིས་པ་ནི་བརྟེན་པར་འདོད།།
    གསུངས་པ་ལ་བསམ་བློ་ཐོངས།

  19. བན་དེ་བ། says:
    2013-01-30 at 2:52 pm

    ཚུ་རོལ་བློ་ལ་ལྐོག་གྱུར་ཡིན་ལུགས་གཞི།
    རྟགས་དང་རིགས་པས་གཏན་ལ་མ་ཕབས་པར།
    དབང་པོའི་ཤེས་པའི་ཡུལ་གྱུར་གཟུགས་སྒྲ་ལྟར།
    ཡེ་ནས་མངོན་དུ་གྱུར་པ་གང་ཡང་མེད།

    ཡངས་རྩེ་ཐེག་པའི་འ་མོ་ཀ་དག་ཉིད།
    ཀུན་གྱིས་ཡེ་ནས་རྟོགས་པར་བཤད་ན་ཡང།
    རྟོགས་ལ་རྟོགས་གོ་མ་ཆོད་རྒྱལ་བོའི་སྲས།
    གྲོང་ཁྱམས་ངོ་སྤྲོད་དགོས་པ་རྒྱལ་བས་གསུངས།

  20. ཅོ་རི་ཉི་མ། says:
    2013-01-30 at 3:07 pm

    བན་དེ་བ་ལགས་་་ད་གཡུག་ཞོག ཕུང་གསུམ་པ་ཨོ་ཉི་ལ་སྐད་ཆ་བཤད་ནས་གོ་བརྡ་ཨེ་འཕྲད་བལྟ་པ་ལས་ཁུར་པོ་མགོ་དང་མཐོ་སྨད་འདྲ་བ་ཞིག་འཁུར་ནས་རི་བོ་ཇོ་མོ་གླང་མའི་ཐོག་ཏུ་འཛེག་ན་དཀའ་ལས་ཆུང་བ་ཡོད་ས་རེད་་་་ཧཧཧ
    སྤྱིའི་ཆ་ནས་རིག་ལས་མེད་པའི་མི་ལ་སྐད་ཆ་བཤད་ཀྱི་དཀའ་ལས་ཆེ་ཡང་ཕུང་གསུམ་པ་ལ་ནི་དེ་བས་དཀའ་ལས་རེད།།

  21. ཨོ་རྒྱན་ཉི་མ། says:
    2013-01-30 at 3:36 pm

    ཁ་དོག་དཀར་དམར་ཨ་མའི་ཞལ་ནས་ཐོས།།
    རྟགས་དང་གཏན་ཚིག་ཨ་ཕའི་གསུང་ལས་རྟོགས།།
    བློ་རིག་བདུན་པོ་བྱིས་དུས་རྩེད་རར་ཤེས།།
    ལོ་བཅུ་ལོན་དུས་རྟོག་གེ་ཁོང་དུ་ཆུད།།

  22. ཨོ་རྒྱན་ཉི་མ། says:
    2013-01-30 at 3:39 pm

    ཅོ་རི་བསྣབས་ལུག་གང་ནས་ཡིན།།
    སྐྱག་སྐད་ཆེ་ལུགས་ལ་བལྟས་ན།།
    བླུན་པོའི་ནང་ནས་ཐ་མ་ཞིག།
    གྲ་ཟུར་ཡིན་པ་སྨོས་མེད་དོ།།ཧཧཧཧ

  23. གནམ says:
    2013-01-30 at 6:11 pm

    བྲིས་བ་གསེར་ཡིག་དངུལ་ཡིག་ཡིན་རུང་།།
    གསུངས་ནོ་བླ་མ་རྫུན་མ་ཡིན་དུས།།
    སྐྱབས་ཕྱག་འཛིན་ནིའི་སློབ་མ་མ་དགོས།།
    དད་པ་བྱེད་ནིའི་དྲ་འབུ་མི་འདུག།

    བླ་མ་ཨོ་རྒྱན་ངེད་གཉིས་བར་ན།
    ཁབ་ཅིག་རྩོད་རྒྱུ་ཙམ་ཞིག་མེད་ཐལ།།
    ཁ་ལེན་ཚིག་རྩི་བྱེད་དགོས་མེད་ཐལ།།
    ཁ་ནས་གང་བྱུང་མང་བྱུང་ཤོར་ཐལ།།

    བླ་མ་ཨོ་རྒྱན་སྤྲུལ་སྐུ་དབང་ཆེན་དང་།།
    ཀླུ་སྨྱོན་ཁྲག་འཐུང་དྲ་འབུ་ཡབ་སྲས་གསུམ།།
    ཁ་ནས་ཚོད་མེད་ལྡ་བ་དམིགས་མེད་པར།།
    དྲ་འབུ་འདུལ་བར་བྱོན་པའི་དང་བླ་ཚོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme