Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་སྙན་ངག་འབྲི་མི་ཤེས་དོན།

Posted on 2011-05-20 By ཁ་བརྡ་ 2 Comments on ངས་སྙན་ངག་འབྲི་མི་ཤེས་དོན།

ཕུན་ཚོགས་ཙ་ཡུས།
ངས་སྙན་ངག་འབྲི་མི་ཤེས་པ་དེ་རིང་གསར་དུ་ཤེས་པ་ཞིག་མིན་ལ། ངས་སྙན་ངག་གི་སྡོམ་ཚིག་དང་སྡོམ་ཚིག་དེ་དག་གིས་བསྙད་པའི་བསྟན་དོན་དག་ལ་གསར་དུ་གོ་བ་རྙེད་པ་ཞིག་ཀྱང་ཡེ་ནས་མིན་མོད། ད་ལྟ་རང་ཉིད་ལ་ཞིབ་ཏུ་བསམ་དུས། རང་ཉིད་ཀྱིས་སྙན་ངག་ཏིལ་འབྲུ་ཙམ་ཡང་འབྲི་ཤེས་ཀྱི་མེད་པ་གསལ་བོ་ཤེས་ཐུབ་ཅིང་། བྲིས་ཚར་བའི་སྙན་ངག་གང་ལ་གོ་དོན་ཟབ་མོས་སེམས་ཀྱིས་འགྲེལ་བརྗོད་བྱེད་ཐུབ་ཀྱིན་མེད་པའང་ཤིན་ཏུ་གསལ་བོ་རྟོགས་འོང་།

རྒྱུ་མཚན་ད་ལྟའི་བར་ངས་སྙན་ངག་གསལ་བོ་ཞིག་བྲིས་མ་མྱོང་བ་དང་། རང་ཉིད་ད་ལྟའི་བར་སྙན་ངག་གསོན་པོ་ཞིག་གིས་བསྒུལ་མ་མྱོང་བས་ཡིན་པ་འདྲ་སྟེ། ང་རང་སྙན་ངག་དང་ཉེ་སར་ཇི་ལྟར་བཅར་བ་དེ་ཙམ་གྱིས་རང་ཉིད་སྙན་ངག་དང་རིང་དུ་གྱེས་ཤིང་། མདུན་ངོས་སུ་ཤོག་ཧྲལ་དུ་བཀྲམས་པའི་སྙན་ངག་དག་ཀྱང་རང་ཉིད་དང་བར་ཐག་ངེས་ཅན་གྱིས་ཆོད་པའི་སྣང་བ་ཞིག་གིས་གཏོང་ཐབས་ཁྱོན་ནས་མི་འདུག

སྤྱིར་ང་ལ་མཚོན་ན། ད་ལྟའི་བར་སྙན་ངག་ལ་སེམས་པ་གླན་ཞིང་སྙན་ངག་གིས་ཡིད་འཕྲོག་པར་བྱས་པའི་གཏམ་རྒྱུད་ཀྱང་མང་དག་ཅིག་ཡོད་ལ། དེ་ལྟར་སྙན་ངག་ལ་གདེང་འཇོག་གསལ་པོ་བྱེད་དགོས་པའི་དོན་སྙིང་ངོ་མའང་། སྙན་ངག་གི་མཛེས་གཤིས་དང་། སྙན་ངག་གི་སེམས་གཤིས་དྭངས་མོ་འདི་དག་དང་། སྣང་བ་ཡང་མོ་འདི་དག་ལས་གཞན་གང་ཡང་མེད་ཅིང་། ཡིད་སེམས་གཏིང་ནས་འགུལ་བར་བྱེད་པའི་སྙན་ངག་གི་མཛེས་པའི་བདེན་པ་ཁེ་གཙང་འདི་དག་ལས་གཞན་ཅི་ཡང་མིན།

འོན་ཀྱང་ད་ལྟ་ཞིབ་འདང་རེ་བརྒྱབ་ན། སྙན་ངག་ནི་ངོ་མ་སྙན་ངག་ཅིག་སྟེ། ངས་སྙན་ངག་འབྲི་བའི་སྐབས་གང་དང་མཚམས་གང་དུའང་། རང་ཉིད་སྙན་ངག་གི་བདེན་པ་གསལ་བོ་ཞིག་གིས་སྒུལ་མྱོང་མི་འདུག་ཅིང་། རང་ཉིད་སྙན་ངག་ལ་འོས་པའི་འགྲེལ་བརྗོད་ཀྱང་གང་ཡང་མེད་པས་ན། ཉེ་རབས་ཀྱི་སྙན་ངག་མང་དག་ཅིག་དང་། སྙན་ངག་པར་རློམ་པའི་སེམས་གཤིས་གསོན་པོ་དག་ཀྱང་སྙན་ངག་གི་ཚེག་བར་རེ་རེ་དང་། ཡང་ན་ཐ་སྙད་ཀྱི་ལྷུ་ཚིགས་རེ་རེ་ནས་བོར་འགྲོ་བའི་སྙན་ངག་ཅིག་ཏུ་གྱུར་འགྲོ་བས། དེ་རིང་ངས་རང་ཉིད་ཀྱིས་སྙན་ངག་འབྲི་མི་ཤེས་པ་གཞི་ནས་ཤེས་ཤིང་། རང་ཉིད་སྙན་ངག་གིས་བསྟིམས་མི་ཐུབ་པའང་གསལ་བོ་རྟོགས་བྱུང་།

སྙན་ངག་ནི་ཨ་རག་ཞིམ་པོ་ཞིག་དང་འདྲ་ཞིང་། སྒྱུ་རྩལ་ནི་བཟི་ཁ་བཙན་པོ་ཞིག་དང་ཀུན་ནས་མཚུངས་སྟབས། ངས་སྙན་ངག་གི་ཉིང་བཅུད་འཚག་པའི་སེམས་གཤིས་ཀྱི་ཉེ་སར་བཅར་མི་ཕོད་ཅིང་། སྒྱུ་རྩལ་གྱི་བདེན་པ་འགུག་པའི་སྙན་ངག་གི་མཛེས་པ་འཚོལ་མི་ཐུབ་པ་བཅས་ཀྱིས། ངས་སྙན་ངག་འབྲི་མི་ཤེས་པ་སུ་ལའང་གསང་ཐབས་མེད་ཅིང་། སྙན་ངག་གིས་ང་རང་ཀློག་མི་ཤེས་པའང་ཀུན་གྱིས་ཤེས་ཐབས་དཀའ།

ཁྱོད་ཚོས་སྙན་ངག་འབྲི་བའི་སྐབས་གང་དང་དུས་ནམ་དུའང་། སྙན་ངག་གིས་རང་ཉིད་ཀློག་ཤེས་དཀའ་མིན་ལ་ཕྱིར་འདང་ཡང་ཡང་བརྒྱབ་མྱོང་བ་ཡིན་ན། ངས་ཀྱང་ཁྱོད་ཚོར་སྙན་ངག་གི་ཤོག་ལྷེ་སྟོང་བ་རེ་ཨུ་ཚུགས་ཆེན་པོ་དང་། ང་རྒྱལ་ཆེན་པོས་ཕུལ་ཆོག་ནའང་། སྙན་ངག་གིས་ང་ལ་སྙན་ངག་པའི་དྲང་ཚུགས་ཀྱི་འཚལ་དམ་རྒྱག་མི་སྲིད་པ་བཞིན། སྙན་ངག་གིོས་ཀྱང་ཁྱོད་ཚོར་དུས་གཏན་དུ་གཉེན་ཡིག་ལེན་མི་སྲིད་པ་དོན་དངོས་དང་མི་འགལ་ཚུལ་ཧ་གོ་བ་ཡིན་ན་ཤིན་ཏུ་འོས།

དེ་རིང་དྲ་ངོས་ནས་སྙན་ངག་པ་ཡིན་མདོག་སྟོན་མཁན་ཁྱུ་ཞིག་མཐོང་འཕྲལ་ཤར་མར་བྲིས།

སྣ་ཚོགས།

Post navigation

Previous Post: ༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད།
Next Post: བོད་གཞུང་ཞེས་པའི་མིང་བསྒྱུར་ན་མི་འགྲིག་ཟེར་བ་འདི་འཕྱིས་དྲགས་པ་རེད།

Comments (2) on “ངས་སྙན་ངག་འབྲི་མི་ཤེས་དོན།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-05-26 at 1:27 am

    སྙན་ངག་ལེགས་པར་འབྲི་ཐུབ་པ་ལ་རང་རེ་བོད་སྐད་ལེགས་པར་སྦྱང་དགོས་པ་དང་། སྔོན་གྱི་སྙན་དངགས་པ་མང་པོས་བྲིས་པ་དག་བོད་ཀྱི་རིག་གཞུང་དཔེ་ཆ་དག་ན་བཞུགས་་དག་བདག་རང་གིས་ཀློག་ཅིང་། དེ་བཞིན་གཞན་བོད་ཡིག་ཀློག་པ་པོ་ཀུན་ལ་ཞུ་བ་ལགས། ཁ་སང་དགོངས་མོར་རྒྱལ་བ་པད་དཀར་འཆང་བར་བསྔགས་པའི་སྙན་དངགས་བཀླགས་པ་ན། ཚིག་འགའ་ཤས་བདག་རང་གི་འདོད་ཚུལ་དང་མི་མཐུན་པ་སོགས་བཤུས་ཏེ། དི་རིང་དེ་ཉིད་གཏོང་བར་བསམས་ཀྱང་། སྙན་དངགས་་དེ་མཐོངཡུལ་ན་མེད་པས། འདིར་བཀོད་པ་ལ་ཐུགས་ཁྲེལ་མེད་པ་ཞུ།
    དེ་ཉིད་འདི་ལྟར་འོག་ན་གསལ་བ།
    ཁྱེད་ཀྱི་ཚིགས་བཅད་སྙན་དངགས་དད་པ་དང་ལྡན་པའི་སྒོ་ནས་བརྩམས་པ་ལེགས་པ་འདུག དད་པ་མེད་ན་བླ་མ་བཟང་ཡང་མི་ཕན། ཇི་སྐད་དུ་ཆོས་བཅུ་པའི་མདོའི་ཚིག་བསླབ་པ་ཀུན་བཏུས་སུ་དྲངས་པ་ན།
    དད་པ་མེད་པའི་མི་རྣམས་ལ།
    དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།
    ས་བོན་མེ་ཡིས་ཚིག་པ་ལ།
    མྱུ་གུ་སྔོན་པོ་ཇི་བཞིན་ནོ།།
    ཞེས་གསུངས་པ་ལྟར་ལགས། འོན་ཀྱང་དེང་དུས་ཀྱི་དཔེ་དེབ་བསྐྲུན་པ་བཞིན་དུ། ཚིགས་རྐང་རྣམས་སོ་སོར་འབྱེད་པ་དང་ཚིགས་བཅད་རེ་རེའི་མཇུག་ཏུ་ཨང་གྲངས་དང་། ཚིགས་བཅད་ཀུན་མ་འོངས་པ་འཚོལ་བདེའི་ཆེད་དུ། ཚིགས་བཅད་རེ་རེའི་མགོ་ཚིག་རྣམས་ཀ་འཕྲེང་དུ་བསྒྲིགས་ཏེ། ལེའུ་དང་ཚིགས་བཅད་ཨང་གྲངས་དགོད་ཐུབ་ན། མ་འོངས་པ་ན་ཚིགས་བཅད་འཚོལ་བ་ལ་ཕན་ངེས་ལགས། དེང་དུས་ཀྱི་དེབ་ཀུན་ཕལ་ཆེ་བ་དེ་འདྲ་མཐོང་། གཤམ་གསལ་དག་ཆ་འགའ་ཞིག་ཡིག་ནོར་དང་། འགའ་ཞིག་ཁྱེད་ཀྱིས་མཐའ་གཅིག་ཏུ་ཁྱེད་ཀྱིས་དག་པར་འདོད་པ་དང་། བདག་རང་གིས་དཔེ་རྙིང་ཁུངས་དག་བསྟུན་ནས་བྲིས་པ་དང་མི་མཐུན་པ་མ་དག་རྒྱུན་འབྱམས་སུ་སོང་བ་ཁྱེད་ཀྱིས་འདོད་ངེས་བསམ།
    གཉེས མཉེས། འཛམ་གླིང་ ཛམ་གླིང་ ཁྱེད་ཀྱིས་ཀྱང་ལན་མང་ཛམ་གླིང་ཞེས་སོ། ཕྲེང་ འཕྲེང། ཕྲིན་ལས འཕྲིན་ལས། ར་སྒྲེང་བས ར་སྒྲེང་པས། བདག་སྒྲ་ལ་མཐའ་གཅིག་ཏུ་པ་ཡིག་འདོད། འཁྲུལ་བ་ འདི་ཡི་མིང་དང་ཁྱད་ཆོས་སྟོན་པའི་ཚིག་དག་ལ་འཁྲུལ་པ་དགོས་བསམ། འཕོང་ འདི་ཡི་དོན་མ་ངེས། གལ་ཏེ་དབུལ་བ་སོགས་ཀྱི་དོན་ཡིན་ན། ཕོངས་པའི་གཉེན། ཞེས་པ་ལྟ་བུའོ། རཱེ་ཁ་ ཞེས་པ་ལེགས་སྦྱར་སྐད་འ་ཆུང་མེད་པ་དགོས། སྒྲོག ལྕགས་སྒྲོག། ཆོས་སྒྲོགས་ཞེས་གསལ་བ་ལྟར། སྡོམ་པའི་དོང་ལ་སྒྲོག་དང་། སྐད་ཤུགས་ཀྱིས་འབོད་པ་ལ་སྒྲོགས་ཞེས་འདོད། སྒྲོན་མེའི སྔར་སྒྲ་སྒྱུར་གྱི་སྐབས་སུ་སྒྲོན་མ་ཞེས་པར་ཡོངས་གྲགས་ཡིན་ཀྱང་གཅིག་ཀྱིས་་སྒྲོན་མེ་ཞེས་བྲིས་པ་རྒྱུན་འབྱམས་སུ་སོང་ཡང་། ཁུ་ནུ་བླ་མ་རིན་པོ་ཆེ་རྒྱ་བོད་ཀྱི་རིག་གཞུང་ལ་གསན་བསམ་རྒྱ་ཆེན་མཛད་པས། བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མ། ཞེས་པ་བཀའ་བསྟན་ལ་གསལ་བ་ལ་ཆ་བཞག་མཛད་པར་མངོན། ཕུལ་བ་ ཕུལ་པ་ཞེས་དགོས་ཀྱང་མ་དག་རྒྱུན་འབྱམས་སུ་སོང་བས་ཕུལ་བ་ཞེས་ཡོངས་གྲགས་སུ་གྱུར།་ རྣམ་དག་གཞུང་གི་གསང་བ་འཛིན་ལ་མཚུངས་པའི་ཆོས་རྣམས་ཡང་དག་སྤངས།། འདིར་སྤངས། ཞེས་པའི་དོན་མ་གོ ཡོན་ཤཱཀ་ འདིར་ཚིག་སྡུད་མེད་ན་བཟང་། རྒན་པོ་དག་གིས་མ་ཞི་པའི།། ཞི་བའི། ཞེས་དགོས་བསམ། ཤར་རོ། ཞེས་པར་ད་ཡང་འཇུག་མི་མངོན་པར་ཡོད་པར་ཤར་ཏོ། ཞེས་དགོས་པར་སྣང་ །ཟླ་བའི་ཞལ་གྱི་བདུན་རྩི་ཡི། བདུན་ བདུད་ཅེས་པར་ཡིག་ནོར་བཟོ་བཅོས་མཛོད། མུན་པ་ཤིན་ཏུ་འཐུབ་པོ་རུ།། བདག་གི་ལུང་སྐད་ལྟར་ན་འཐིབས་པོ་རུ་ཞེས་དགོས་པར་མངོན། ཚིག་མཛོད་ན་ཡང་འདི་ཉིད་གཙོ་བོར་བཟུང་སྟེ། འཐིབ་པ་ལ་འཐིབས་པའི་འབྲི་ཚུལ་གཞན་ཞིག་ཅེས་སོ།
    འཇིག་རྟེན་དཀྲུག་པའི་དམ་སྲིད་ཡི།། ཀྱི་ཞེས་ཡིན་ནམ་བསམ། བ་རལ་བ། རལ་པ། ་ཡོད་འོང་ ཡིད་འོང་ཞེས་སམ་སྙམ། འདབ་ཕྲེང་ འཕྲེང། གཅན་གཟན་རྣམས་དང་འགྲོགས་སླ་ཡི།། ཀློ་ཀློའི་དཔུང་དང་དེ་ལྟ་མིན།། བླ་ཞེས་པར་དཀའ་སླ་གཉིས་ཀྱི་སླ་ཡིན་པར་བླ་ཞེས་པ་སླ་ཞེས་བཅོས་པ་མཐོང་མྱོང་། དཔེར་ན། བདག་ནི་དེང་ཉིད་ཤི་ཡང་བླའི། ལོག་འཚོས་ཡུན་རིང་གསོན་མི་རུང་། ཞེས་པ་ལྟ། ཅི་ཡང་སྒྲོག་བྱེད་ཅིང༌།། སྒྲོགས་ ་ནེ་རུ་ཡིས། ནེཧ་རུ། ཟབ་ཅིང་ཤིན་ཏུ་རྒྱ་ཆེ་པའི། ཆེ་བ། དེ་ནས་བཟུང་སྟེ་འཛམ་གླིང་གི། སྦྲེལ་བའི་ སྤྲེལ་པའི་ གདོང་པ་ལྔ་པའི་དར། མཁན་པོ་ཁྱོད་པ་ ལ་ ཕྱག་འཚལ་ལོ།། སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། བསོད་ནམས་དཔལ་གྱིས་འཛམ་གླིང་གི། ཛམ་གླིང་། གཟུགས་བཟང་ཕུན་ཚོགས་ལྡན་ཞིང༌།། འཚོད་པར་གྱུར་པའི་དམྱུལ་བ་ལ།། དམྱལ་བ་ ཡིག་ནོར་ སྒྲོན་མེ་མཆོག་ཏུ་བདག་གྱུར་ཅིག། གཤེད་མས་ཁྲིད་ལ་མི་འཇིགས་དཔལ་བྱིན་ཕོངས་པ་རྣམས་ལ་ནོར་བུའི་གཏེར།། བྱིན་ཞེས་པར་འདས་ཚིག་མ་ཡིན་པར་སྦྱིན་ཞེས་ད་ལྟ་བ་དགོས་སྙམ། སྡོམ་བུ་བ།། སྡོམ་བུ་པ། གྲོགས་དག་སྐྱེ་བུ་དམ་པ་འབྱུང་དཀའ་ཞིང༌། སྐྱེ་བུ་ སྐྱེས་བུ། འཇིག་རྟེན་སྒྲོན་མེ་འདིར།། སྒྲོན་མ་ སྤུ་གྲིའི་ཐང་དུ་འདྲུད་ཀྱང་ཆེས་སླ་ཡི།། བླ་ཡི། ཕྲིན་ལས་ཀྱི་ལྕགས་ཀྱུས ཕྲིན་ལས་ཞེས་པར་འཕྲིན་ལས་ ཞུགས་སྒར་རྡ་ས་ རྡ་ས་ཞེས་པར་ད་ཡིག་ལ་ཧ་ཡིག་བཏགས་པ་དག་པར་མཐོང་ངོ་། བདག་གི་ནོར་པ་དག་ལ་ཡང་དག་སེལ་མཛོད། བདག་རང་གིས་ཡིག་ནོར་མང་དུ་བྱེད་དོ།

  2. མེ་ཏོག་དཀར་པོ། says:
    2011-05-26 at 4:17 am

    ལ་དྭགས་བློ་བཟང་འཇམ་དཔལ་ལེགས། ཇུ་ལེ། སློབ་དཔོན་དབྱུག་པ་ཅན་བོད་སྐད་ལེགས་པར་སྦྱང་བ་ཞིག་རེད་དམ་ལེགས། ཅིའི་ཕྱིར་ན་ཁོང་གིས་སྙན་ངག་ལེགས་པར་འབྲི་ཐུབ་པས་སོ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme