Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངེས་པ་དོན་གྱི་ཞི་བདེའི་ལམ་སྟོན་པ་རྗེས་དྲན།

Posted on 2013-12-082013-12-08 By སྤོབས་པ་མཐའ་ཡས། 27 Comments on ངེས་པ་དོན་གྱི་ཞི་བདེའི་ལམ་སྟོན་པ་རྗེས་དྲན།

སྤོབས་པ་མཐའ་ཡས།
(མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་རྩོད་ལེན་པའི་དབུ་ཁྲིད་རླབས་ཆེན་ནེལ་སོན་མན་དྷེ་ལ་སྐུ་གཤེགས་པར་མྱ་ངན་ཞུ།)

རྐུན་མའི་རྒྱབ་ལ་ཇག་པ་ལངས་ཏེ་ཕྱུག་པོའི་ཁྱིམ་གཞིས་གཏོར་བའི་ཉིན།།
ཚོང་པའི་རྒྱབ་ལ་དམག་དཔུང་བཏང་སྟེ་དྲང་པོའི་ཕ་ནོར་འཕྲོག་པའི་ཉིན།།
དོན་གྱི་བདག་པོ་ཡུལ་གྱི་མི་མང་ཐར་མེད་ཚེ་གཡོག་བཀོལ་བའི་ཉིན།།
ཁྱོད་དང་ཁྱོད་འདྲའི་ཁྲེལ་ཡོད་རེ་རེས་བདེན་པའི་རིན་ཐང་གསལ་དུ་བཏང་།།

རྫུན་གྱི་རྒྱབ་ལ་རྫུན་གྱིས་བསྐྱོར་ནས་བདེན་པའི་རིན་ཐང་བཅོམ་པའི་དུས།།
ཁྲམ་པའི་ཕུགས་ལ་ཁྲེལ་མེད་ཞུགས་ནས་ངན་པ་ངོ་སོ་མཐོ་བའི་དུས།།
རྡར་མའི་རྗེས་ལ་ཅོལ་ཆུང་བྲོས་ནས་རང་ཁྱིམ་བདག་མེད་ལུས་པའི་དུས།།
ཁྱོད་དང་ཁྱོད་འདྲའི་དཔའ་བོ་རེ་རེས་རྒྱལ་ཁའི་བ་དན་མཐོང་དུ་བཅུག །

མི་ལོ་ཉི་ཤུར་བཙོན་དུ་ལུས་པ་བདེན་པ་གླེང་བའི་ནག་ཉེས་རེད།།
བདེན་དོན་རྩོད་ལ་ཕྱིར་བཀྱེད་མེད་པ་སྙིང་སྟོབས་ཅན་གྱི་གཤིས་ཀ་རེད།།
སྙན་པའི་གྲགས་པས་འཛམ་གླིང་ཁྱབ་པ་བྱས་རྗེས་ཆེ་བའི་གྲུབ་འབྲས་རེད།།
ཁྱོད་དང་ཁྱོད་འདྲའི་སྐྱེས་བུ་དེ་འདྲ་འཇིགརྟེན་མི་ཡི་རྩེ་ཕུད་རེད།།

ལྤགས་པའི་མདོག་གི་ཁྱད་པར་ཙམ་གྱིས་མི་ཡི་དཀར་ནག་གླེང་བའི་སྲོལ།།
གླིང་དང་གླིང་གི་སྐྱེས་ཁུངས་ཙམ་གྱིས་མི་ཡི་མཐོ་དམན་འབྱེད་པའི་ལུགས།།
རིགས་དང་རུས་ཀྱིས་དབྱེ་བ་ཙམ་གྱིས་བཟང་ངན་གྲལ་རིམ་འབྱེད་པའི་ཆོས།།
ཁྱོད་དང་ཁྱོད་འདྲའི་དཔྱོད་ལྡན་དག་གིས་གད་སྙིགས་ནང་དུ་ཕངས་མེད་དོར།།

ཐོབ་དང་གོ་ས་ནོར་གྱིས་བླུ་བའི་སྲིད་འཛིན་བརྒྱ་ཡིས་འགྲན་ནུས་མིན།།
དཔལ་འབྱོར་ཡོང་ཁུངས་གཡོ་སྒྱུས་འཕྲོག་པའི་སྲིད་བློན་སྟོང་དང་བསྡུར་ཐབས་མེད།།
ཉམ་ཆུང་སྲོག་ལ་རྩེད་ཆས་བྱེད་པའི་དམག་དཔོན་དག་དང་མི་མཚུངས་པའི།།
འཚེ་མེད་ཞི་བདེའི་དེད་དཔོན་ཁྱོད་ནི་ངེས་པ་དོན་གྱི་དབུ་ཁྲིད་ཡིན།།

སྙན་ངག

Post navigation

Previous Post: ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།
Next Post: ལྷ་མོ་དོན་གྲུབ་ལ་འཚམས་འདྲི་སྐར་ཆེན་ལྷག་པའི་འོད་སྣང་།

Comments (27) on “ངེས་པ་དོན་གྱི་ཞི་བདེའི་ལམ་སྟོན་པ་རྗེས་དྲན།”

  1. དྲན་དཀར་དཔལ་ཡོན་ says:
    2013-12-08 at 4:27 am

    སྤོབས་པ་མཐའ་ཡས་ཀྱི་སྤོ་སྤོ་ལགས། ཀུན་ཁྱབ་སེམས་ཁུར་གྱི་སྤོ་སྤོ་ལགས། འཛམ་གླིང་གི་ཆབ་སྲིད་བཙོན་པའི་སྤོ་སྤོ་ལགས།

    ང་ཚོས་ཁྱེད་ཀྱི་འབྲང་སྟེ་སེམས་སྟངས་རྗེས་དྲན་ཞུ་ནུས་ཀྱང་ཁ་ཙམ་གྱི་ལོས་ཞུ། ལོས་ཞུ། འདད་ཞུ་ཨོཾ་མ་ཎི་པདྨེ་ཧཱིཾ།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-12-08 at 5:06 am

    དཀར་པོས་ནག་ས་བཟུང་བའི་དུས་རབས་དང་། །
    དཀར་པོས་ནག་པོར་བརྙས་པའི་ཁྲིམས་བཅས་དུས། །
    ནག་པོ་ཡར་ལ་འདྲེན་མཁན་དཔའ་བོ་ཁྱེད། །
    ནག་པོས་དཀར་པོར་མ་སྡང་བྱེད་པོ་ཁྱེད། །
    ཁྱེད་མཆོག་ད་ལྟ་འདས་པར་མྱ་ངན་ཞུ། །

  3. དྲན་དཀར་དཔལ་ཡོན་ says:
    2013-12-08 at 6:24 am

    སྤོབས་པ་མཐའ་ཡས་ལགས།
    ཡག་བྱུང་ཞུས་པ་ཡིན། ད་དུང་ཁོང་གི་ཅི་མཛད་མདོར་བསྡུས་རེ་ཞུ་ཐུབ་ན་ལོས་ཡག་ཡང་ངས་ནི་བྱུང་མ་སོང་།

  4. བྱམས་པ། says:
    2013-12-08 at 6:41 am

    སྤོབས་མཐའ་ལགས། རྡར་མ་ཞེས་པ་སྡར་མིན་འགྲོ།

  5. ཨ་ཕྱི་ཆོས་སྒྲོན says:
    2013-12-08 at 6:48 am

    དཔའ་བོ་ཟེར་བ་དེ་དངོས་ནས་ཁོ་རེད་འདུག ཞི་བདེའི་གཟེངས་རྟགས་ཕུལ་བ་ནི་དོན་ལ་གནས་འདུག་སྙམ།

  6. ལྷ་སྡེ་གནམ་ལོ་ཡག says:
    2013-12-08 at 7:47 am

    འདས་པོ་ཁོང་གིས་བཙོན་ནང་དུ་མི་ལོ༢༧མནར་གཅོད་མྱངས་པའི་ལོ་རྒྱུས་ལ་བརྩི་བཀུར་ཞུ་འོས་ཀྱང་། སྲིད་འཛིན་རེག་པ་ནས་སྲིད་ཟུར་གནང་རིང་གི་བྱས་པ་ཁག་ཅིག་ལ་ལགས་སོ་ནམ་ཡང་ཟེར་ཐབས་བྲལ། དཔེར་ན། སྲིད་དབང་སྒེར་གཅོད་པའི་དབང་འཛིན་པ་ཁག་ལ་གཟེངས་རྟགས་ཕུལ་བ་དང་། ཐའེ་ཝན་དང་རྒྱལ་འབྲེལ་བཅད་པ། རྒྱལ་བ་རིན་པོ་ཆེ་ལྷོ་ཨ་ཧྥེ་རི་ཁར་ཕེབས་པའི་ཐོངས་མཆན་བཀག་པར་མི་སྨྲའི་རྟུལ་ཞུགས་བཟུང་བ་བཅས་ནི་བྱས་ངན་ཡིན་པས། ལོ་རྒྱུས་ཀྱིས་ག་དུས་ཀྱང་ངན་བྱས་དོར་གྱི་མ་རེད་ལ། བྱས་རྗེས་བརྗེད་ཀྱིའང་མ་རེད།

  7. བན་དེ་བ། says:
    2013-12-08 at 9:56 am

    ཆོས་ལུགས་མི་རིགས་མཛའ་བར་དགའ་བའི་དཔའ་བོ་ལགས།
    ཁྱེད་ཀྱི་ཆམ་མཐུན་དངོས་གྲུབ་སི་དྷི་འདི་ཚོར་སྩོལ།
    ཀུན་ལ་བྱམས་ཤིང་བརྩེ་བར་དགའ་བའི་མ་མ་ལགས།
    ཁྱེད་ཀྱི་འཚེ་མེད་ཞི་བདེའི་དངོས་སྒྲུབ་འདི་ཚོར་སྩོལ།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-12-08 at 10:01 am

    སྤོབས་པ་མཐའ་ཡས་མཆོག་གིས་རང་གི་མགོ་འཁྲིད་ཙམ་ལ་མ་ཡིན་པར་ནག་པོའི་མགྲོ་འཁྲིད་ལ་ཡང་བསྔགས་བརྗོད་ཀྱི་ཚིགས་སུ་་བཅད་པ་ལ་གཟེངས་བསྟོད་ཡོད་དགོས། འོན་ཀྱང་ཚིགས་བཅད་འགའ་རེ་ན། ཡི་གེ་མ་དག་པའི་ཤིག་དང་སྲོ་མ་དག་བསལ་དགོས།

    རྡར་མའི་རྗེས་ལ་ཅོལ་ཆུང་བྲོས་ནས་རང་ཁྱིམ་བདག་མེད་ལུས་པའི་དུས།།
    ལྤགས་པའི་མདོག་གི་ཁྱད་པར་ཙམ་གྱིས་མི་ཡི་དཀར་ནག་གླེང་བའི་སྲོལ།།
    དཔལ་འབྱོར་ཡོང་ཁུངས་གཡོ་སྒྱུས་འཕྲོག་པའི་སྲིད་བློན་སྟོང་དང་བསྡུར་ཐབས་མེད།།
    ་
    རྡར་མའི། ལྤགས་པའི། ཡོང་། སོགས་ཁ་སྐད་ཀྱི་ཤན་ཞུགས།

    གཞན་རྣམས་རྟོགས་སླ་ལ། ལྤགས་པ། ཞེས་པ་ན། ལ་མགོ་སྒྲ་མེད་པས། དེ་ལྟར་བྱུང་བ་ལ་ཁག་མེད། བོད་ཀྱི་ལུང་པ་འགའི་ཁ་སྐད་དུ་ཡང་། ཡི་གེ་མགོ་ཅན་རྣམས་ཀྱི་སྒྲ་འཐོན་པར་འདོན་མཁན་ཡོད། དྲེད་ལྤགས། རྟ་ལྤགས། ཞེས་པ་ལྟ་བུ། པགས་པ་སྒྲ་སྔ་མ་དང་འབྲེལ་ན་ལ་མགོ་དགོས། དེ་མིན་པགས་པ་ལ་འགྱུར་བ་མེད་པ་དགོས་ཏེ། འཕགས་བསྟོད་ན། རི་དྭགས་པགས་པས་ནུ་མ་གཡོན་ལ་བཀབ་པ་པོ། བདག་གི་མ་ལས་བྱིས་པའི་སྐབས་སུ་ཐོས་སོ།

  9. བན་དེ་བ། says:
    2013-12-08 at 10:02 am

    འཚེ་མེད་ཞི་བདེ་ལག་ཏུ་ལེན་པའི་དོན་ཡོད་པ།
    ཁ་ཁོག་གཉིས་མེད་བསྲེ་བའི་དྲང་ཤིང་པ།
    ཁྱོད་ཀྱི་ཞི་བདེའི་འོད་སྣང་ངེད་ཚོར་སྩོལ།

    ཁ་ཡི་མེ་ཏོག་མ་བཞད་ཀྱང།
    སེམས་ཀྱི་ཟེའུ་འབྲུ་ཀུན་ནས་ཕྱུག
    དོན་ཡོད་དོན་མེད་སྐྱེ་བོ་ཡིས།
    གདུང་བའི་མཆི་མ་ས་གཞི་བརླན།

  10. གནམ says:
    2013-12-08 at 10:09 am

    རང་རིགས་ནག་པོར་གཅེས་བའི་ཕ་དམ་པ།།
    ཐབས་ཇུས་སྣ་གཅིག་ཅན་གྱི་བུ་ངར་པོ།།
    གོ་ལ་འདི་ཡི་མ་གཅིག་མ་ཡིན་ཡང་།།
    ཁྱེད་ལ་གུས་པའི་འགྲོ་བ་གང་སར་ཁྱབ།།
    ཨོཾ་མ་ཎི་པདྨེ་ཧཱོུ:

  11. BONPO says:
    2013-12-08 at 10:13 am

    རྐུན་མའི་རྒྱབ་ལ་ཇག་པ་ལངས་ཏེ་བོན་པོའི་ཁྱིམ་གཞིས་གཏོར་བའི་ཉིན།།
    ཚོང་པའི་རྒྱབ་ལ་དམག་དཔུང་བཏང་སྟེ་བོན་པོའི་ཕ་ནོར་འཕྲོག་པའི་ཉིན།།
    དོན་གྱི་བདག་པོ་་བོན་ཡུལ་མི་མང་རང་འདོད་བྲན་གཡོག་བཀོལ་བའི་ཉིན།།
    ཁྱོད་དང་ཁྱོད་འདྲའི་ཁྲེལ་ཡོད་རེ་རེས་བདེན་པའི་རིན་ཐང་གསལ་དུ་བཏང་།།

    དཔེ་མི་སྲིད་པའི་དྲང་བདེན་གྱི་རྗེས་འབྲང་བ་ཚོ་འདི་དོན་ལ་གནས་ཀྱི་འདུག་གམ། །

  12. གནམ says:
    2013-12-08 at 10:28 am

    བོན་པོ་ཟེར་བ་འདིར། ནམ་ཡིན་ཡང་ན་བསྡད་པའི་ན་ཚ་cancerཟེར་བ་དེ་ཡོད་ཐག་ཆོད་རེད་དོ། དེ་མིན། ཉི་མ་གནམ་ཤར་ལ་འདི་དི་མེད་པའི་སྐད་ཆ་རང་བཤད་པས་ཅི་ཕན།

  13. མེ་ཏོག་དཀར་པོ says:
    2013-12-08 at 10:42 am

    སྟོན་པ་མེད་པའི་བསྟན་པ་ཞེས་པའི་ཉི་མ་སེར་པོ་ཤར་བའི་ཉིན།།
    གླིང་འདིར་མེད་པའི་ཡུལ་གྲུ་ཞིག་ནས་མི་བོ་ཆེ་ཞིག་འཁྲུངས་པའི་ཉིན།།
    གཏད་སོ་མེད་པའི་གྲུབ་མཐའ་ཞིག་ནས་གཞི་ལམ་འབྲས་བུ་འཆད་པའི་ཉིན།།
    Bonpoའདྲ་བའི་སྐྱེ་བོ་མང་པོ་ཆུ་བོའི་ནང་ལ་འཆོང་གི་འདུག །

  14. ཨ་ཕྱི་ཆོས་སྒྲོན says:
    2013-12-08 at 10:57 am

    BONPO་ཟེར་བ་འདིས་་། ནམ་རྒྱུན་རྫུན་མ་གཏོགས་ཅི་ཡང་མི་འདུག
    ལན་ཙམ་ཞུས་ན་་་་
    རྐུན་མའི་རྒྱབ་ལ་ཇག་པ་ལངས་ཏེ་བན་དེའི་ཆོས་ལ་བཙན་འཕྲོག་ཉིན། །
    ཚོང་པའི་རྒྱབ་ལ་དམག་དཔུང་བཏང་སྟེ་བསྟན་པའི་ཕ་ནོར་འཕྲོག་པའི་ཉིན།།
    དོན་གྱི་བདག་པོ་རྒྱལ་བ་སྲས་བཅས་སྒྲོ་བཀུར་བྲན་གཡོག་བཀོལ་བའི་ཉིན།།
    ཁྱོད་དང་ཁྱོད་འདྲའི་ཁྲེལ་མེད་རེ་རེས་རྫུན་གྱི་རིན་ཐང་གསལ་དུ་བཏང་།།
    གདོན་གཟུགས་བོན་གྱི་ལ་ཕ་ཆོས་སྨྲ་བ་ཚོ་ངོ་ཚ་ཟེར་བ་མི་འདུག་ཡ།
    དཔེ་མི་སྲིད་པའི་དྲང་བདེན་གྱི་རྗེས་འབྲང་བ་ཚོ་འདི་དོན་ལ་གནས་ཀྱི་མི་འདུག་གམ། །

  15. BONPO says:
    2013-12-08 at 11:05 am

    གནམ་ལགས་ཁྱེད་དེ་འདྲ་འཇོན་པོ་ཞིག་ན་སྔ་རབས་བོད་ཀྱི་ལོ་རྒྱུས་དང་གྲུབ་མཐའི་ཆགས་སྡང་གི་ངན་སྨྲས་བྱས་ཚད་ཀྱི་དེབ་འཕྲེང་ཡོད་དོ་ཅོག་མེ་ལ་རྒྱོབ་ཤོག་དང་དེ་རྗེས་གཞི་ནས་ངས་ན་ཚ་འདི་དྲག་བསྐྱེད་ཡོང་ངེས། །

  16. BONPO says:
    2013-12-08 at 12:03 pm

    སྟོན་པའི་རྒྱལ་པོ་གཤེན་རབ་མི་བོ་གངས་ཅན་པ་ཡི་བསོད་ནམས་ཡིན། །
    སྲིད་མཐའི་བར་དུ་ཁྱེད་ཀྱི་བཀའ་དྲིན་མི་བརྗེད་གསོལ་བ་སྙིང་ནས་འདེབས།
    སྒོ་བཞི་མཛོད་ལྔ་ཐེག་པ་རིམ་དགུ་ཕྱི་ནང་གསང་གསུམ་གཙང་མའི་བོན།
    བོན་པོ་ང་ཡི་སྙིང་གི་ནོར་བུར་མི་ནུབ་རྒྱལ་མཚན་རྟག་བརྟན་ཤོག །

  17. དྲན་དཀར་དཔལ་ཡོན་ says:
    2013-12-08 at 12:07 pm

    སྐུ་ཞབས་BONBOལགས། ་་་་་་་ གང་ལྟར་རྣམ་པ་ཚོས་བོད་ཡིག་ཤེས་ཀ དེ་ཡང་འགྲིག་བྱ། བན་འདེ་ཚོས་མགོ་སེར་ཚོའི་དཀའ་ངལ་སེལ་ཕྱིར་དུ་བཀའ་འགྱུར་བསྒྱུར་གྲོགས་བྱེད་ཀྱིན་ཡོད་པ་རེད། འཚེ་བ་མེད་པ་ཙམ་དུ་མ་ཟད་ཕན་པ་སྒྲུབ་པ་ཡང་རེད། བོན་པོས་བདེན་བཞི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འཕགས་ལམ་ཡན་ལག་བརྒྱད་སོགས་རྐུ་སྦྱོང་ན་བྱེད་ན་འདྲ་རང་སྦྱོང་བྱེད་ནའང་འདྲ་དགའ་དགོས་པ་འདྲ་མོ་རེད། མགོ་སེར་ཚོར་དེ་དག་བསླབ་པའི་ཆེད་དབྱིན་སྐད་སྦྱོང་རྒྱ་མི་ཚོའི་ཆེད་རྒྱ་སྐད་སྦྱོང་ཧོར་གྱི་ཆེད་ཧོར་སྐད་སྦྱོང་དེ་འདྲ་གནང་མཁན་གང་འདྲ་མང་པོ་འདུག བོད་དང་བོད་རིགས་ཚང་མས་འབད་བརྩོན་བྱེད་ཀྱིན་འདུག རང་སྦྱོང་བགྱིས་ན་སེམས་དགའ་བ་བྱོས།

    རིག་པ་མ་བསླབ་ཆེད་དུ་འབད་རྩོལ་མི་དགོས་པར་རྐུས་སོང་ན་དགའ་དགོས་པ་རེད་མོ་ཡ་མཚར་ཁྲོ་ལང་གི་འདུག དགེ་རྒན་གྱིས་བསླབ་དགེ་ཕྲུག་གིས་བརྐུས་སོང་ན་གཏམ་བཟང་རེད་མོ་ཡ་མཚར་རོ། ཡ་མཚར་རོ།

  18. དྲན་དཀར་དཔལ་ཡོན་ says:
    2013-12-08 at 12:23 pm

    ནེ་སོན་མན་རྡེ་ལ་ནི་བན་བོན་གང་ཡང་ཡིན་ནམ། ནང་པ་ཨེ་ཡིན་ནམ། བོན་པོས་ཁོང་ལ་དད་པ་བྱེད་ནུས་སམ།
    བན་འདེས་ཁོང་ལ་དད་པ་བྱེད་ནུས་སམ། ཕྱི་ནང་གང་ཡིན་ནམ།

    ལན་ཏང་ཕྲུག་ཚོས་ཁོང་ཏང་ཡོན་ལ་བགྲང་གི་ཡོད་དམ།

  19. དྲན་དཀར་དཔལ་ཡོན་ says:
    2013-12-08 at 12:27 pm

    ཏང་ཡོན་དང་བན་འདེ་བོན་པོ་གཙོས་པའི་ཆོས་ལུགས་པ་རྣམ་པ་ཚོས་ལན་གནོང་གྲོགས།

  20. བན་དེ་བ། says:
    2013-12-08 at 2:07 pm

    ནལ་སེན་མནཌལ་ལ་ཁོང་ཆོས་ལུགས་དང་མི་རིགས་ཏང་ཡོན་དམར་པོ་གང་ཡིན་རུང་ཁོང་ལ་མོས་གུས་ཆེན་པོ་ཡོད། ཁོང་ནི་ཁས་བཤད་པ་ཙམ་མིན་པར་ལག་ཏུ་ཞི་བདེའི་དར་ཆ་གཤིན་རྗེའི་འཕྲང་ལམ་ནས་འཕྱར་མཁན་ཞིག་རེད། ངོས་རང་ཾཁོང་གི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་གུས་ཞབས་ཞུ་གི་ཡོད། དེ་མིན་ཕྱི་ཚུལ་པདྨོའི་འདབ་མ་ཅན་་ནང་ཚུལ་གདུག་གི་འཚེར་མ་ཅན་དེ་ཚོ་གཅིག་གཅིག་མིག་མིག་ཟེར་ནས་ལྟ་བ་མཐོ་རབས་སྤྱོད་པ་འཚེ་བ་སྤོངས་རབས་ཇི་ལྟར་བཤད་རུང། དང་པོ་ཆོས་རྒྱུད་ཆོས་་ལུགས་ཀྱི་ཆགས་སྡང་། དེ་ནས་ནང་ཁུལ་ཐོབ་གོ་སའི་ཕྲག་དོག་ཅན་དེ་ཚོར་ནམ་ཡང་གུས་ཞབས་མེད་པར་མ་ཟད་དེ་ཚོའི
    ཁ་ནས་ཐོན་པ་དག་ཀྱང་དུག་ཆུ་རང་དུ་བརྩི་བཞིན་ཡོད།

  21. དྲན་དཀར་དཔལ་ཡོན་ says:
    2013-12-08 at 3:43 pm

    ཁོང་ཕྱི་ནང་བརྩད་ན་རྩོད་བགྱིད་ཡོད་ས་རེད། ཉི་མ་འགྲོ་གིན་མེད་ན་ཕྱི་ནང་དང་དེ་ཡང་རང་ལས་གཞན་པའི་གང་ཟག་རྣམས་ཕྱི་ནང་བརྩད་ན་ཉི་མ་འཁྱོལ་འགྲོ་གི་རེད། ཁོང་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་ཁ་དོག་ནག་པོའི་མི་ནང་སྐྱེ་བ་གཅིག་ཡིན་ས་རེད། ཏང་ཡོན་ཡིན་ན་མིན་ན་ཏང་ཡོན་ཚོས་ཕྱོགས་ཙམ་ཤེས་བགྱིད་རེད། འཚེ་བ་མེད་པ་གནང་མཁན་སྐད་གྲགས་ཅན་ཅིག་རེད་ཟེར་གི་འདུག་ག ཁོང་ལ་མོས་གུས་བགྱིས་ན་མི་ཆོག་པ་མི་འདུག་བསམ་གི ཁོང་ཀྲུང་གོར་རུ་སྐྱེས་ཡོད་ན་རྒྱ་ནག་གིས་ཁབ་བརྒྱབ་ཚར་ཡོད་བགྱི་རེད་ཡ། གང་ལྟར་ང་ཚོ་ནང་བཞིན་ཁ་བརྡ་བཤད་ནས་བསྡད་མེད་ཤག་ཤག་རེད་ལགས།

  22. གནམ says:
    2013-12-08 at 4:31 pm

    བོན་པོ་ལགས། དེ་འདྲ་ཞིག་ཡིན་ན། ཁྱེད་རང་ན་བས་མ་ཚད་ཤི་ན་དགའ་ས་རེད། ཧ་ཧ་ཧ།

  23. ཀརྡོ་གཉེར་ཕྱག་པ་ says:
    2013-12-08 at 5:48 pm

    # 21 དྲན་དཀར་དཔལ་ཡོན་་ལགས་ཀྱིས་མཆན་བཏབ་པ།:
    December 8th, 2013 at 3:43 PM
    ཁོང་ཕྱི་ནང་བརྩད་ན་རྩོད་བགྱིད་ཡོད་ས་རེད།
    ཁོང་ཀྲུང་གོར་རུ་སྐྱེས་ཡོད་ན་རྒྱ་ནག་གིས་ཁབ་བརྒྱབ་ཚར་ཡོད་བགྱི་རེད་
    ཞེས་པའི་
    ད་ལྟ་བ་བགྱིད་དང་། མ་འོངས་པ་ལ་བགྱི་ཞེས་འབྲི་སྟངས་འདི་ཤིནད་ཏུ་ཐད།

  24. བསམ་ཤེས། says:
    2013-12-08 at 6:27 pm

    ང་ཚོ་བོད་པའི་ནན་སེལ་མན་ཌ་ལ་ག་པར་ཕྱིན་པ་རས། ག་པར་ཡོད་དམ། སུས་བྱེད་ཕོད་དམ། འབྱུང་འགྱུར་ཡོང་རྒྱུའི་རེ་བ་ཡོད་དམ།

    ཅིའི་ཕྱིར་མི་ནག་ཚོའི་དཀྱིལ་ནས་རང་གི་མི་རིགས་དང་རྒྱལ་ཁབ་ལ་གཅེས་པའི་དཔའ་མཛངས་ལྡན་པ་དབུ་ཁྲིད་འདི་ལྟ་བུར་ཐོན་ཐུབ་དུས། ང་ཚོ་བོད་པའི་ནང་ལ་ད་བར་འཐོན་མ་ཐུབ་པ་དེས་གངས་ཅན་པ་རྣམས་ཅི་ཡིས་ནོངས།

    བོན་པོ་ལགས། གལ་ཏེ་བོད་ས་ཁྱོན་ལ་བོན་གྱི་བསྟན་པ་ཉི་མ་ཤར་བ་བཞིན་དར་དགོས་ན། ཐབས་ཤེས་གཅིག་འདུག བོན་པོའི་འགོ་པ་ཞིག་གིས། མགོ་མེད་པའི་ལུས་སྟོབས་ཆེ་བའི་བོད་པ་འདི་ཚོའི་སྣེ་ཁྲིད། རང་གི་རྒྱལ་ཁབ་འདི་སླར་གསོ་གྱིས་དང་། དེ་ལྟར་བྱུང་ན། བོད་ཚང་མ་བོན་གྱི་ཆོས་ཕྱོགས་ལ་འགྱུར་བར་དཀའ་ངལ་རྩ་བ་ནས་མེད།

  25. BONPO says:
    2013-12-08 at 8:16 pm

    གནམ་ལགས། ད་ཤི་དགོས་ལེ་ཞིག་ཡོད་པ་ཁྱེད་ཀྱིས་ཤེས་གདའ་ད། དེ་ངོ་མ་ཡག་མོ་རེད། དེ་ཤེས་དགོས་ལེ་རེད་ད། བོད་པ་ཚང་མི་མཐུན་འགྲན་རྩོད་ཆང་གི་སྦང་མའི་ནང་དུ་གཡུག་མཁན་དེ་སྔོན་གྱི་མཁས་པ་ཡིན་པར་གྲགས་པ་དེ་ཚོ་རེད། ཁོ་ཚོས་བྲིས་པའི་དཔེ་དེབ་དེ་ཚོ་གཅིག་ཀློག་དང་། བུ་ལུ་ང་ད་ཆུང་ཆུང་མ་ཞིག་རེད་འགྲོ་ལེ་རེད་ཨ་རོགས། །

  26. དྲན་དཀར་དཔལ་ཡོན་ says:
    2013-12-08 at 9:17 pm

    ང་ཚོའི་བོད་ཀྱི་ནེལ་སོན་མན་རྡེ་ལ་རྒྱ་ནག་གིས་བསད་སོང་བ་འདྲ་རེད། བོད་པ་ནང་ཁུལ་ཡོངས་གྲགས་ལྟར་ན་གསུམ་བསད་པ་རེད། ཧའོ་ཡོ་པཱང་ཀྲུང་གོའི་ནེལ་སོན་མན་རྡེ་ལ་རེད། སྐུ་ཞོག་བསྟན་འཛིན་བདེ་ལེགས་མཆོག་ལ་ནེལ་སོན་མན་རྡེ་ལ་དང་འདྲ་ས་ཧ་ལས་པ་ཡོོད། ཀྲུང་གོའི་རྒྱལ་ཁབ་ནང་ཆོས་རྒྱུད་ལ་ཁྱད་པར་མེད། ནེལ་སོན་མན་རྡེ་ལའི་སྤྲུལ་སྐུ་ཡོང་དཀའ་མོ་རེད། བསམ་བཞིན་དུ་སྐྱེ་བ་མ་བླངས་པར་ཏང་ཡོན་ནེལ་སོན་མན་རྡེ་ལ་གཅིག་རྩྭ་ནང་བཞིན་སྐྱེ་བཞག་ན་ཨེ་ཡོང་།

  27. འདྲེ་རྐང་ཐོ། says:
    2013-12-08 at 10:57 pm

    མ་རྩོམ་སྙན་པ་ལ་ཚོད་ཅིག་མི་འདུག་མོད་་་ལྟས་ངན་མཆན་བུ་བ་འུག་རྒན་སྐོར་ཞིག་གིས་འབྲེལ་མེད་འཐེན་སྐད་ཅི་འདོད་སྒྲོག་བཞིན་པར་རང་ཚང་བསྟན་པ་རང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme