Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངོ་དེབ་སྟེང་གི་༼ རྩ་ཁྲིམས་༽སྐོར་གྱི་ཁ་བརྡ།

Posted on 2013-01-242013-01-25 By ཤར་ཕྱོགས་ཁུག་རྟ། 5 Comments on ངོ་དེབ་སྟེང་གི་༼ རྩ་ཁྲིམས་༽སྐོར་གྱི་ཁ་བརྡ།


དེང་སང་རྒྱ་ནག་གི་རྩ་ཁྲིམས་འཆད་ལ་བློ་ཁོག་མ་རྙེད་པ་དག་གིས་། རྩ་ཁྲིམས་འདིའི་རྒྱབ་ཤ་དམར་པོ་ཡིན་པའི་ཆ་ནས་དམར་ཕྱོགས་ཚོགས་པའི་རྩ་ཁྲིམས་རེད་ཅེས་བཤད་ཀྱི་ཡོད་པ་འདྲ། རྩ་ཁྲིམས་ལག་བསྟར་བྱེད་ཀྱི་ཡོད་མེད་ཅི་ལྟར་ཡང། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང། རྩ་ཁྲིམས་རང་གི་ངོ་གདོང་ལ་གཟིགས་ན་ང་ཚོར་བློ་ལ་འཛིན་རྒྱུའི་ཚིག་གཅིག་ཡོད་པ་རེད་ལ། ད་དུང་བོད་མིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཅི་ལྟར་རང་སྐྱོང་འཚོལ་གྱི་ཡོད་མེད་ཀྱི་ཞིབ་ཆ་དང་གནད་འགག་རྣམས་ཀྱང་རྟོགས་སྲིད། སྲང་བར་གྱི་གཏམ་ཞིག་ལ་གཞི་བྱས་ཏེ་སྦྱར།།

དགའ་ཉག་འཁྱམ་པོ སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ལགས།།
མིས་བེད་སྤྱོད་དང་བདག་འཛིན་མི་བྱེད་པའི་ཡིག་ཆ་ཞིག་གི་གཏིང་དང་མཐའ་ག་ཚོད་བསྔོགས་ཀྱང་ཕན་ཐོགས་ཡོད་མ་རེད་སྙམ། དེ་ལས་རང་གི་ཐོབ་ཐང་ཞིག་དང་རང་གི་ཁེ་ཕན་ཞིག་གཙོ་བོར་བཟུང་སྟེ་ཡུལ་དང་དུས་ལ་དཔག་ནས་འགྲོ་བསྡད་ན་ཡག་ཤོས་རེད།།

ཤར་ཕྱོགས་ཁུག་རྟ། དོན་དངོས་ག་རེ་ཡིན་པ་དང། བྱ་སྤྱོད་ག་རེ་སྟོན་བཞིན་པ་གཉིས་ལ་ཁྱད་པར་ཡོད་པ་བདེན་ཡང། ང་ཚོས་ནམ་ཡང་ཡིག་ཐོག་གི་དོན་དངོས་དེ་བྱ་སྤྱོད་ཐབས་ཆག་ལ་བརྟེན་ནས་རྩིས་མེད་གཏོང་རྐྱང་བྱེད་མི་ཉན། དེ་ལྟར་བྱས་ན་འཇིག་རྟེན་སྟེང་མཚམས་རེར་ང་ཚོར་གཞི་འཛིན་ས་ཞིག་མེད་པའི་སེམས་ཚོར་སྐྱེ་ངེས་པ་ཡིན་པས། རྒྱ་ནག་མི་མང་དང་བོད་མི་མང་ཚུད་པའི་གྲངས་ཉུང་མི་རིགས་ཡོངས་ལ་ཡིག་ཐོག་གི་གནས་ཚུལ་འདི་རྣམས་ཉིན་རེར་ལོངས་སུ་སྤྱོད་རྒྱུ་ཞིག་ཡོང་བར་འཐབ་རྩོད་བྱ་དགོས་པ་ད་ལྟའི་ང་ཚོའི་ལམ་ཁ་གཅིག་པུ་ཡིན།།

ཤར་ཕྱོགས་ཁུག་རྟ། དེ་རིང་གཙོ་བོ། རྩ་ཁྲིམས་འདི་དམར་ཕྱོགས་ཚོགས་པའི་རྩ་ཁྲིམས་རེད་ཟེར་བའི་སྐད་ཆ་བཟོ་སྟངས་དེ་ང་གད་མོ་ཤོར་བ་ཙམ་ཡིན།

དགའ་ཉག་འཁྱམ་པོ ཨོ་་་་་་དེ་ཡང་རེད། ང་ཚོའི་འཐབ་རྩོད་ནི་ང་ཚོའི་བུ་རབས་ཚ་བརྒྱུད་དང་འབྲེལ་བ་ཡོད་པས་ང་ཚོ་རང་ལ་དབང་བའི་ཐོབ་ཐང་ཞིག་གི་ཆེད་དུ་ཁྲིམས་དང་འགྲོ་སྟངས་གསར་པ་ཞིག་བཟོ་ན་མི་ཆོག་གམ། ཁོ་ཚོའི་ཁྲིམས་དེ་ཁོ་ཚོའི་མི་དང་ཁོ་ཚོའི་རིག་གཞུང་གོམས་སྲོལ་སོགས་གཞི་གཙོ་བོར་འཛིན་ཏེ་བཟོས་ཡོད་ཀྱི་རེད་སྙམ། དེས་ང་ཚོའི་ཁམས་དང་འཚམས་པའི་རེ་འདོད་ཅིག་སྤྲད་ཐུབ་ཤེས་ཀྱི་མི་འདུག་ལགས།

དགའ་ཉག་ འཁྱམ་པོ ཨོ་་་་་རྒྱ་ནག་གི་རྩ་ཁྲིམས་དང་་་་་དམར་ཕྱོགས་ཚོགས་པའི་རྩ་ཁྲིམས་གཉིས་ལ་ཁྱད་པར་ཡོད་རེད་དམ། ང་ནི་ངོ་མ་འཐོམ་སོང་། སྐུ་ཉིད་གད་མོ་ཤོར་བའི་རྒྱུ་མཚན་ཏོག་ཙམ་གསུངས་ན་འགྲིག་གི་རེད་དམ

ཤར་ཕྱོགས་ཁུག་རྟ། ང་ཚོའི་མོས་ཁམས་དང་འཚམས་པའི་གནད་དོན་མང་པོ་ཞིག་ད་ལྟའི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་སྐོང་ཐུབ་ཀྱི་ཡོད། ཡིན་ནའང། འགྱུར་བ་གཏོང་བ་དགོས་པའང་མང་དག་ཅིག་ཡོད།

ཤར་ཕྱོགས་ཁུག་རྟ། གུང་ཁྲན་ཏང་ལ་སྒྲིག་གཞི་འགའ་ཤས་ཡོད་པ་དེ་ཏང་མི་ཞིག་དང་ཏང་ནང་ཁུལ་གྱི་ལས་དོན་བྱེད་ཕྱོགས་ཙམ་ལ་ཁྱབ་པ་ལས། གོང་གི་རྩ་ཁྲིམས་འདི་ཏང་ཁག་གཅིག་གམ་ཡང་ན། ་གུང་བྲན་ཏང་གི་རྩ་ཁྲིམས་རེད་ཟེར་བ་ནི་དུས་ཚོད་ཐུང་ཐུང་ནང་སྐད་ཆ་བཟོ་རྒྱུའི་ཆེད་དུ་ཡིན་ན་ལས། ཁུངས་གེ་མེད་པ་གསལ་བོ་རེད།

ཤར་ཕྱོགས་ཁུག་རྟ། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཟེར་སའི་རྩ་ཁྲིམས་དེ་གོང་དུ་བཀོད་པ་འདི་ལས། དམར་ཕྱོགས་ཚོགས་པའི་རྩ་ཁྲིམས་ཟེར་བ་འདྲ་བོ་དེ་འདྲ་གང་ཡང་མིན། དབུ་མའི་ལམ་ནས་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པའི་ཁྲིམས་ཀྱི་གཞི་རྟེན་ཡང་གོང་གི་རྒྱ་ནག་གི་རྩ་ཁྲིམས་འདི་ལ་གོ་དགོས།།

དགའ་ཉག་ འཁྱམ་པོ ཨོ་་་་་

Trotsik Choedak ངས་དེ་སྔ་ཞིག་ལ་རྒྱ་ནག་གི་རྩ་ཁྲིམས་ཀྱི་དེབ་རེ་ཟུང་ལ་སློབ་སྦྱོང་བྱས་མྱོང། ཕར་བལྟས་ཚོད་ལ་ཀྲུང་གུང་གི་དབང་བསྒྱུར་གྱི་ལག་ཆ་ཞིག་ཡིན་པ་གསལ་པོ་རེད། དཔེར་ན་དེའི་ནང་དུ། མི་མང་ལ་འདུ་འཛོམས་དང་ངོ་རྒོལ་སྐད་འབོད་ཀྱི་རང་དབང་ཡོད་ཚུལ་བཤད་ཡོད་ཅིང་། ཡང་དོན་ཚན་གཞན་ནང་། རྒྱལ་ཁྲིམས་ཁ་བྲལ་དང་བརྟན་བརླིང་ལ་གནོད་པའི་ངོ་རྒོལ་རིགས་ལ་དྲག་གནོན་བྱེད་དགོས་ཚུལ་གསལ་ཡོད། སྐབས་འདིའི་རྒྱལ་ཁབ་ཁ་བྲལ་དང་བརྟན་བརླིང་ལ་གནོད་པ་ཟེར་པའི་གཞི་འཛིན་ས་ནི། དམར་ཤོག་ཚོགས་པའི་དབང་བསྒྱུར་ཁ་མི་ལེན་པ་ལ་ཟེར་གྱི་ཡོད་པ་རེད། རྒྱུན་འཁྱོངས་བཞིའི་དང་པོ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ཟེར་བ་དེ་ཁས་མི་ལེན་པ་ལ་ཟེར་གྱི་ཡོད་པ་རེད།

Trotsik Choedak རྒྱལ་ཁབ་ཁ་བྲལ་ཞེས་བཅོས་རོགས

དགའ་ཉག་འཁྱམ་པོ ཨོ་་་་་་་གུང་ཁྲན་ཏང་དབུ་བརྙེས་ནས་གོང་གི་རྩ་ཁྲིམས་དེ་གསར་པ་བཟོས་པ་རེད་དམ། ཡང་ན་་་་་་་གོ་མིང་ཏག་གི་སྐབས་ནས་ཡོད་པ་ཞིག་་་་་་དེ་ལ་བསམ་བློ་གཏང་ཡ་ཞིག་འདུག

Norbu Tsering གུང་བྲན་ཏང་ཡིན་མིན་གྱི་སྤྱི་དམངས་ཚང་མས་རྩ་ཁྲིམས་འདི་སྲུང་དགོས་པ་རེད། འདིའི་མདུན་འདྲ་མཉམ་ཡིན་ཞེས་བཤད་ཡོད་པ་རེད། བརྟན་བརླིང་ལ་གནོད་པ་ཟེར་བ་དེ་དམར་ཤོག་ཚོགས་པའི་དབང་བསྒྱུར་ཁས་མི་ལེན་པ་ལ་ཟེར་གྱི་ཡོད་པ་ཟེར་བ་དེ་ནི་བདེན་པ་མ་རེད།

Norbu Tsering རྩ་ཁྲིམས་འདི་ ༡༩༨༢ ལོར་བཟོས་པ་དང་དེ་ནས ༢༠༠༤ བར་བཟོ་བཅོས་ཐེངས་མང་ཕྱིན་ཡོད་པ་རེད།

Norbu Tsering རྩ་ཁྲིམས་ནང་་་་མི་དམངས་མང་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་མཐའ་འཁྱོངས། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་་་་བྱེད་དགོས་ཚུལ་བྲིས་ཡོད་པ་རེད།

དགའ་ཉག་འཁྱམ་པོ ཨོ་་་་་་ལགས་སོ་་་་་

Norbu Tsering ལགས་སོ།

ཤར་ཕྱོགས་ཁུག་རྟ། རྒྱུན་འཁྱོངས་བཞི་ཟེར་བ་འདི་ནི་རྩ་ཁྲིམས་ཀྱི་འབྲུ་དོན་ཇི་བཞིན་པ་ཞིག་མ་རེད། རྩ་ཁྲིམས་གུང་ཏང་གི་ལག་ཆར་སྤྱོད་ཀྱི་ཡོད་མེད་ཐད། རྩ་ཁྲིམས་འཕྱར་ནས་ཀྲུང་གུང་གི་སྲིད་བྱུས་གསར་པ་རེ་འགར་དགག་པ་རྒྱབ་ཆོག་པའི་གནས་སྟངས་ཡོང་གི་ཡོད་པས། བརྒྱ་ཆ་བརྒྱ་ཐམ་པ་རེད་དང་མ་རེད་ཅེས་བཤད་ཁག་པོའི་གནས་སྟངས་ཤིག་ཏུ་འགྲོ་བཞིན་པ་རེད།

འཇམ་གཅེས ཀྲུང་གོའི་རྩ་ཁྲིམས་དང་བཅའ་ཁྲིམས་གང་ཡིན་ཡང་མཁའ་དབྱིངས་སུ་བཀྲ་བས་རྒྱུ་སྐར་དང་མཇའ་མཚོན་ལྟ་བུ་ཡིན་པས་་་་་དེ་ནི་འགྲོ་བ་ཀུན་གྱི་མིག་གི་ལོངས་སྤྱོད་ཙམ་ལས་སུ་གང་གིས་རྒྱན་ཆར་རུ་སྤྱོད་པའི་སྐལ་བ་མི་ལྡན།

འཇམ་གཅེས འོ་ན་དེའི་འོག་ནས་ཐོབ་ཐང་ཞིག་ཅིའི་ཕྱིར་རྩོད་དགོས་སམ་

ཤར་ཕྱོགས་ཁུག་རྟ། དྲ་གྲོགས་འཇམ་གཅེས་དེ་རིང་གཞི་ནས་ངོ་ཐུག་བྱུང་བ་དགའ་བོ་བྱུང། གནད་དོན་གླེང་མོལ་ནང་ཞུགས་པ་དེ་བས་ཀྱང་དགའ།

ཤར་ཕྱོགས་ཁུག་རྟ། ང་ཚོའི་༼བསམ་འཆར༽་མཐའ་འཁྱོངས་གསུམ་ཟེར་བར་འགལ་འདུག་ཚུལ་བཤད་ཡོད་པ་རེད། མཐའ་འཁྱོངས་གསུམ་ལ་འགལ་ཡོད་མེད་རྩ་ཁྲིམས་རང་དང་སྦྱར་ནས་རྩོད་པ་རྒྱག་སྐབས། རྒྱ་ནག་གཞུང་ལ་ཡ་ལན་ཚུལ་མཐུན་ཞིག་ཡོད་པ་མ་རེད། རྩོད་གཞི་དེ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱ་ཕྱོགས་ཐད་གོ་འཛོལ་བྱུང་འདུག་ཚུལ་བསྙད་ཀྱི་ཡོད།

ཤར་ཕྱོགས་ཁུག་རྟ། འཇམ་གཅེས་ལགས། རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་དེའི་འབྲུ་དོན་མང་པོས་ང་ཚོའི་མངོན་འདོད་གཞི་རྩའི་ཆ་ནས་སྐོང་ཐུབ་ཀྱི་ཡོད། དེ་གསལ་བཤད་བྱས་ཟིན་པའི་གནས་ཚུལ་ཞིག་རེད།་ཡིན་ནའང། རྩ་ཁྲིམས་ལ་བཟོ་བཅོས་དགོས་པའང་དུས་ནས་དུས་སུ་ཡོང་སྲིད་པར་བཤད་ཡོད་ལ། གནད་དོན་བྱེ་བྲག་པའི་ཐད་འགྱུར་གཏོང་དགོས་ཚུལ་བཤད་ཡོད། དཔེར་ན། ས་གནས་རང་སྐྱོང་གི་ས་མཚམས་བཅོས་བསྒྱུར་སོགས་རེད།

ཤར་ཕྱོགས་ཁུག་རྟ། ༼ང་ཚོས་རང་སྐྱོང་རྩོད་བཞིན་པའི་གནས་བབ་ད་ལྟ་གང་དུ་སླེབས་ཡོད་༽ཅེས་པའི་བརྗོད་གཞིའི་སྟེང་མཐོ་སློབ་ཁག་ཅིག་གི་རེ་འདུན་ལྟར། ངས་ཞིབ་འཇུག་གཏམ་བཤད་ཐབས་ཆག་ཅིག་ཕྱི་ཚེས ༢༩ ནས་མགོ་འཛུགས་ཀྱི་ཡོད། མགོ་འཛུགས་ས་དེ་བྷ་རོ་ཏྲ་ནས་ཡིན། ངའི་ཆེད་རྩོམ་འདིས་གནད་དོན་མང་པོ་ཁ་གསལ་རུ་དང་གོ་བདེ་རུ་བཏང་ཁུལ་ཡིན། སྐབས་དེར་ང་ཚོར་འདི་ལས་བགྲོ་གླེང་ཞིབ་ཚགས་ཡོང་བའི་རེ་བ་ཡོད།

འཇམ་གཅེས རྒྱ་དམར་སྲིད་གཞུང་གི་བྱེད་ཐབས་ཆེས་མང་པོ་ཞིག་ནི་སོ་སོའི་རྩ་ཁྲིམས་ནང་གསལ་མིན་ལ་མ་ལྟོས་པར་གནད་དོན་མང་པོ་ཞིག་སྣང་མེད་དུ་འཇོག་གི་ཡོད་པ་རེད། ཡིན་ཡང་དེ་ཚོ་གཞུང་གིས་ཁྲིམས་དང་འགལ་བ་རེད་ཟེར་ནས་དོན་འབྲས་སོན་པའི་གནོན་ཤུགས་ཞིག་ཕྱི་ནང་སུས་ཀྱང་དེ་སྔར་ད་བར་དུ་སྤྲོད་ཐུབ་མཁན་བྱུང་མེད་ལ་ཕྱིས་སུ་ཡང་ཁག་པོ་ཡིན་པས་དེ་ལས་ང་ཚོའི་ངོས་ནས་སོ་སོའི་ཁེ་ཕན་ཆེད་དུ་ཐབས་ཤེས་གཞན་ཞིག་བཙལ་དགོས་པ་མིན་ནམ་་་་་་་་་་་་་

ཤར་ཕྱོགས་ཁུག་རྟ། ང་ཚོས་ཚོད་དཔག་ག་འདྲ་ཞིག་བྱ་ནའང། དེ་ལ་ངེས་པར་དུ་གཞི་རྩ་ཡོད་དགོས། རྒྱ་ནག་ནང་གི་རྙོག་གླེང་ང་ཚོར་དེ་ཙམ་ཞིབ་ཆ་མེད་ཀྱང། ས་བྱི་ཞི་རྒོལ་གྱི་བྱུང་རིམ་ཧྲིལ་བོ་དང་དེའི་ནང་མཉམ་ཞུགས་གནང་བའི་བོད་མི་ཕྱིས་སུ་རྒྱ་གར་དུ་འབྱོར་བ་དེ་ཚོའི་ས་ནས་གང་ཐུབ་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན་ན། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་འཕྱར་བའི་འཐབ་རྩོད་ཁག་ཅིག་ལ་མཐའ་གཅིག་ཏུ་དྲག་གནོན་གཏོང་རྐྱང་བྱས་མེད་པའི་རིགས་ཤིག་ཐོན་འདུག སྒེར་བ་དེ་འདྲ་ལའང་ཉམས་མྱོང་བྱུང་འདུག དེ་ཙམ་དུ་མ་ཟད། སྐད་ཆ་བཤད་དུས་ཀྱང་ཅུང་ཙམ་འགྲོ་ས་ཡོད་པ་ལྟ་བུའི་ཚོར་བ་བྱིན་འདུག ད་དུང་ང་ཚོས་ཡུལ་དངོས་ཀྱི་དོན་དག་མ་ཤེས་པ་མང་པོར་སོང་ཙང། ང་ཚོའི་ཆབ་སྲིད་ཐད་ཀྱི་བརྗོད་ཚིག་ལ་ངེས་པར་དུ་སྔོན་འགྲོའི་ལྟ་ཞིབ་ཀྱི་རིག་པ་གཟེངས་སུ་ཐོན་པ་ཞིག་དགོས་ཀྱི་འདུག

ཤར་ཕྱོགས་ཁུག་རྟ། ཡ་དྲ་གྲོགས་ཚོ། ལས་ཁུངས་གྲོལ་ནས་ཆུ་ཚོད་ཕྱེད་ཀར་ངོ་དེབ་མྱུལ་བའི་དུས་ཚོད་རྫོགས་སོང། ཁང་ཆུང་གཡར་མའི་ནང་ལོག་འགྲོ་ཡི་ཡིན། རྗེས་སུ་མོལ་ཆོག།

ཤར་ཕྱོགས་ཁུག་རྟ། མདོ་དོན་རྒྱ་ནག་གི་རྩ་ཁྲིམས་དམར་ཕྱོགས་ཚོགས་པའི་རྩ་ཁྲིམས་སུ་མཁྱེན་རྟོགས་བྱུང་བ་ཚོས། དབུ་མའི་ལམ་ནས་མིང་དོན་མཚུངས་པའི་རང་སྐྱོང་རྩོད་མཁན་ཚོས་ཀྱང་རྒྱ་ནག་གི་རྩ་ཁྲིམས་ཁ་དོག་དམར་པོ་ཡིན་པ་ཙམ་ལ་ཆ་མ་བཞག་པར། དོན་ཅི་བཞིན་ཤེས་པའི་སྟེང་ནས་སྒྲོམ་གཞིའི་ནང་འདུག་རྒྱུར་གདམ་ག་བྱེད་ཀྱི་ཡོད་པའང་ཞོར་དུ་ཤེས་པ་ཡིན་ན། བཤད་རྒྱུ་གཏམ་རྒྱུ་བཟོ་བའི་འགྲོ་སྟངས་དེ་རང་སྲེག་གཏོང་དགོས་པའང་ཐུགས་ལ་ལོས་ཤར་འདོད་དོ།།

Jampal Gyaltsen རྩ་ཁྲིམས་འདིའི་རྒྱབ་ཤ་དམར་པོ་ཡིན་པའི་ཆ་ནས་དམར་༼ཕྱོགས་༽ཤོག་ཚོགས་པའི་རྩ་ཁྲིམས་རེད་ཅེས་བཤད་ཀྱི་ཡོད་པ་འདྲ། ཞེས་ཟེར། དེར་ཁུངས་ཇི་ཙམ་ཡོད་མེད་ངས་མི་ཤེས་ཀྱང་དེ་ཙམ་གྱིས་ཆོས་ཅན་དུ་འཛིན་ནས་དམར་གཞུང་གི་རྩ་ཁྲིམས་ལ་དག་ཐེར་བཏང་བ་ནི་མ་འཚམས་པ་ཞིག་རེད། རྒྱ་ནག་དམར་གཞུང་གི་རྩ་ཁྲིམས་འདིས་རྒྱ་ནག་རྒྱལ་ཡོངས་མི་དམངས་ཀྱི་མི་རིགས་ཁག་ལྔ་བཅུ་ལྷག་ཙམ་གྱི་མངོན་འདོད་དང་དགོས་མཁོའི་བདེ་དོན་ཇི་ཙམ་སྒྲུབས་ཐུབ་མིན་དང་ལག་ལྟར་ཇི་ཙམ་བྱེད་ཀྱི་ཡོད་མེད་གང་ལྟར། དེར་དགག་བཞག་གི་ཀླན་ཀ་འཚོལ་བ་ནི་རྒྱ་ནག་རྒྱལ་ཁོངས་ཀྱི་མི་རིགས་ཁག་ལ་མ་གཏོག་མེད། ཞེས་རྒྱ་ནག་དམར་གཞུང་གི་ལྟ་གྲུབ་ཀྱི་ལངས་ཕྱོགས་དང་ཕྱིར་སྒྲགས་ཀྱི་སྲིད་ཇུས་ཀྱང་རེད། རྒྱལ་ཁབ་གཞན་གྱིས་དེར་ཀླན་ཀ་བྱེད་མཁན་ཡང་མེད། དེས་ན་་ཕྱིར་སྡོད་བོད་མིས་དེར་རྩོད་ལེན་བྱེད་ཀྱང་ངོ་ཐོག་ཏུ་དོན་ཕན་ལྡན་པའི་འབྲས་བུ་ཞིག་མེད་པ་ནི་མིག་མཐོང་ལག་ཟིན་རེད། གལ་སྲིད་དེར་ཀླན་ཀ་དང་ལོངས་སྤྱོད་ཀྱི་ཕུག་བསམ་ཞིག་ཁྱེད་ལ་ཁ་ཁོག་ཡོད་ཚེ་རྒྱལ་ཁོངས་སུ་གཞུགས་ནས་རྩོད་དགོས་རྒྱུ་དེ་རེད། གཞན་དུ་ན་དེའི་སྐོར་ཇི་ཙམ་བཤད་ཀྱང་ཁ་རླངས་ཕུད་པའི་རྒྱུ་ལས་མེད་པར་ངས་འདོད། ཡང་།༼དེ་རིང་གཙོ་བོ། རྩ་ཁྲིམས་འདི་དམར་ཕྱོགས་ཚོགས་པའི་རྩ་ཁྲིམས་རེད་ཟེར་བའི་སྐད་ཆ་བཟོ་སྟངས་དེ་ང་གད་མོ་ཤོར་བ་ཙམ་ཡིན།༽ ཞེས་ཟེར། རྒྱ་ནག་གི་རྩ་ཁྲིམས་དེ་བཞིན་རྒྱ་ནག་དམར་གཞུང་གི་རྩ་ཁྲིམས་མིན་པའི་གནས་ལུགས་ཞིག་ཤོད་རྒྱུ་ཁག་པོ་རེད། དེ་ནི་ཏང་རྩ་འཛུགས་པུའི་ཚོགས་གཙོ་ཡིས་དབུས་པའི་ཏང་མི་ལྷན་ཚོགས་ཀྱིས་ཏང་གི་སྒྲིགས་ཡིག་གཞིར་བཞག་ནས་གཏན་འབེབ་བྱས་པའི་རྩ་འཛིན་ཁྲིམས་ཡིག་ཞིག་རེད།

西藏自由 Jampal Gyaltsen གྱི་བཀའ་མོལ་འདི་མགོ་འཚོས་མ་སོང།

འཇམ་གཅེས ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ཐོག་ཐོབ་ཐང་རྩོད་མཁན་ཞིག་ཡིན་ཕྱིན་ངེས་པར་དུ་ཤེས་དགོས་པ་དང་རྩོད་དགོས་པ་ནི་རྩ་ཁྲིམས་ཀྱི་འབྲི་དོན་ཁག་ཡིན་པ་ལས་དེ་མིན་འདྲེ་ཤར་སྒོ་དང་ཀླུད་ནུབ་སྒོར་གྱི་དཔེར་ལྟ་དོན་མེད་སྦྱང་བཤད་ལ་དགོས་པ་དེ་ཙམ་མེད། དེའི་ཕྱིར་ཕྱི་ནང་གང་སར་གནས་པའི་བོད་རིགས་ཚོས་ངོས་ནས་ཀྱང་དེ་བཞིན་འབད་བརྩོན་དགོས་གལ་ཆེ།

ཤར་ཕྱོགས་ཁུག་རྟ། བགྲོ་གླེང་མཆན་བུ་འདེབས་དུས། བྲིས་ཚར་མ་ཐག་རང་ངོས་ནས་བསྐྱར་དུ་གང་བསམས་པ་རྣམས་ཡིག་ཐོག་ལ་སླེབས་ཐུབ་ཡོད་མེད་ལ་ལྟ་ཞིབ་ཅིག་བྱས་ན་ཕན་རླབས་ཆེ་བར་སེམས། དེ་མིན། ཡིད་ལ་དྲན་པ་དེ་ཡིག་ཐོག་ཏུ་ཕབས་མ་ཤེས་པས་དངོས་གནས་རང་དྲ་གྲོགས་འཇམ་གཅེས་ཀྱིས་བཤད་པ་ལྟར་འདྲེ་ཤར་སྒོ་གླུད་ནུབ་སྒོ་རང་རེད།

Lunchih Jamyang 弟兄:讨论宪法前,请了解基本的常识非常重要,宪法是国家的根本大法,但是中国宪法是中共为主的党法,初了中国之外,在全世界找不到党凌驾于宪政体系的国家。中共修宪几次,但党在宪法中的地位从来没动摇过。其二,西藏流亡社会实行民主制度感到自豪,但为何要提倡与中共谈判得到自治。专制与民主是水火不容的。比如香港是有自由的,但没有民主的。大家冷静思考一下,我们的提法是否在逻辑上行不同。所以我们寻求的是:1.专制下的自治,就不能提民主。2.民主下的自治,就是推翻中共。以上供大家参考,不带任何主客观的想法。

སྣ་ཚོགས།

Post navigation

Previous Post: བོད་ལ་སྐད་ཡིག་༢༥་དང་། ཁ་སྐད་༢༢༠་འདུག་ཟེར།
Next Post: ངོ་དེབ་སྟེང་”རང་བཙན་གསལ་བསྒྲགས”་ཐད་ཀྱི་ཁ་བརྡ།

Comments (5) on “ངོ་དེབ་སྟེང་གི་༼ རྩ་ཁྲིམས་༽སྐོར་གྱི་ཁ་བརྡ།”

  1. ཅོག་རོང་གི་མྱི། says:
    2013-01-25 at 1:47 am

    ཁྲིམས་ལུགས་ཀྱི་རྨིང་གཞི་མ་ཤེས་པར།
    རྩ་ཁྲིམས་ཀྱི་རང་བཞིན་བཟང་ངན་གླེང་།
    འཛིན་སྐྱོང་གི་སྲོལ་རྒྱུན་ལ་རྨོངས་ནས།
    ཁྲིམས་འཛིན་གྱི་གཏམ་འཆལ་སྤེལ་ལ་དགའ།

    རྩ་ཁྲིམས་ཀྱི་བཟང་ངན་རྒྱབ་ཤ་ལ་ལྟོས་ནས་མིན།
    རྩ་ཁྲིམས་ཀྱི་ཡོན་ཏན་འཇའ་ལྟ་བུའི་ཚིག་འབྲུ་ཡང་མིན།
    ལས་སུ་རུང་ཞིང་རང་གི་ལུགས་དང་མཐུན་པ།
    རྡོ་ཆག་བཙན་གྱིས་མི་སྒྲིག་དེ་ནི་རྩ་ཁྲིམས་ཡིན།

    དེ་བས་བཙན་བྱོལ་གྱི་རྩ་ཁྲིམས་ནས་རྨིང་རྡོ་མེད་པའི་འཇའ་གུར་ཡིན།
    རྒྱ་ནག་གི་རྩ་ཁྲིམས་ནི་སྤང་ལ་བཏང་བའི་ལྕི་བ་ཡིན།
    གང་བཟང་གང་ངན་ལྕི་འདམ་ནས་ནར་གསོན་པའི་མི་བུ་མ་གཏོགས།
    པ་ལེ་བོ་ལས་བྱུང་བའི་ཨ་གསར་དག་གི་བློ་ཡི་སྤྱོད་ཡུལ་མིན།

  2. རུ་ཤུལ་བུ་ says:
    2013-01-25 at 2:32 am

    ངས་བལྟས་ན་འདི་ལྟར་དཔྱད་ཞིབ་བྱས་ན་བཟང་གི་སྙམ། མི་སུ་ཡིན་ཡང་དང་པོ་ནས་ཐམས་ཅད་ཤེས་ནི་གཅིག་ཀྱང་མེད། བསམ་ཚུལ་བརྗེ་རེས་དང་དོགས་འདྲི་བྱེད་རེས་བྱས་ན་ཁྱེད་ཀྱི་ཤེས་པ་ངས་མ་ཤེས་མང་ལ་ངའི་ཤེས་པ་ཁྱེད་ཀྱི་མ་མཁྱེན་པ་མང་པས་སོ།

  3. འཛུམ་ཤུལ་ཐབས་མཁས། says:
    2013-01-25 at 11:18 pm

    ༢༠༠༨ཀྱི་ས་གནས་ཀྱི་དངོས་ཡོད་གནས་ཚུལ་གསར་འགྱུར་རྒྱུད་ལམ་ཁག་ཏུ་ཞུ་མཁན་བླ་བྲང་རྒྱུད་སྟོད་འཇིགས་མེད་རྒྱ་མཚོ་ཁོང་༢༠༡༡ལོའི་ཟླ་༨ཚེས་༡༩ཉིན་ཀན་ལྷོ་ཁུལ་དུ་ཐེང་བཞི་བར་འཛིན་བཟུང་ཡོད་པ་ཁོང་གིས་ཡང་བསྐྱར་ཁྲིམས་རྩོད་གནང་དགོས་པར་བཀག་ཉར་ཁང་དུ་ཁོང་ལ་འཁྱུག་ཙམ་ཐུགས་འཕྲད་མྱོང་མཁན་ཞིག་གིས་བཤད་པ་སོགས་ལ་བཞིགས་ན་ཁྲིམས་ཐོག་གི་ཐབས་རྩོད་ནི་གཏན་ནས་ཡིད་ཆེས་མི་རུང་བ་ཞིག་མིན་པ་དང་ང་ཚོར་ལམ་སྟོན་ཞིག་དང་བལྟ་རྒྱུ་ཞིག་བཞག་ཡོད་པར་སྙམ།འདི་ནི་རྒྱང་བལྟ་བྱས་ནས་བཤད་པ་ཞིག་མིན་པར་དངོས་ཡོད་ཐབས་རྩོད་ཀྱི་ལམ་ལ་ཞུགས་ནས་འགྲོ་བཞིན་པའི་ཉམས་མྱོང་དེ་ཡིན་པར་སྙམ།

  4. ཤར་ཕྱོགས་ཁུག་རྟ། says:
    2013-01-25 at 11:29 pm

    ངས་གོང་དུ་བཤད་པ་ལྟར་རྩ་ཁྲིམས་དང་བཅའ་ཁྲིམས་དང་མཐུན་པ་བྱས་ན་ཅུང་འགྲོ་ས་ཡོད་པར་བཤད་པ་དེ། ས་བྱི་ཞི་རྒོལ་ཆེན་མོའི་ནང་བྱས་རྗེས་ཆེ་བའི་ཆབ་སྲིད་བཙོན་ཟུར་འཛུམ་ཤུལ་ཐབས་མཁས་ལགས་ནས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། ཡུལ་དངོས་ཀྱི་བྱུང་རིམ་རྣམས་ཚོད་དཔག་དང་ཚོར་བ་རྐྱང་རྐྱང་གི་རྗེས་སུ་འགྲོ་མཁན་ཚོར་གསུངས་རྒྱུ་ནི། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་གཅིག་ཏུ་སྒྲིལ་རྒྱུར་ཕན་རླབས་ངེས་ཅན་འདུག།

  5. མྱི་དཀར་ says:
    2013-01-27 at 10:23 am

    ཁུ་རྟ་ལགས་ཀྱིས་གསུངས་བ་བདེ་པ་རེད་ཁྲིམས་ཀྱི་སྒྲོམ་གཞི་དང་ཁྲིམས་ཀྱི་གཞུང་ལུགས་ལ་བསྟུན་དགོས་བ་ཧ་ཅང་གི་གལ་ཆེན་རེད་དེ་ཡང་ཐོག་མར་གཞུང་ལུགས་དེ་ལ་སློབ་སྤྱོང་དང་དཔྱོད་ཤེས་བྱེད་པའི་ཐོག་ནས་འགོ་རྩམ་དགོས་ཁ་བདེ་ལྕེ་བདེ་འབྲི་བདེ་རྩོད་བདེ་ཙམ་གྱི་ཕན་ཐོག་མཐོང་མ་སོང་སྤྱིར་བཏང་བོད་པ་སྤྱི་དང་ལྷག་པར་བཙུན་སྡེ་དག་ན་ད་རུང་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་སྟངས་ལས་སད་ཁགས་པོ་རེད་སྤྱིར་རྨོངས་གཉིད་ལས་སད་པ་ལ་་མ་ཧ་གན་དྷིས་་་་གཡས་གཡོན་དུ་ཕྱིན་པ་་་་ཅུང་ཡིད་མི་བདེ་བ་་་་གཉིད་ལེགས་པར་སད་པ་ལ་དུས་ཚོད་ཅུང་འགོར་བ་ཡིན་བཅས་གསུངས་བ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme