Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་བླ་མ་དང་སྤྲུལ་སྐུར་མུ་བཞི་འཇོག་གི་ཡོད།

Posted on 2014-07-092014-07-09 By ཁ་བརྡ་ 10 Comments on ངས་བླ་མ་དང་སྤྲུལ་སྐུར་མུ་བཞི་འཇོག་གི་ཡོད།

བོད་ཀྱི་དུས་བབ་ནས་དྲངས།

༸གོང་ས་མཆོག་གིས་དེང་སྐབས་རྒྱ་ནག་ནང་དང་ཕྱི་རྒྱལ་སོགས་སུ་བོད་པའི་བླ་མ་རྫུན་མ་དེ་འདྲ་ཡོང་གི་ཡོད་སྟབས་སློབ་མ་ཚོས་བླ་མར་བརྟག་དཔྱད་ཡག་པོ་གཏོང་དགོས་སྐོར་གསུངས་སོང་།
དེ་རིང་ཞོགས་པའི་ཆུ་ཚོད་༨།༠༠ སྟེང་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་ཆིབས་བསྒྱུར་གནང་སྟེ། ཆོས་ཞུ་བ་འབུམ་གཅིག་དང་ཁྲི་གཉིས་ལྷག་ལ་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་བཞི་བ་མཇུག་སྐྱོང་གནང་ཡོད་ཅིང་། སྐབས་དེར་ཁོང་གིས་དགེ་འདུན་པ་ཁྲིམས་གཙང་དགོས་པ་དང་། བླ་སློབ་བར་བརྟག་དཔྱད་ཡག་པོ་གཏོང་དགོས་སྐོར་གསུངས་ཡོད།

༸གོང་ས་མཆོག་གིས་གསུངས་དོན། ཕལ་ཆེར་ལོ་ཉི་ཤུ་སུམ་ཅུའི་གོང་ང་རང་དྷ་རམ་ས་ལར་རྒྱ་ནག་ནས་ཡོང་བའི་རྒྱ་མི་ཞིག་ལ་ཐུག་བྱུང་། སྐབས་དེར་ང་ལ་རྒྱ་མི་ཐུག་མཁན་ཉུང་ཉུང་རེད། ཁོང་གིས་རྒྱ་ནག་ནང་བོད་ནས་བླ་མ་ཡིན་ཟེར་མཁན་དང་ཆོས་ཀྱི་རྒྱལ་བོ་ཡིན་ཟེར་མཁན་ཡོང་གི་འདུག ཆོས་ཀྱི་རྒྱལ་བོ་ཡིན་ཟེར་བ་ཡོང་དུས་རྒྱ་མི་ཆོས་དད་ཡོད་མཁན་ཚོས་དད་པ་བྱས་ཏེ་འབུལ་བ་འདྲ་ཕུལ་བསྡད་པ་རེད། གང་འཚམ་ཕྱིན་རྗེས་བླ་མ་དེར་དངུལ་དགོས་པ་དང་དེ་ནས་སྐྱེས་དམན་དགོས་ཀྱི་འདུག་ཟེར་བ་འདི་འདྲ་ཤོད་ཀྱི་འདུག དེ་རིགས་ང་རང་ལ་འགོག་ཐབས་འདྲ་ཡོད་མེད་ལབ་སོང་། ངས་ང་རང་རྒྱ་གར་ནང་བསྡད་ཡོད་སྟབས། བོད་དང་རྒྱ་ནག་ནང་ག་རེ་ཡོང་བསྡད་པ་དག་ལ་བྱེད་ཐབས་གང་ཡང་ཡོད་པ་མ་རེད། ཁྱེད་རང་ཚོས་མདོ་སྡེ་རྒྱན་ནས་གསུང་བའི་བཤེས་གཉེན་གྱི་མཚན་ཉིད་ཚང་མ་ཤེས་པར་བྱས་ཏེ། བོད་ནས་ཆོས་ཀྱི་རྒྱལ་བོ་ཡིན་ཟེར་བ་ཡོང་སྐབས་བརྟག་དཔྱད་བྱོས། དེ་སྔགས་ཀྱི་གཞུང་ནས་བླ་མ་དང་སློབ་མ་ཕན་ཚུན་བརྟག་དཔྱད་བྱེད་དགོས་པ་དང་། བརྟག་དཔྱད་བྱས་ནས་ལམ་སེང་མ་ཤེས་ན་ལོ་བཅུ་གཉིས་རིང་བརྟག་དཔྱད་བྱེད་དགོས་ཀྱང་བརྟག་དཔྱད་བྱོས་གསུང་གི་ཡོད་སྟབས། བླ་མར་དད་པ་ཁོ་ན་མིན་པར་སློབ་མ་ཚོས་ངེས་པར་དུ་བརྟག་དཔྱད་ཡག་པོ་བྱེད་དགོས་ཞེས་ལབ་པ་ཡིན། ཞེས་གསུངས་སོང་།

ང་རང་ཚོའི་རང་དབང་ལུང་པའི་ནང་དུའང་དེ་འདྲ་གང་འཚམ་ཡོང་གི་འདུག ཨ་རི་དང་ཡུ་རོབ། སོག་པོའི་ནང་བླ་མ་རྫུན་མ་འདྲ་ཡོང་གི་འདུག མིང་བླ་མ་ཡིན་ཡང་དོན་ཐོག་བླ་མའི་མཚན་ཉིད་མ་ཚང་བ་ཡོང་གི་འདུག རྗེས་མ་གཟབ་གཟབ་བྱེད་དགོས། དེ་འདྲ་ཡིན་དུས་ང་རང་འུ་ཐུག་ནས་ངས་སྤྲུལ་སྐུ་དང་བླ་མའི་བར་མུ་བཞི་འཇོག་གི་ཡོད། བླ་མ་ཡིན་ན་སྤྲུལ་སྐུ་ཡིན་པའི་མ་ཁྱབ། རང་བྱུང་བླ་མ་ཆོས་ཅན། སྤྲུལ་སྐུ་ཡིན་ན་བླ་མ་ཡིན་པའི་མ་ཁྱབ། སྤྲུལ་སྐུ་སྤྱོད་ངན་པ་ཆོས་ཅན། བླ་མ་ཡིན་པ་དང་སྤྲུལ་སྐུ་ཡིན་པ་གཉིས་ཀ་ཡིན་པ་ཡོང་གི་རེད། གཉིས་ཀ་མ་ཡིན་པའི་ངོ་བོའང་ཡོང་གི་རེད། ཅེས་སོགས་གསུངས་སོང་།

༸གོང་ས་མཆོག་གིས་མུ་མཐུད་དུ། དེ་རིང་ཁ་སང་སོག་པོའི་ནང་གྲྭ་བ་མང་པོ་ཞིག་སོག་པོ་ཚོས་གྲྭ་བ་ཟེར་བ་མ་གཏོགས་རབ་བྱུང་བ་རེད་མི་འདུག དེ་འདྲ་ཡིན་དུས་དེ་རིང་ཁ་སང་ཐ་སྙད་གསར་བ་ཞིག་ལ། གྲྭ་ཆས་གྱོན་པའི་གྲྭ་བ་དེར་ཨ་ཅག་ཡོད་པ་དེ་རེད། དེར་ཨ་ཅག་མེད་པ་དེ་རེད་ཟེར་གྱི་འདུག དེ་ཡག་པོ་ཤེས་ཀྱི་མ་རེད། རབ་ཏུ་བྱུང་བ་ཟེར་ཡིན་དུས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་ཡིན་དགོས་སྟབས། དེ་རིང་ཁ་སང་ལུས་ལ་གྲྭ་ཆས་གྱོན་ཡོད་ནའང་གྲྭ་བ་ཨ་ཅག་ཡོད་མཁན་དང་མེད་མཁན་ཟེར་བ་ཡོང་གི་ཡོད་དུས། འདི་ཚོ་ཚང་མ་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་རྟགས་རེད། ང་ཚོ་བཅོམ་ལྡན་འདས་ལ་དད་པ་ཡོད་མཁན་དང་ཆོས་ལ་དགའ་ཞེན་ཡོད་ན་བསམ་བློ་གཏོང་དགོས། དེ་ཡག་པོ་མི་འདུག བླ་མ་ཟེར་བའི་ཚིག་རྒྱ་སྐད་ནང་ Huofu ཟེར་བ་ནས་དབྱིན་སྐད་ནང་ Living Bhuddha སངས་རྒྱས་གསོན་པ་ཟེར་བ་དེ་ནོར་བ་རེད། དེ་རྒྱ་གར་སྐད་ནང་གུ་རུ་(Guru )ཟེར་གྱི་ཡོད། བོད་སྐད་ནང་བསྒྱུར་བ་བླ་མ་ཟེར་དུས་ཡོན་ཏན་ལྷག་པ་དང་ཡོན་ཏན་གྱིས་ཕྱུག་པ། དེ་འདྲ་ཞིག་གང་ཟག་ཐ་མལ་མེད་པ་ལས་གོང་མར་གྱུར་བ་ཡིན་པས་ན་བླ་མ་ཟེར་བའི་མིང་ཐོབ་ཀྱི་འདུག སངས་རྒྱས་གསོན་པ་ཟེར་བར་དོན་གང་ཡང་མེད། སངས་རྒྱས་གསོན་པ་ཟེར་ནས་སངས་རྒྱས་གསོན་པས་སྤྱོད་པ་ངན་པ་འདྲ་བྱས་དུས་ཁྱད་མཚར་ཆགས་འགྲོ་ཡི་རེད། དེས་ན་མཚན་ཉིད་ཚང་བའི་བླ་མ་ཞིག་བཙལ་ནས་གཏན་འཁེལ་བ་བྱུང་རྗེས་དེ་ནས་བློ་རྩེ་གཅིག་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། ཞེས་གསུངས་སོང་།

སང་ཉིན་ཆུ་ཚོད་༨ པ་ནས་༸གོང་ས་མཆོག་གིས་དུས་འཁོར་གྱི་ཆོ་ག་བསྒྲུབ་རྒྱུ་དང་འབྲེལ་གར་འཆམ་གནང་རྒྱུ་ཡིན་འདུག ཚེས་༡༠ ནས་༡༣ བར་དུས་འཁོར་དབང་ཆེན་མགོ་འཛུགས་གནང་རྒྱུ་ཡིན་འདུག

གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་ལ་དྭགས་རྒྱལ་ས་སླེ་ནས།

སྣ་ཚོགས།

Post navigation

Previous Post: ཕྱི་གླིང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣ་དང་། དེ་དག་ལ་མིང་ཇི་ལྟར་གདག་འོས་སམ།
Next Post: ཀྱེ། བདག་གི་ཡུམ་ཆེན་ལགས།

Comments (10) on “ངས་བླ་མ་དང་སྤྲུལ་སྐུར་མུ་བཞི་འཇོག་གི་ཡོད།”

  1. བསྟན་འཛིན་ says:
    2014-07-09 at 6:46 am

    རབ་ཏུ་བྱུང་བ་ཟེར་བ་དེ་ཁྱིམ་སྤངས་ནས་ཁྱིམ་མེད་པར་གང་ཡང་མི་དགོས་པ་དེ་ལ་རབ་བྱུང་ཟེར་བ་ཡིན་ན་ དགོན་པ་དང་གདན་ས་ཞག་ནས་གྲྭ་ཆས་གྱོན་བཞིན་དུ་ཕྱི་རྒྱལ་ཁག་ལ་ཡོད་པའི་བླ་མ་རྣམས་ལ་གང་ཟེར་ དེ་རྣམས་རབ་བྱུང་མིན་ནམ་

  2. བསྟན འཛིན says:
    2014-07-09 at 8:21 am

    བླ་མ་ཞེས་པའི་ཚིག་དེ་ སྔོན་མ་བོད་ལ་ནང་ཆོས་མ་དར་གོང་ལ་དགེ་་རྒན་ལ་བླ་མ་ཟེར་བ་དང་་ ནང་ཆོས་དར་བའི་སྐབས་ནས་ད་བར་ཆོས་སློབ་མཁན་དེར་བླ་མ་ཞེས་ཟེར་ ནང་དོན་ནི་རང་ལ་ཚེ་འདིར་ཤེས་ཡོན་སློབ་མཁན་དེ་(བླ་ན་མེད་པའི་ཨ་མ་)ཡིན་ཟེར་བས་ ཚིག་དེ་བོད་སྐད་རང་རེད་ཞེས་པ་ཞིག་ངས་སྔོན་མ་མཐོང་བྱུང།

  3. མིག་དམར། says:
    2014-07-09 at 10:09 am

    ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧གོང་ས་༧ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐྱབས་མགོན་རིན་པོ་ཆེ་མཆོག་གི་གསུང་བ་ལ་མངོན་པར་བསྟོད་དོ། ཁོང་གི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་ཤོག ཨཱོ་མ་ཎི་པདྨེ་ཧཱུཾ་
    ཨཱོ་མ་ཎི་པདྨེ་ཧཱུཾ་
    ཨཱོ་མ་ཎི་པདྨེ་ཧཱུཾ་
    ཨཱོ་མ་ཎི་པདྨེ་ཧཱུཾ་
    ཨཱོ་མ་ཎི་པདྨེ་ཧཱུཾ་
    ཨཱོ་མ་ཎི་པདྨེ་ཧཱུཾ་
    ཨཱོ་མ་ཎི་པདྨེ་ཧཱུཾ་

  4. མེ་ཏོག་དཀར་པོ says:
    2014-07-09 at 11:39 am

    རབ་བྱུང་ཟེར་བ་དེ་རབ་བྱུང་གི་སྡོམ་ལྡན་གྱི་གང་ཟག་ལ་ཟེར། རབ་བྱུང་གི་སྡོམ་པ་ཟེར་བ་དེ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླང་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག་འདོད་པའི་སས་བསྡུས་པ་ཞིག་ཡིན་དགོས། ངེས་འབྱུང་གི་བསམ་པ་ཟེར་དུས་ངེས་འབྱུང་ཤེས་དགོས། ངེས་འབྱུང་ཟེར་བ་ནི་ཐར་པ་འམ་བྱང་ཆུབ། འགོག་བདེན་ནམ་མྱང་འདས་ལ་ཟེར། དེ་ལ་ཆེ་འབྲིང་ཆུང་གསུམ་ཡོད། དེ་འདྲའི་ཐར་པ་མ་ཤེས་བར་དུ་དེའི་བསམ་པ་ཡོང་སྟངས་མེད། དེ་མེད་པ་ལ་སོར་སྡོམ་མེད། དེ་མེད་ན་རབ་བྱུང་གི་སྡོམ་པ་མེད་པས་ན། རབ་བྱུང་ཟེར་བ་དེ་ལས་སླ་པོ་ཞིག་མ་རེད་ཀོ

  5. བསམ་ཤེས། says:
    2014-07-09 at 12:06 pm

    ངས་དེང་སང་བླ་མ་འདི་ཚོ་རིགས་གསུམ་ལ་དབྱེ་བར་བྱེད།

    རིགས་དང་པོ། སྣོད་དགེ་སློང་འདུལ་བ་འཛིན་པ། ཡོན་ཏན་དང་རྟོགས་པ་གཉིས་མཐོན་པོར་ཕེབས་པ། དཔེར་ན། རྒྱལ་བ་རིན་པོ་ཆེ་དང་འཁྲུལ་ཞིག་རིན་པོ་ཆེ་ལྟ་བུ། བླ་མའི་ནང་གི་མཆོག་ཏུ་གྱུར་བ་དེ་རེད། གསེར་གྱི་ནང་གི་གསེར་གཙོ་མ་ལྟ་བུ་རེད། སངས་རྒྱས་ཤཀྱ་ཐུབ་པའི་སྤྱོད་པ་ཨ་ན་མ་ན་ཉམས་ལེན་གནང་མཁན་དེ་རེད།

    རིགས་གཉིས་པ། སྣོད་ཁྱིམ་པ། རྟོགས་པ་དང་ཡོན་ཏན་གཉིས་ཀ་ཡོད་མཁན་ས་སྐྱ་གོང་མ་དང་བདུད་འཇོམས་རིན་པོ་ཆེ་ལྟ་བུ། ཁྱིམ་པའི་ནང་གི་བླ་མའི་མཆོག་ཏུ་འགྱུར་བ་དེ་འདྲ་རེད།

    རིགས་གསུམ་པ། རབ་བྱུང་དང་ཁྱིམ་པ་ངོ་ཁ་གསལ་པོ་མེད་པ། རྒྱོ་དགོས་དུས་སྔགས་འཆང་ཡིན་མདོག་མདོག་དང་དཀོར་དགོས་དུས་འདུལ་འཛིན་ཆས་གོས་གྱོན་མཁན་དེ་ཚོ་ནི་སངས་རྒྱས་ཀྱི་དགྲ་ངོ་མ་རེད། དེང་སང་དེ་ཚོ་མང་ནེ་རེད།

  6. བན་དེ་བ། says:
    2014-07-09 at 12:42 pm

    ངས་ནི་དང་པོ་མུ་བཞིར་འཇོག་པ་ལ་་་་རེ་རེ་ནས་ཤེས་དགོས་པ་འདུག བྱས་ཙང་ངས་ནི་སྤྲུལ་སྐུ་སུ་ཡིན་ངོས་འཛིན་ཤེས་མ་སོང། མིང་གི་ཐ་སྙད་ཆགས་པའི་དེང་སང་གི་སྤྲུལ་སྐུ་ཟེར་བ་དེ་ཚོ་ལ་བཤད་ཀྱི་ཡོད་ན་དེ་ཚོ་སྤྲུལ་སྐུ་ཡིན་པར་ངོས་ལེན་བྱེད་ཁག་པོ་རེད། དེང་སང་གི་སྤྲུལ་སྐུ་ཟེར་བ་དེ་ཚོ་ནི། སྐུ་སྐྱེ་གོང་མའི་ཡོན་ཏན་ན་གཅིག་ཀྱང་ཐུགས་དྲན་མི་གསོས་པ་ནི་ཤེས་གསལ་རེད། ཐ་མལ་པ་འགྲོ་བ་གཞན་དང་མཚུངས་པར་དབྱུག་པས་༼ཀ་ཁ་ག་ང་༽ སློབ་དགོས་དུས་འགྲོ་བ་ཐ་མལ་པ་དང་ཁྱད་གང་ཞིག་འདུག་གམ། དགོས་པའི་སྐྱེ་བ་གོང་མའི་རྟོགས་པའི་ཡོན་ཏན་མ་དྲན། མི་དགོས་པའི་སྐྱེ་བ་གོང་མའི་དྷ་རུ་དང་དྲིལ་བུ་དབྱུག་པ་འཕྲེང་གོག་དྲན་ཚུལ་འདི་ལ་ལྟས་ན་ཡ་མཚན་མ་རེད་དམ། དེས་ན་སྤྲུལ་སྐུ་བཏགས་བ་ནི་སྤྲུལ་སྐུ་མིན་ཅིང་སྤྲུལ་སྐུ་དངོས་གནས་པ་ཡིན་ན་བླ་མ་ཡིན་པས་ཁྱབ་པར་འདོད་དོ། ཡིན་ནའང་འདི་ཡི་རྩོད་ཡུལ་༧གོང་ས་མཆོག་མ་ཡིན་པར་མཁྱེན་དགོས།

  7. མེ་ཏོག་དཀར་པོ says:
    2014-07-09 at 11:37 pm

    བསམ་ཤེས་ཀྱིས་རིགས་གསུམ་པ་རྒྱོ་དགོས་དུས་སྔགས་འཆང་ཡིན་མདོག་ཟེར་དུས་སྔགས་འཆང་ངམ་རིག་པ་འཛིན་པས་རྟུལ་ཞུགས་ཉེར་ལྔ། རིགས་ལྔའི་ཐུན་མོང་དང་ཐུན་མིན་གྱི་དམ་ཚིག རྩ་ལྟུང་བཅུ་བཞི། ཡན་ལག་སྦོམ་པོ་སོགས་གཙོ་བོར་གྱུར་པའི་རྒྱུད་སྡེ་སོ་སོའི་དམ་ཚིག ཡི་དམ་ལྷའི་བསྐྱེད་རིམ་དང་རྫོགས་རིམ། ཆོས་སྐྱོང་ལ་གཏོར་འབུལ་སོགས་སྔགས་པའི་ལས་ཀ་གལ་ཆེ་དང་མང་ཆེ་བ་དེ་མ་མཐོང་མ་ཤེས་ནས་རྒྱོ་བ་ཙམ་སྔགས་པའི་ལས་ཀ་ཡིན་བཟོ་བསྟན་པ་ནི་མ་འགྲིག་པ་ཡིན། ལར་ནས་ཕྲུ་གུའི་རྐུབ་དབྲལ་བ་ལ་ཧ་མ་ལས་པར་བུ་མོའི་སྟུ་ལ་རྒྱོ་བར་ཧ་ལས་པ་ནི་རྟགས་ངན་པ་ཞིག་གོ།

  8. བཀྲ་ཤིས། says:
    2014-07-10 at 10:25 am

    དྲྭ་གྲོགས་རྣམས་པས་གང་བྱུང་མང་བྱུང་སྣང་བ་གང་ཤར་བྱས་ནས་སྔགས་འཆང་རིག་པ་འཛིན་པ་རྣམས་ལ་ཁ་མ་གཏོང་མ་གཏོགས། མེ་ཏོག་དཀར་པོས་ཏག་ཏག་བཟོ་གིས་རེད་དོ། ཨ་ཕྱི་ཆོས་སྒྲོན་ནས། ཨ་ཅག་གང་དགའ་རྒྱོ་བ་ས་སྐྱ་གོང་མའི་བརྒྱུད་པ་ཞེས་པའི་ཚིག་དེ་ཏོག་ཙམ་ཐལ་ཆེ་མིན་འགྲོ་སྙམ། དེ་མིན་བདེན་པ་དམར་རྗེན་རང་དུ་འདུག་པས་དེ་ལ་མགར་མཁས་པས་མགར་རྒྱུ་དང་མཚན་ཉིད་མཁས་པས་དགག་སྒྲུབ་བྱ་རྒྱུ་ཅི་མེད་རེད། ཡིན་ནའང་ངག་གཏམ་དྲང་པོ་བཤད་ན་ཕལ་ཆེར་ཁྲོ། གསུངས་པ་བཞིན་གྲུབ་འབྲས་གང་བྱུང་མིན་ནི་མ་ངེས།

  9. མེ་ཏོག་དཀར་པོ says:
    2014-07-10 at 12:26 pm

    ཨ་ཕྱིས་མ་རེད་ཟེར་རྒྱུ་མིན་ཙམ་བཤད་འདུག

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-07-10 at 10:31 pm

    བཙུན་པ་སངས་རྒྱས་དབྱངས་ཀྱི་བརྩམས་པའི་རྣམ་པར་དག་པའི་ལམ་དུ། ལུང་དྲངས་པ་ན།
    ལྷ་ཞིག་གིས།
    ་
    ནང་གི་དྲྭ་བ་ཕྱིའི་དྲྭ་བ།
    དྲྭ་བ་དག་གིས་སྐྱེ་དགུ་འཛིངས།
    དྲྭ་བ་དེ་དག་གང་གིས་གཅོད།
    གོ་ཏ་མ་ཁྱེད་ལ་བདག་གིས་གསོལ།།
    ་
    དེའི་ལན་དུ་སངས་རྒྱས་ཀྱིས།
    ་
    ཤེས་ལྡན་ཚུལ་ཁྲིམས་ལ་རབ་གནས།
    སེམས་དང་ཤེས་རབ་སྦྱངས་པ་དང་།
    དཀའ་ཐུབ་བརྩོན་པ་དགེ་སློང་གིས།
    དྲྭ་བ་འདི་དག་གཅོད་པར་བྱེད།།
    ་
    ཞེས་པའི་ཚིགས་བཅད་འདི་བཙུན་པ་སངས་རྒྱས་དབྱངས་ཀྱིས་དཔལ་སིངྷ་ལའི་ཡུལ་དུ་བྲིས་པ་དེ། རང་རེའི་བླ་མ་མཆོག་གིས་གསུངས་པ་དེ་དང་ཁྱད་པར་སོ་སོ་བ་ཞིག་འདུག་གམ། སྔགས་འཆང་རྣམས་ཀྱིས་ཀྱང་རང་གི་བསླབ་ཁྲིམས་དང་ལྡན་པ་ཞིག་གིས་རྣམ་རྟོག་གི་དྲྭ་བ་མཐའ་དག་གཅོད་ནུས། བདག་ནི་བསླབ་ཁྲིམས་ལས་ཐོག་མ་ཉིད་ནས་ཉམས་པ་ཞིག་ཡིན། ཕྱིའི་ཀུན་སྤྱོད་འགྲོ་བ་ལ་ཕན་པ་ལུས་ཀྱིས་གང་ཐུབ་བྱེད་པས། གནས་བརྟན་སྡེ་པའི་དགེ་སློང་རྣམས་ཀྱིས་ཀྱང་གུས་བཀུར་མི་འདོད་བཞིན་དུ་མཛད། བདག་ཨ་རི་ནས་འབྱོར་མཚམས་སུ། གནས་ཁང་སྒོ་འབྱེད་སྐབས་ཁང་མིག་གཙང་མ་མེད་པར་གནས་བརྟན་སྡེ་པའི་དགེ་སློང་གཉིས་ཀྱི་གད་ཕྱིས་མཛད། དི་རིང་སྔ་དྲོ་ལངས་ནས་ཕྱག་མ་ཁྱེར་ནས། རང་རེའི་བླ་མ་ཆེན་པོ་ཕྱག་ན་པདྨའི་བཀའ་སློབ་བཞིན་ཁོར་ཡུག་གཙང་མ་བཟོ་བར་ཕྱིན། དེ་ནས་གནས་བསརྟན་སྡེ་པའི་དགེ་སློང་ཞིག་གིས་མེ་ཏོག་བསྣམས་ནས་བདག་ལ་སྦྱིན་པར་བྱོན། འདི་ཡང་བླ་མ་ཕྱག་ན་པདྨའི་བྱིན་རླབས་ཡིན་པར་སེམས་སོ།་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme