Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངོ་དེབ་ལས་ཉེན་ཁ་ཞིག

Posted on 2013-08-14 By ཁ་བརྡ་ 1 Comment on ངོ་དེབ་ལས་ཉེན་ཁ་ཞིག

ཐེ་བོ་སངས་རྒྱས།

སྤྱིར་དོ་ཞག་དྲ་ཐོག་ནས་གནས་ཚུལ་འདྲ་མིན་ལྷགས་ཀྱི་ཡོད་པས་དེ་ལ་སྤྱི་སྒེར་གཉིས་ཀས་སྣང་མེད་བྱ་སར་མི་འགྲོ། ཨ་རིའི་ཧ་ཝར་ཌི་སློབ་གྲྭ་ཆེན་མོའི་Harvard University སློབ་མ་མཱར་ཁི་རྫུག་ཁེར་བྷེར་ Mark Zuckerberg གྱིས་དང་ཐོག་སློབ་གྲོགས་ཕན་ཚུན་བར་ངོ་ཤེས་གྲོགས་སྒྲིག་གི་འབྲེལ་བ་བྱེད་སར་དམིགས་ཏེ། ཕྱི་ལོ་2004ལོར་གསར་གཏོད་བྱས་པའི་ངོ་དེབ་Facebook ལ་མཚོན་ན། མི་སྒེར་དང་ཚོགས་པ་རྣམས་ཀྱིས་འབྲེལ་ལམ་འཛུགས་ས་སྟབས་བདེ་བའི་ཐོག་དྲ་ངོས་དེར་ལས་རིགས་འདྲ་མིན་ཐད་མཁོ་གལ་ཆེ་བའི་ལེ་ཚན་མང་བ་དང་། ཞིབ་ཚགས་པ། སྤུས་ཀ་དག་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་དུས་ཡུན་ཐུང་ངུའི་ནང་ཁྱབ་བརྡལ་ཆེ་བ་རྒྱལ་སྤྱི་ཅན་དུ་ཆགས། དེང་སང་རྒྱ་གར་ནང་གཅིག་པུར་མི་ས་ཡ་བརྒྱད་ཅུ་གྱ་གཉིས་ཀྱིས་ངོ་དེབ་བེད་སྤྱོད་གཏོང་གི་ཡོད་པ་ཁྱོད་ཀྱིས་གོ་ཨེ་མྱོང་། ངས་འདིར་བཤད་འདོད་པ་ནི་མི་མང་ཆེ་བས་སོ་སོའི་ངོ་དེབ་དྲ་བྱང་ ID ་ལ་གསང་ཨང་བརྟན་པོ་ཞིག་ཡོད་ན་དྲ་ཐོག་བདེ་འཇགས་ཐད་བློ་བདེ་བག་ཕེབས་ཡིན་བསམ་གྱི་ཡོད་ཚོད་རེད།
ཡིན་ནའང་དྲན་རྒྱུ་རྒོད་པོ་རེས་དམིགས་ཡུལ་ངེས་ཅན་སླད་གཞན་གྱི་འདྲ་པར་དང་མིང་སོགས་བརྐུ་བཤུའི་ལམ་ནས་ངོ་དེབ་དྲ་བྱང་གསར་བ་རེ་བཟོས་ཏེ། མི་དེ་ཡིན་ཁུལ་གྱིས་དེའི་གྲོགས་པོ་ཚོར་འཇབ་རྒོལ་གྱིས་མགོ་སྐོར་བའི་འཁྲབ་སྟོན་སྣ་ཚོགས་བྱེད་ཀྱི་ཡོད་པ་གོ་རྒྱུ་འདུག དཔེར་མཚོན་གཅིག་ཞུས་ན། མི་ཆེ་གེ་མོས་ཐབས་ལམ་འདྲ་མིན་ཐོག་ནས་ཁྱོད་ཀྱི་དངུལ་ཁང་གི་དེབ་ཨང་བསླུ་བྲིད་ཀྱིས་ལེན་ལ་བརྩོན་པ་ལྟ་བུ་རེད། གལ་སྲིད་ཁྱོད་ཀྱི་དངུལ་ཁང་གི་དེབ་ཨང་དེ་ཚོའི་ལག་ཏུ་ཤོར་ན་ཁྱོད་ཀྱི་དངུལ་སྒོར་ཀླད་ཀོར་བཟོ་བ་ཐག་ཆོད། གནས་ཚུལ་དེ་རིགས་ནི་ངོ་དེབ་གཅིག་པུའི་ཁྲོད་ནས་མིན་པར་གློག་འཕྲིན་Emailཁ་བྱང་ནང་དུའང་ཡོང་གི་ཡོད། དེ་ནི་ཁོ་བོས་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་ཉམས་མྱོང་དངོས་ལས་ར་འཕྲོད་བྱུང་བས། རྗེས་མར་སུ་དང་སུ་ཡིན་རུང་ངོ་ཤེས་གྲོགས་པོ་ཚོའི་དྲ་བྱང་གསར་བའི་ཐོག་ནས་གྲོགས་སྒྲིག་རེ་སྐུལ་བྱེད་པའམ་དོགས་གཞི་ཅི་རིགས་བྱུང་ཚེ་སེམས་ཆུང་བྱོས།
སྣ་ཚོགས།

Post navigation

Previous Post: ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་ཐེངས་བཞི་པའི་སྐབས་ཀྱི་སྙན་ངག་པ་རྣམས་ཀྱི་དགོངས་ཚུལ་དང་སྙན་ངག
Next Post: ཡུལ་ཤུལ་དགེ་འབྲོང་རྫ་སྟོད་རྫོང་དུ་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ།

Comment (1) on “ངོ་དེབ་ལས་ཉེན་ཁ་ཞིག”

  1. གནམ says:
    2013-08-14 at 6:36 am

    ཁྱེད་ཀྱི་ཚེ་ལོ་རྐུན་མར་ཤོར་ཚར་ཕྱིན། མྱི་ཚེ་གང་བོར་གསང་ཡིག་ཅི་ཙམ་བརྗེས་བ་ཡིས་ཁྱེད་ཉིད་ནམ་ཡང་སྐྱོབས་མི་ཐུབ་པ་རེད། ད་བྱས་དུས། སངས་རྒྱས་ཉིད་ཀྱི་སྒོར་མོ་ཚེ་གང་བོར་ཁུག་དུའི་ནང་ལ་བསྡུས་ནས་སྐེ་ལ་གོན་མ་བསྡད་ན་མ་གཏོགས་གཞན་རྐུན་མའི་ལག་ནས་མི་ཐར་ཁོ་ཐག་ཡིན། ཨ་ཁ་ཁ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme