Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་བཟོད་ཀྱིན་མི་འདུག

Posted on 2010-04-162010-04-16 By ཁ་བརྡ་ 6 Comments on ངས་བཟོད་ཀྱིན་མི་འདུག

ཚེ་རིང་སྐྱིད།

གསར་འགོད་པ་ཞིག་གི་ངོས་ནས་སྐད་ཆ་འདི་ལྟར་བཤད་མི་འོས་ཀྱང་།
ངས་ག་རེ་བརྗོད་བཞིན་པ་དེ་ང་རང་ཉིད་ཀྱི་བསམ་ཚུལ་ཡིན་པ་ལས་གསར་འགོད་པ་ཞིག་དང་འབྲེལ་ཡོད་ཀྱི་ཚོགས་སྡེ་ལས་ཁུངས་སུ་ལ་ཡང་འབྲེལ་བ་མེད། ཉིན་ཤས་སྔོན་ལ་བོད་ཁུལ་གྱི་སློབ་གྲྭའི་སློབ་མ་དང་དགེ་རྒན་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གསར་བ་ཞིག་བྱུང་བ་དང་མཉམ་དུ་མེ་ཏོག་ལྟར་བཞད་ཀྱིན་པའི་བོད་ཀྱི་མི་རབས་གསར་བ་གང་མང་ཞིག་གི་མདུན་ལམ་བརླག་བཞིན་པ་དང་། ཡང་འཛིན་བཟུང་བྱས་ཟིན་པའི་གནས་ཚུལ་མང་པོ་ཞིག་གིས་རང་ཉིད་ཡིན་ཡང་ལྷོད་ལྷོད་དང་བདེ་སྣང་ཞིག་གཏན་ནས་མ་ཤར་བའི་སྐབས་འདི་འདྲ་ཞིག་ལ། སླར་ཡང་རང་བྱུང་གི་གནོད་འཚེ་ཡིས་ཀྱང་ང་ཚོར་ཀུ་རེ་རྩེད་པ་ལྟ་བུ་བྱུང་བས།
ང་ནི་རྡོ་ལེབ་ཚ་བོའི་སྟེང་གི་གྲོག་མ་བཞིན་འདུག་བཟོད་མེད་པར་གྱུར་གྱིན་གདའ། ཉིན་གཉིས་ཀྱི་རིང་ལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་ནག་ནང་དུ་ས་ཡོམ་གྱི་རང་བྱུང་གནོད་འཚེ་ཕོག་འདུག་ཅེས་དང་། ཡང་འཛམ་གླིང་གི་རྒྱལ་ཁབ་གང་མང་ཞིག་གིས་ཀྱང་གདུང་སེམས་མཉམ་བསྐྱེད་ཡིན་པའི་སེམས་གསོའི་ཕྱག་འཕྲིན་གང་མང་ཞིག་འབྲེལ་ཡོད་རྒྱ་ནག་གཞུང་ཚབཁང་ལ་སྤྲོད་པའམ་ཡང་ན་གསར་འགོད་གསལ་བསྒྲགས་སྤེལ་གྱིན་འདུག ངས་ཇི་ལྟར་ལྟོས་ན་དེ་ཙམ་གྱིས་ང་ལ་སེམས་གཏིང་ལ་ན་ཟུག་ཅིག་ཡོང་གིན་འདུག སྲིད་དོན་གྱི་སྡིངས་ཆའི་སྒང་དུ་མི་རིགས་ཉམས་ཆུང་ཚོ་དང་མི་མང་སྐྱོ་བོ་རྣམས་ནི་རྩེད་ཆས་ལྟ་བུ་རེད་ལ། སྲིད་དོན་དང་རྒྱལ་དོན་གྱི་བར་ཏུ་མི་རིགས་ཉམས་ཆུང་ཚོ་དང་མི་མང་སྐྱོ་བོ་རྣམས་ནི་ཚོང་གི་མ་རྩ་ལྟ་བུ་རེད་འདུག བསམ་ཚུལ་འདི་ཤུགས་ཆེ་རུ་སོང་བ་དང་མཉམ་དུ་མི་ཤི་རྟ་འགྱེལ་གྱི་གནས་སུ་ས་དང་རྡོ་བར་ན་བཙིར་བཞིན་པའི་རང་གི་ཁྲག་རྒྱུན་གཅིག་པ་དེ་ཚོ་དྲན་ཞོར་དང་། ཡང་སྐད་ཅིག་ཙམ་ལ་འཇིག་རྟེན་དཀར་ངོགས་ནས་བྲལ་བའི་བོད་རིགས་སྤུན་ཟླ་དེ་དག་གི་ཆེད་དུ་སེམས་སྐྱོ་ཞིང་བློས་མི་ཐོངས་པ་མ་ཟད། དེ་དང་མཉམ་དུ་རྒྱལ་སྤྱིའི་གཞུང་སྲིད་ཀྱི་ངོ་གདོང་དམར་རྗེན་གྱིས་ངོམས་སོ་བྱ་བཞིན་པར་ཞེན་པ་གཏིང་ནས་ལོག་བྱུང་།
ངས་གསར་འགྱུར་རེ་རེ་ཀློག་པ་དང་དབྱིན་ཡིག་གི་ཚིག་གྲུབ་ནོར་བར་ཡང་འཛེམས་ཟོན་མེད་པར་དོན་རྐྱེན་བྱུང་ས་དང་དོན་རྐྱེན་ཁྲོད་ཀྱི་མི་ལ་ཁྱེད་ཚོས་ཚིག་གི་བཙན་གཡེམ་བྱེད་ཀྱིན་འདུག་ཅེས་བྲིས་པ་ཡིན་ལ། ཉིན་འདི་དག་ལ་མཆི་མ་དང་སྐྱོ་སྡུག འོ་དོད་དང་སྨྲེ་སྔགས་ཁྲོད་དུ་ལྷག་ཡོད་པ་ནི་བོད་མི་རྣམས་མ་རེད་དམ།
གནོད་འཚེ་ཁྲོད་ནས་འདས་གྲོངས་སུ་སོང་བ་རྣམས་དང་གནོད་འཚེ་ཁྲོད་དུ་མྱངས་བཞིན་པ་རྣམས་བོད་སྐད་བཤད་ཅིང་བོད་ཁྲག་འདྲེས་པའི་བོད་མི་ཡིན་པ་ལས་རྒྱ་མི་ག་ལ་ཡིན། དོན་རྐྱེན་བྱུང་སའི་ས་གནས་དེ་ས་དབྱིབས་དང་མི་རིགས། སྐད་ཡིག་དང་གོམས་གཤིས་སོགས་གང་གི་ཕྱོགས་ནས་ཀྱང་བོད་ཡུལ་དང་བོད་མི་ཞེས་འབོད་དགོས་པ་མ་རེད་དམ། ང་ཚོས་ད་དུང་ཁ་རྡང་མིག་ཅེར་ནས་ཐ་ན་འཛམ་གླིང་གི་གསར་འགོད་ལས་རིགས་ཁྲོད་དུ་ཡང་གཡོ་རྫུན་དང་ཕྱོགས་ཞེན་སླེབས་པར་མཇུག་དགོས་སམ། རྒྱ་ནག་གཞུང་གིས་ངོས་ཧྲིལ་བོ་ཞིག་དུས་ནམ་ཡང་འཛམ་གླིང་མི་མང་ལ་སྟོན་མི་སྲིད་ལ། དེའི་རྐྱེན་གྱིས་རྒྱ་ནག་གི་གསར་འགྱུར་རྒྱུད་ལམ་ཁག་ཁུངས་བཏུགས་ས་བྱེད་དེ་འཛམ་གླིང་ཧྲིལ་བོར་ཡང་དེའི་རྗེས་སུ་འུར་གྱིས་འདྲོགས་ནས་འགྲོ་དུས། ང་ཚོའི་གསར་ཁང་དག་དང་ང་ཚོའི་ཚོགས་པ་ཆེ་ཆུང་ཚོས་ཐ་ན་རང་ས་རང་ཡུལ་གྱི་མིང་གི་ཚིག་དེ་ཡང་སྲུང་མ་ཐུབ་པ་རེད་དམ།

སྤྱིར་ཡིན་ན། ༧གོང་ས་མཆོག་གིས་ཀྱང་ཉིན་དེར་ཐུགས་སྨོན་གསུངས་འཕྲིན་བསྩོལ་སྐབས། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལ་དཀའ་ངལ་འཕྲད་འདུག་པས།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་གནས་དེར་དངོས་ཕེབས་ཀྱིས་རོགས་སྐྱོར་བྱ་རོགས་ཞེས་འབོད་སྐུལ་ཞིག་ཞུས་ཡོད་ཚེ། ཡང་ན་ངོས་རང་དེ་གའི་ས་གནས་མི་མང་གི་དད་པ་བྱེད་སའི་བླ་མ་ཞིག་ཡིན་པའི་ཆ་ནས། ཐེ་ཝན་མི་མང་ལ་རང་བྱུང་གི་གནོད་འཚེ་བྱུང་སྐབས་དེར་ཕེབས་ཀྱི་ཐུགས་སྨོན་སྐྱབས་མཇུག་ཞུས་པ་བཞིན་ཐེངས་འདིར་གནོད་འཚེ་ཕོག་སའིས་གནས་ལ་ཐུགས་སྨོན་དགེ་རྩ་སྒྲུབ་པར་ཕེབས་མདུན་ཡོད་ལུགས་ཤིག་གསུངས་ཡོད་ཚེ། གསར་འགྱུར་རྒྱུད་ལམ་ཁག་གིས་ཀྱང་བོད་དང་རྒྱ།
ཡང་ན་བོད་མི་དང་རྒྱ་མི་ཞེས་ཚིག་རིས་གསལ་བོ་ཞིག་བཟོ་སྲིད་ལ། གལ་ཏེ་དེ་ལྟར་མ་བྱུང་ཡང་གསར་འགྱུར་རྒྱུད་ལམ་ཁག་ཏུ་གསར་འགྱུར་ཆེན་པོ་ཞིག་ཆགས་ཡོད་སྲིད། ཡང་བོད་ཀྱི་གསར་ཁང་ཁག་དང་ཚོགས་པ་ཆེ་ཆུང་ཀུན་གྱིས་ཀྱང་རང་ས་རང་ཡུལ་གྱི་འབྲེལ་ཡོད་བོད་མི་ཚོར་ཡིད་ཆེས་ཀྱིས་ཚེ་སྲོག་ཤོར་བཞིན་པའི་བོད་མིའི་གྲངས་ཀ་དང་དེ་ཀའི་ས་གནས་བོད་མི་ལ་སྨན་བཅོས་དང་ཟ་འཐུང་གི་དཀའ་ངལ་བྱུང་བཞིན་པའི་གསར་འགྱུར་གང་མང་སྤེལ་ཡོད་ཚེ་མ་མཐར་ཡང་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་བཞིན་པ་དེ་དག་ཁུངས་བཏུགས་ས་བྱ་འོས་མིན་ལ་རྒྱལ་སྤྱིའི་ གསར་ལམ་ཁག་ནས་དོ་སྣང་ཞིག་བྱུང་མི་སྲིད་པ་ག་ལ་སྲིད། བོད་ཡིག་གི་གསར་འགྱུར་རྒྱུད་ལམ་ཁག་ཏུ་ཇི་ལྟར་བྲིས་ཀྱང་དེ་བོད་མི་རང་ཉིད་ཀྱིས་མ་གཏོགས་ཤེས་ཀྱིན་མེད་པ་རེད་མོད། ཡིན་ཡང་ནམ་རྒྱུན་དྲིལ་བསྒྲགས་དང་འུ་ཤོབས་ལ་དགའ་བའི་ཚོགས་པ་ཆེ་ཆུང་དེ་ཚོ་དང་རང་དབང་གི་གསར་ཁང་དེ་ཚོས་ག་རེ་བྱེད་བཞིན་པ་རེད་དམ། གནོད་འཚེ་འདིའི་གསར་འགྱུར་གྱི་སྔ་ཕྱི་རུ་ཐད་ཀར་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་མང་པོ་གསལ་བོ་མཐོང་གིན་ཡོད་པས། ྒྱུགས་དགོས་དུས་དང་ལངས་དགོས་དུས་འུ་ཚང་གི་འུ་ཤོབས་ལ་དགའ་མཁན་ཚོ་གང་དུ་གཉིད་སོང་བ་རེད་དམ།

རྒྱ་ནག་གིས་གནོད་འཚེའི་དོན་རྐྱེན་འདི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་ནས་དྲིལ་བསྒྲགས་གང་འདྲ་ཞིག་བྱ་མིན་དེ་ང་ཚོས་གསལ་བོ་མཐོང་ངེས་པ་ཞིག་རེད་ལ།
རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གིས་ངོམས་སོ་ཡག་ཐག་ཆོད་ཅིག་བྱ་ངེས་ཡིན་པ་ཡང་ང་ཚོས་ཚོད་དཔག་བྱ་ཐུབ་ཀྱིན་ཡོད། ད་ལྟ་གསར་འགྱུར་རྒྱུད་ལམ་ཁག་ཏུ་བསྒྲགས་བཞིན་པའི་རྐྱེན་འདས་ཀྱི་གྲངས་ཀ་དེ་དག་ཙམ་ཡིན་ཡང་འདྲ་ལ། འབྲེལ་ཡོད་མི་སྣ་ནས་མཁོ་སྤྲོད་བྱས་པའི་ཁ་གྲངས་དེ་ཡིན་ཡང་འདྲ་མོད། མི་འབོར་ཧ་ཅང་གིས་ཉུང་བའི་མི་རིགས་ཤིག་ལ་མཚོན་ན་གྲངས་ཀ་དེ་དག་ནི་གྱོང་གུད་ཚབས་ཆེན་ཞིག་དང་བློས་མི་ཐོངས་ལ་ཉན་མི་བཟོད་པ་རྐྱང་རྐྱང་རེད་འདུག འཆར་ལྡན་བུ་སྐྱེས་ཀྱིས་བཀག་ཅིང་མི་རིགས་གཞན་དང་གཉེན་དུ་སྡེབས་ཏེ་བོད་མིའི་མི་འབོར་ས་ཡ་དྲུག་ཙམ་ཡང་ཡོད་མེད་མི་ཤེས་པའི་དེ་རིང་བདག་གི་ཁྲག་རྒྱུན་གཅིག་པ་ཁྱེད་ཚོ་སྐད་ཅིག་ཙམ་ལ་སོང་བ་གོ་དུས། ངས་འཇིག་རྟེན་གྱི་མིའི་བདག་དབང་དང་སྒེར་འཛིན་ལ་དྲང་བདེན་དང་སྙིང་རྗེ་ཟེར་བ་ཡོད་པ་ཕར་བཞག ཐ་ན་བོད་མིའི་ཁ་རྒྱུན་གྱི་ལས་དབང་དང་ས་ཆེན་པོ། གནམ་སྔོན་པོ་ལ་སོགས་པས་ཀྱང་བདེ་སྡུག་གི་སྲང་ཁ་མཇལ་བའི་བདེན་པ་བརྡར་ཤུལ་གྱི་འདྲ་མཉམ་མི་འདུག་བསམ་སོང་།

ངའི་ལག་ཟུང་མུ་མཐུད་ནས་འདར་གྱིན་བཤིག་རལ་དུ་སོང་བའི་ས་རྡོའི་བར་དུ་འཇིགས་སྐྲག་དང་ན་ཟུག་གིས་མནར་བའི་ཁྱེད་ཉིད་ཀྱི་གཟུགས་རིས་ཤིག་བཞེངས་བསྐྲུན་བྱ་དགོས་བྱུང་། ངས་རང་གི་སྙིང་ཀར་སྤར་ཤད་རྒྱག་བཞིན་བློས་མི་ཐོངས་པའི་སྤུན་ཟླ་དེ་དག་གི་དབུགས་རྒྱུན་ལ་སྐྱེལ་མ་བྱ་དགོས་བྱུང་།
ངས་ངོ་མ་བཤད་ན་མ་ཎི་ཁ་རུ་མི་ཡོང་ལ། གསོལ་འདེབས་ངག་ལས་མི་འཁྲོལ། དབྱར་མགོ་ལ་བཞད་ཀྱིན་པའི་མེ་ཏོག་ལྟ་བུའི་གངས་ཅན་བོད་མིའི་མི་རབས་གསར་བ་ཚོ་དང་། ཤེས་རིག་དར་སྤེལ་དང་སློབ་གསོའི་སྲོག་རྩ་ལ་རྐང་འཛིན་བྱེད་མཁན་གྱི་དགེ་རྒན་རྣམ་པ། ད་དུང་གདོད་མའི་མི་རིགས་ཤིག་གི་ཟུངས་གཞི་སྲུང་མཁན་གྱི་སྤུན་ཟླ་ཕོ་མོ་མང་པོ་ས་རྡོ་དང་ལྕགས་ཧྲུག་གི་བར་ཏུ་བརྣན་ཞིང་། མིག་ཟུང་ལྡེབས་བར་ནས་ཀྱང་འཇིག་རྟེན་དཀར་ངོགས་ནས་བྲལ་སོང་དུས།
ངའི་བླ་སྲོག་ལ་སྐུལ་མ་གཏོང་མཁན་དང་ངའི་འཚོ་བ་ལ་རེ་བ་སྤྲོད་མཁན་མེད་སོང་བའི་སྣང་བ་སྦྱིན་ཡོང་། ད་དུང་ལོ་ངོ་སྟོང་ཕྲག་མང་པོར་མི་རིགས་འདིའི་འཚོ་རྟེན་དང་ཚེ་སྲོག་ལ་འཐུམས་པའི་སྒོ་ཁའི་རྟ་ནོར་ལུག་གསུམ། ཐ་ན་བོད་ས་མཐོར་འཚོ་བའི་འབུ་སྲིན་ཞིག་ཡིན་ཡང་ཧམ་སེམས་དང་ཞེན་ཆགས་ཤོར་སོང་། སྤུན་ཟླ་ལགས། གནོད་འཚེ་དང་ཉམས་ཉེས་ཀྱི་ཁྲོད་དུ་ལྷག་པའི་སྤུན་ཟླ་ཚོ། ང་ཚོ་དང་ཁྱེད་ཚོ། ད་དུང་ང་ཚོའི་ཁྲག་རྒྱུན་གཅིག་གི་ཆེད་དུ་ཁྱེད་ཉིད་ཀྱིས་ངེས་པར་བློ་སྟོབས་མ་ཉམས་པ་གནང་རོགས། ཕ་ཁྱིམ་དང་སྤྲ་གུར་བཤིག་རལ་ལ་སོང་ཡང་རུང་། ལྷ་དང་བླ་མ་དཔོན་རོགས་ལ་མ་བྱུང་ཡང་ཆོག
ཡིན་ཡང་ཁྱེད་ཉིད་ཀྱི་དབུགས་རྒྱུན་ཆད་པར་ང་ལ་འདོད་པ་ཁྱོན་ནས་མེད། རི་བོའི་ཕ་ངོགས་སུ་གསོན་པར་གནས་པའི་ཁྱེད་ཚོའི་རེ་སྨོན་དང་བློ་སྤོབས་ཀྱིས་གཞི་ནས་ང་ཚོ་ལ་སྙིང་སྟོབས་དང་སྐུལ་མ་སྤྲོད་ཀྱིན་ཡོད། དེ་བས་ཁྱེད་ཚོས་ང་ཚོར་ཁྱེད་ཉིད་འཚོ་བཞུགས་མེད་པའི་ཚོར་བ་དེ་མ་སྤྲོད་རོགས་གནང༌།
ཁྱེད་ཀྱིས་ང་ལ་ཁྱེད་ཉིད་མེད་པའི་ཁེར་རྐྱང་གི་ལོ་ཟླ་དེ་མ་སྤྲོད་རོགས་གནང༌།

རྩོམ་རིག

Post navigation

Previous Post: ༄༅། །གདུགས་དཀར་མཆོག་གྲུབ་མ་བཞུགས་སོ། །
Next Post: ཞིང་འབྲོག་གྲོང་ཁྱེར་ཅན་དུ་བསྒྱུར་བར་ཁོང་ཁྲོ་གཏིང་ནས་ལངས་གི

Comments (6) on “ངས་བཟོད་ཀྱིན་མི་འདུག”

  1. ཐུབ་བསྟན། says:
    2010-04-16 at 11:28 pm

    ཚེ་རིང་སྐྱིད་ཐུགས་རྗེ་ཆེ།

  2. ཨ་རིག་འགྱུར་མེད། says:
    2010-04-17 at 12:09 am

    བཀྲ་ཤིས་བདེ་ལེགས། ངས་ཁྱེད་ཀྱི་སེམས་ཁོང་གི་རྡོ་སྒྲ་ཐོས་ཡོད། ཐུགས་རྗེ་ཆེ།

  3. tenpa says:
    2010-04-17 at 12:21 pm

    ཚེ་རིང་སྐྱིད་སྐད་ཆ་བཤད་པ་ཚང་མ་བདེན་པ་རེད་ཐུགས་རྗེ་ཆེ་

  4. tenpa says:
    2010-04-17 at 12:25 pm

    ཡུ་ཤུལ་ས་ཁུལ་མི་དམངས་ལ་སྐྱབས་འཇུག་དང་བསྔོ་བ་སྨོན་ལམ་ཡང་ཡང་འདེབས།

  5. ཟླ་བ། says:
    2010-04-18 at 12:52 am

    ཁྱེད་གསུང་དེ བདེན་པར་འདུག

  6. མུ་ཏོ་བ། says:
    2010-04-18 at 1:28 pm

    ཁྱེད་གསུང་དེ བདེན་པར་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme