Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངོས་ཀྱིས་དབུ་མའི་ལམ་འདིས་གོ་མ་ཆོད་པ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད།

Posted on 2012-03-162012-03-16 By ཁ་བརྡ་ 7 Comments on ངོས་ཀྱིས་དབུ་མའི་ལམ་འདིས་གོ་མ་ཆོད་པ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད།

བཀྲ་ཤིས་ཀྱིས།
——–
ཉིན་ཤས་གོང་ཨ་རིའི་གསར་འགྱུར་ཞིག་ཏུ་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པ་ཞིག་མཇལ་རྒྱུ་བྱུང་། ངས་བཅར་འདྲི་དེ་ལ་འདི་འདྲའི་དོ་སྣང་སྤྲོད་དོན་ནི། ༧གོང་ས་མཆོག་གིས། “ངོས་ཀྱིས་ཡོངས་གྲགས་ཀྱི་ཐོག་ནས་ང་ཚོའི་བྱེད་ཕྱོགས་དེ་ལམ་ལྷོང་མ་བྱུང་བ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད། I publicly accept failure of our approach.”ཅེས་གསུངས་འདུག་ལ།
༼བཅར་འདྲིའི་སྐར་མ་གཉིས་ཀྱི་མཚམས་ཙམ་ལ་གསུངས་འདུག༽
དེ་ལ་གསར་འགོད་པས་༧གོང་ས་མཆོག་ལ་ “ཁྱེད་ཀྱིས་ཡོངས་གྲགས་ཀྱི་ཐོག་ནས་དབུ་མའི་ལམ་གྱི་བྱེད་ཕྱོགས་དེ་ལམ་ལྷོང་མ་བྱུང་བ་ཞིག་ལ་ངོས་ལེན་གནང་གི་ཡོད་དམ།”ཞེས་དྲིས་སྐབས། ༧གོང་ས་མཆོག་གིས། “ལགས་ཡིན། དེ་ནི་ལམ་ལྷོང་མ་བྱུང་བ་ཞིག་ལ་བརྩི་ཡི་ཡོད། that is considered failed.”ཅེས་གསུངས་འདུག དབྱིན་ཡིག་གི་ཚིག་ Fail ཟེར་བ་འདི་ལ་ལམ་ལྷོང་མ་བྱུང་བ་ཞེས་བྲིས་ན་འགྲིག་མིན་མི་ཤེས། དབྱིན་བོད་ཚིག་མཛོད་གསར་མའི་ནང་། “མ་ཐུབ་པ། དོན་དག་འཆུག་པ། གོ་མི་ཆོད་པ། ལས་དོན་མ་འགྲུབ་པ།”སོགས་སུ་བཀྲལ་འདུག བྱས་ན། “ངོས་ཀྱིས་ཡོངས་གྲགས་ཀྱི་ཐོག་ནས་ང་ཚོའི་བྱེད་ཕྱོགས་དེ་ལམ་ལྷོང་མ་བྱུང་བ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད།” ཅེས་བསྒྱུར་ན་འགྲིག་གམ། ཡང་ན། “ངོས་ཀྱིས་ཡོངས་གྲགས་ཀྱི་ཐོག་ནས་ང་ཚོའི་བྱེད་ཕྱོགས་དེས་གོ་མ་ཆོད་པ་་ངོས་ལེན་བྱེད་ཀྱི་ཡོད།” ཅེས་ཟེར། གང་ལྟར་༧གོང་ས་མཆོག་གིས་དབུ་མའི་ལམ་ནི་ཧྥེལ་ཆགས་པ་ཞལ་བཞེས་གནང་འདུག
ཁ་སང་ད་ལྟ་ཚོགས་བཞིན་པའི་གྲོས་ཚོགས་ཀྱི་གསར་འགྱུར་འགའ་བཀླགས་པ་ཡིན། གསར་འགྱུར་དེ་དུས་བབ་དྲ་བ་ན་འདུག “ དེ་རིང་གྲོས་བསྡུར་གནང་སྐབས་བཀའ་མོལ་ཁ་ཤས་ས་མཚམས་ལས་བརྒལ་འདུག་བསམ་པའི་ཚོར་ཤུགས་ཆེན་པོ་བྱུང་སོང་། ད་ལྟའི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལམ་དབུ་མའི་ཐོག་འགྲོ་བཞིན་ཡོད་ཀྱང་། དབུ་མའི་ལམ་དང་འགལ་བའི་བསམ་ཚུལ་གྲོས་ཚོགས་འདིའི་ནང་བྱུང་བ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ན། ཁ་སྔོན་ནས་ཞུས་པ་བཞིན་བརྒྱུད་རིམ་ཚད་ལྡན་ཞིག་གི་ཐོག་འགྱུར་བ་གཏོང་དགོས་ཀྱི་ཡོད། འགྱུར་བ་བཏང་ཚར་བའི་རྗེས་སུ་ག་རེ་ཡིན་ནའང་གསུང་ཆོག་གི་རེད། གོ་སྐབས་གང་ཤར་ལ་གསུང་བསྡད་ན་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་བོད་མི་ཚོར་ལངས་ཕྱོགས་བརྟན་པོ་མི་འདུག་ཟེར་བའི་བསམ་ཚུལ་ཡོང་མི་སྲིད་པ་མིན་སྟབས། དེ་ཚོར་ཐུགས་འཚབ་གནང་དགོས་པ་རེད། བོད་ནང་བྱུང་བའི་གནས་ཚུལ་དང་མི་མང་གི་རེ་འདུན་ལ་སོ་སོའི་འཆར་སྣང་ལྟར་འགྲེལ་བཤད་རྒྱག་སྐབས། གྲོས་ཚོགས་ནང་གཟབ་གཟབ་གནང་དགོས་ཀྱི་འདུག་ ” ཅེས་བཀའ་བཀྱོན་གནང་འདུག
ད་༧གོང་ས་མཆོག་གིས་དབུ་མའི་ལམ་ལ་གྲུབ་འབྲས་མ་བྱུང་བར་ཞལ་བཞེས་གནང་བ་དང་། གྲོས་ཚོགས་ཀྱིས་༧གོང་ས་མཆོག་གིས་ཞལ་བཞེས་མ་གནང་བའི་ལམ་ཞིག་ལ་བསྐྱོད་བཞིན་པ་འདི་ཅི་ཞིག་རེད། ༧གོང་ས་མཆོག་གིས་གྲོས་ཚོགས་ལ་འདི་འདྲའི་བཀའ་བསྩལ་ཡོད་དམ། ཡང་ན། གྲོས་ཚོགས་ཀྱིས་༧གོང་ས་མཆོག་གི་དགོངས་པ་ལ་འགྲེལ་བཤད་གཞན་ཞིག་རྒྱག་གི་ཡོད་དམ། འདི་འདྲའི་དྲི་བ་མང་པོ་ཞིག་གིས་ང་ཚོ་མནར་ཡོང་གི་འདུག

གསར་འགྱུར།

Post navigation

Previous Post: ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་ལས་འགུལ་སྤེལ་གནས། ༼ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦༽
Next Post: བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐའེ་ཝན་དུ་འཚོགས་པ།

Comments (7) on “ངོས་ཀྱིས་དབུ་མའི་ལམ་འདིས་གོ་མ་ཆོད་པ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད།”

  1. དཔྱིད་འགོའི་མེ་ཏོག says:
    2012-03-16 at 10:56 pm

    སྤྱི་མཐུས་ལྷན་ཚོགས་ཀྱིས་དེ་སྔའི་བོད་ནང་ཛ་དྲགས་ཀྱི་གནས་ཚུལ་བགྲོ་གླེང་དང་བསམ་ཚུལ་རྗེས་རེས་ཕན་ནུས་ལྡན་པའ་ིགྲོས་ཆོད་ཅིག་གི་སྟེང་ལ་འཛེག་ཐུབ་པར་སྨོན་ ཁ་ནས་བརྒྱ་བཤད་སྟོང་ལག་ལེན་ནམ་མཁའི་མེ་ཏོག་ལྟར་གྱུར་སོང་ན་དེའི་ཉིན་གྱི་སྤྱི་མཐུས་ཚོའི་དུས་ཚོད་ཆུད་ཟོས་སུ་སོང་བ་རེད།

  2. བསྟན་འཛིན་པདྨ། says:
    2012-03-17 at 12:46 am

    བཀྲིས་ལགས། ༸གོང་ས་མཆོག་ལ་བཅར་འདྲི་ཞུས་པ་དེ་འདིར་འཐུས་རོགས་གནང། ཡང་ན་དྲ་རྒྱའི་ཁ་སྦྱང་འདིར་བཀོད་རོགས་གནང།

  3. སྨུ་ཐག་གི་བུ་རྒྱུད། says:
    2012-03-17 at 12:56 am

    ༸གོང་ས་མཆོག་གིས་ད་བར་དུ་དབུ་མའི་ལམ་ལ་གྲུབ་འབྲས་མ་བྱུང་བ་ངོས་ལེན་བྱས་པ་ཙམ་ལས་མ་འོངས་པར་གྲུབ་འབྲས་མི་འབྱུང་བ་ངོས་ལེན་བྱས་མི་འདུག དེ་བཞིན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་ལའང་འགྱུར་བ་གཏོང་དགོས་པའམ་ཡང་ན་ངོས་ལེན་མེད་པའི་དགོངས་དོན་གང་ཡང་མི་འདུག འདི་འདྲའི་སྐད་ཆ་ལ་ཞིབ་ཆ་བྱེད་རྒྱུ་གལ་ཆེ་བ་མ་གཏོགས་སྤྱང་ལྟོགས་ཤ་ལ་ཐུག་པ་ལྟ་བུ་ནམ་ཡང་བྱེད་རྒྱུ་མེད།

  4. ཁ་བའི་སྒྲོན་མེ། says:
    2012-03-17 at 1:12 am

    ༧གོང་ས་མཆོག་གི་དབུ་མའི་ལམ་གྱི་གྲུབ་འབྲས་མ་སོན་པ་འམ་failed.ལམ་ལྷོང་མ་བྱུང་བ་གསུངས་པ་དེ་ད་བར་རྒྱ་ནག་གི་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་མ་སྟོན་པ་མ་ཚད་རང་སྐྱོང་ལྗོངས་དང་ཁུལ་མིང་ཙམ་ཡོད་པ་དེ་ཡང་མེད་པ་བཟོ་དགོས་པའི་དམིགས་ཡུལ་འཛིན་བཞིན་གསལ་བསྒྲགས་བྱེད་མུས་ཡིན་པ་དེའི་ཆ་ནས་རེད་སྙམ། གཞི་རྩའི་ཆ་ནས་བོད་དོན་ལ་གྲུབ་འབྲས་རྩ་བ་ནས་མ་བྱུང་བ་མ་རེད། འོན་ཀྱང་དོན་དངོས་ཁ་ཡོད་ལག་ཡོད་གྱི་གྲུབ་འབྲས་སོན་མེད་པ་མ་ཟད་། གཞིས་བཞུགས་བོད་མི་དག་གི་དངོས་འདོད་ལ་རྒྱབ་སྐྱོར་ངོ་མ་དེ་བྱས་ཐུབ་མེད་། དངོས་ཡོད་གནས་སྟངས་འདི་དག་ལ་ངེས་པ་ཏུ་བསྐྱར་ཞིབ་གནང་གལ་ཆེ་མོད་ཉིན་ཆར་གྲོས་ཚོགས་ཀྱི་བགྲོ་གླེང་ནང་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་གི་དེ་རིང་གྲོས་བསྡུར་གནང་སྐབས་བཀའ་མོལ་ཁ་ཤས་ས་མཚམས་ལས་བརྒལ་འདུག་བསམ་པའི་ཚོར་ཤུགས་ཆེན་པོ་བྱུང་སོང་བཤད་པ་དེ་དབུ་མའི་ལམ་ལ་བསྐྱར་ཞིབ་གནང་རྒྱུ་འདོད་པ་མེད་པའི་རྣམ་འགྱུར་གསལ་ཤོས་དེ་རེད་། གལ་སྲིད་ང་ཚོའི་གཞུང་གི་སྤྱི་འཐུས་ཤིག་གི་དགོངས་འཆར་དེར་མཚམས་ལས་བརྒལ་ཡོད་ན་གྲུབ་འབྲས་མ་སོན་པའི་ལམ་བུ་དེར་མཁྲིག་འཛིན་ཁོ་ན་བྱེད་རྒྱུ་ལས་ཐབས་གཞན་མེད་པ་ཡིན་ནམ་བསམ་པའི་དོགས་པ་རང་བཞིན་དུ་སླེབས་ཡོང་གི་འདུག། དེ་ཡང་ཆེས་གསང་བ་ལྟར་བུ་ཐ་ན་བོད་རིགས་མང་ཚོགས་ཀྱི་མ་ཤེས་པའི་ཆབ་སྲིད་གྱི་ཕམ་ཉེས་ཤིག་ཡིན་ནམ་སྙམ།

  5. ངག་ཁྲི། says:
    2012-03-17 at 5:51 am

    བཀྲིས་ལགས་ཀྱིས་༸གོང་ས་མཆོག་གི་གསུང་རྗེན་པ་ལུང་འདྲེན་གནང་སྟེ་གོ་རྟོགས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག མཆན་འགོད་འགའ་ཞིག་གིས་དེ་ལ་ལུང་དོན་བཞགས་གནང་འདུག་པའང་རང་གི་
    མངོན་འདོད། དུས་བསྐལ་པ་མ་སྟོངས་བར་དུ་དབུ་མའི་ལམ་ཁོ་ནའི་གྲུབ་འབྲས་ལ་ལོངས་སུ་སྤྱོད་འདོད་ཀྱི་རེ་སྟོང་འཆང་བ་ཙམ་དུ་ཟད་ཀྱི།ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་དམིགས་གསལ་ཚོགས་ཆེན་གྱི་མཐའ་མའི་གྲོས་ཆོད་སྐབས་དུས་ཚོད་ངེས་ཅན་ནམ་ལོ་ཚད་ཀྱི་རྒྱས་བཅད་ཞིག་ཡོད་པ་ནམ་མཁའི་འཇའ་ལྟར་ཡལ་བའི་ཟོ་ལྟ་སྟོན་པར་མངོན།
    ༸གོང་ས་མཆོག་གིས་དུས་བསྐལ་པ་མ་སྟོངས་བར་ངེས་པར་དུ་དབུ་མའི་ལམ་མམ་བོད་ས་ཡོངས་འཛིན་སྐྱོང་གཅིག་གི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཉག་གཅིག་དོན་དུ་གཉེར་དགོས་ཞེས་ནམ་ཡང་གསུངས་མི་སྲིད་པས། སྲིད་གཞུང་མི་རྟག་པར་སྲིད་ཇུས་ཀྱང་མི་རྟག་པ་འཛིན་དགོས་པ་ལས་རྟག་བརྟན་ཐེར་ཟུག་གི་སྲིད་ཇུས་འཛིན་མི་ཉན། གང་ཡིན་ཞེ་ན་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ལའང་འགྱུར་བ་གཏོང་དགོས་ངེས་ཀྱི་དུས་སུ་འཕྲལ་དུ་འགྱུར་བ་བཏང་བ་མིག་མཐོང་ལག་ཟིན་ཡིན་པའི་ཕྱིར་རོ།།

  6. མིག་བརྒྱད་པ། says:
    2012-03-17 at 8:32 am

    གོང་ས་མཆོག་གིས་རྒྱ་བོད་གཉིས་ཕན་གྱི་དགོངས་པ་བཞེས་ཀྱང་རྒྱ་གཞུང་གིས་གོང་ས་མཆོག་དང་དབུ་མའི་ལམ་ལ་དགག་པ་ག་ཚོད་བརྒྱབ་ཡོད་པ་རེད།

  7. སྙན་བཟང་གཡུང་དྲུང་ཚེ་རིང says:
    2012-03-18 at 12:22 pm

    བརྗོད་གཞི་འདི་གནད་འགག་ཅིག་ཏུ་མཐོང་། གྲོགས་པོ་ཚོས་བགྲོ་གླེང་མང་ཙམ་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme