Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་ཋམ་(Trump)ལ་རྒྱབ་སྐྱོར་མི་བྱེད་པ་རྒྱུ་མཚན་ཆེན་པོ་གསུམ་།

Posted on 2020-09-13 By ཁ་བརྡ 13 Comments on ངས་ཋམ་(Trump)ལ་རྒྱབ་སྐྱོར་མི་བྱེད་པ་རྒྱུ་མཚན་ཆེན་པོ་གསུམ་།

བཞག་ལྡོམ་ལྗང་ལོ།
 
དང་པོ། ང་རང་རྩམ་པ་ཟ་མཁན་་དང་སྒང་བ་བོད་པ་ཞིག་ཡིན་པའི་ཆ་ནས། བོད་པའི་ལས་དབང་ནི་གང་དུ་སོང་ཡང་། གང་ནས་བསྡད་ཀྱང་སེམས་སུ་ལུས་དང་གྲིབ་མ་ཅི་བཞིན་ཉར་ནས་ཡོད། དེའི་ཕྱིར། བོད་པའི་ལས་དབང་ནི་འཁོར་ཡུག་དང་འགྲོ་བ་མིའ་ཐོབ་ཐང། ཆབ་སྲིད་སོགས་སུ་འབྲེལ་བ་དམ་པོ་ཡོད་པས་ངས་དོན་ཚན་གསུམ་ཀྱི་ངོས་ནས་ཋམ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད།

དང་པོ། བོད་ཡུལ་ནི་ས་མཐོ་ཞིང་འཁོར་ཡུག་མཛེས་བ་དང། ཁ་དབུགས་གཙང་བ། དྭངས་ཤིང་གཙང་བའི་ཆུ་བོ་འདྲ་མིན་ཡོད་པ། གསེར་དངུལ་སྣ་ཚོགས་ཀྱིས་གྲུབ་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་ཡང་། དེ་རིང་རྒྱས་དབང་འོག་ནས་བོད་པའི་འཁོར་ཡུག་གི་སྣོད་བཅུད་ཉིན་རེ་བཞིན་ཉམས་ནས་འགྲོ་ཡི་ཡོད་པ་ཀུན་ཀྱིས་ཤེས་གསལ་རེད་མོད། སེམས་སྐྱོ་བ་ཞིག་ལ་ཋམ་གྱིས་མིས་བྱས་ཉེས་ཀྱིས་དབང་གི་འཁོར་ཡུག་ཉམས་པ་ནི་ནམ་ཡང་ཁས་ལེན་ཀྱི་མེད། དཔེར་ན། ཨ་རི་རྒྱལ་སྤྱིའི་འཁོར་ཡུག་ལྷན་ཚོགས་ནས་ཕྱིར་ཐེན་བྱས་མ་ཟད་ཨ་རིའི་འཁོར་ཡུག་སྲུང་སྐྱོབས་ཁྲིམས་གྲངས་ལས་འདས་བ་ཞིག་མེད་པ་བྱེད་ཀྱི་ཡོད་པའི་བོད་པའི་ལས་དབང་ལ་དེའི་ཕྱོགས་ནས་ཁོ་ལ་རེ་བ་བྱེད་ས་མེད། བློ་གཟུར་བོར་གནས་བ་ཚོས་ཤེས་འདོད་ན་དྲ་ཚིགས་འདི་བདེན་པ་གསལ་བོ་འདུག https://www.brookings.edu/policy2020/votervital/what-is-the-trump-administrations-track-record-on-the-environment/

གཉིས་པ། བོད་མི་རེ་འགས་ཋམ་ནི་ཨ་རིའི་སྲིད་འཛིན་ཡོད་ཚད་ཀྱི་ནང་ནས་རྒྱའི་སྟེང་ལ་མཁྲེགས་ཤོས་སུ་འདོད་དེ་བོད་ལ་ཆབ་སྲིད་ཀྱི་ཕྱོགས་ནས་རེ་བ་ཡོད་སྙམ་ཀྱི་ཡོད། རེད་དེ། གལ་སྲིད་ཁོས་རྒྱིའ་སྟེང་ལ་སྙིང་ཁོང་རུས་པའི་སྟེང་ནས་མཁྲེགས་པོ་བྱེད་ཀྱི་ཡོད་ན་འུ་ཚོ་བོད་མི་ཚོ་དགའ་འོས་བ་ཞིག་ལོས་ཡིན་མོད་ཀྱང་། དོན་དངོས་སུ་ཁོས་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལས་གཞན་གང་ཡང་མེད། དཔེར་ན། ཁོས་སྲིད་འཛིན་བྱས་ནས་ལོ་ངོ་བཞི་ཙམ་བུད་སོང་ཡང་ཁོས་རྒྱའི་སྟེང་ལ་ཚིག་ངན་བཤད་པ་ཁོ་ན་ལས་རྒྱ་ལ་གནོད་པའི་རིགས་གང་ཡང་བྱེད་མྱོང་མེད། དེ་ལ་རྒྱུ་མཚན་ཡོད། ཁོ་དང་ཁོའི་ནང་མི་རྣམས་རྒྱ་ནག་ལ་ཧ་ཅང་ཚོང་འབྲེལ་ཟབ་མོ་ཡོད་པས་ཁོས་འབྲེལ་བ་དེ་ནམ་ཡང་འདོར་གྱི་མ་རེད། དེའི་ཕྱིར། ཁོའི་ཨ་རིའི་ཉམ་འབྲེལ་རྒྱལ་ཚོགས་སྐུ་ཚབ་ Nikki Haley ༧གོང་ས་མཆོག་ལ་མཇལ་འདོད་ཡོད་ཀྱང་། ཋམ་ཀྱིས་རྒྱ་ནག་ཁོང་ཁྲོ་མི་བླངས་བའི་ཆེད་ཐུག་ཕྲད་མ་འཇུག་པ། ད་དུང་ཁོས་ཨ་རྒྱའི་ཚོང་འབྲེལ་མི་མཐུན་པའི་གནད་དོན་གང་ལ་ཐུག་ཀྱང་རྒྱའི་སྲིད་འཛིན་Xi་ངེད་གཉིས་ནམ་ཡང་འགྱུར་བ་མེད་པའི་གྲོགས་པོ་ཡིན་ཟེར། གཟུར་གནས་བ་ཚོས་ཤེས་འདོད་ན་ཁོས་Twitter ལས་བཤད་པ་འདི་རེད་།
https://mobile.twitter.com/realdonaldtrump/status/982954355509907457

དེའི་ཕྱིར་བོད་པའི་ཆབ་སྲིད་ཀྱི་ལས་དབང་ལ་ཁོའི་ཕྱོགས་ནས་རེ་བ་དེ་ཙམ་མེད་།

གསུམ་པ། བོད་པའི་ལས་དབང་ནི་འགྲོ་བ་མའི་ཐོབ་ཐང་དང་འབྲེལ་བ་དམ་པོ་ཡོད་ལ། ཨ་རིའི་གཞུང་སྒེར་ཟུང་གིས་དེ་ཕྱོགས་ནས་རོགས་རམ་ཡང་གང་ཙམ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཋམ་དང་ཁོའི་ཕོ་བྲང་དཀར་པོའི་ཆབ་སྲིད་ཀྱི་ལངས་ཕྱོགས་གཙོ་བོ་ནི་མི་རིགས་དབྱེ་འབྱེད་ལ་རྟེན་ནས་་ཡོད་པ་ཡིན་པའི། ཨ་རི་ནང་ཁུལ་ཀྱི་གྲངས་ཉུང་མི་རིགས་ཀི་ཐོབ་ཐང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འོག་ན་དཀའ་ངལ་ཡོད་པའི་མི་རིགས་དག་གི་གཞི་རྩའི་འགྲོ་བ་ཐོབ་ཐང་སོགས་ལ་སེམས་ཁུར་དེ་ཙམ་བྱེད་ཀྱི་མེད། ད་དུང་ཁོས་ཕྱི་མི་ཨ་རི་ལ་སྐྱབས་བཅོལ་ཡོང་མཁན་ཚོར་སྡང་སྡུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་ཡོངས་གྲོགས་རེད། དེའི་ཕྱིར། ཁོ་དང་ཁོའི་ཕོ་བྲང་དཀར་པོས་འགྲོ་བ་མའི་ཐོབ་ཀྱི་ཁྲིམས་གང་མང་ཞིག་ཨ་རའི་བཅའ་ཁྲིམས་ལས་མེད་པར་བྱས་དང་བྱེད་ཀྱིན་པ་འདུག དཔེར་ན། ༢༠༡༨/༤/༡༠/ ལ་ཋམ་གྱི་ཆེས་མཐོ་ཉེས་རྟོག་ཁང་ (Department of Justice )གིས་ཨ་རི་ལ་སྐྱབས་བཅོལ་ཡོང་མཁན་ཚོར་ཁྲིམས་མཐུན་རོགས་དངུལ་མེད་པ་བཟོས་འདུག གལ་སྲིད་བློ་གཟུ་བོར་གནས་་པའི་དཔྱོད་ལྡན་པ་ཚོས་ཤེས་འདོན་ན་དྲ་ཚིགས་འདི་ན་༢༠༡༧ ནས་༢༠༢༠ བར་ཋམ་ཀྱི་ཕོ་བྲང་དཀར་པོས་འགྲོ་བ་མིས་ཐོབ་ཐང་གང་མང་ཞིག་མེད་པ་བྱེད་པ་དངོས་ཡོད་གནས་ཚུལ་མེ་ལོང་ཅི་བཞིན་གསལ་བོ་བཀོད་འདུག Trump Administration Civil and Human Rights Rollbacks – The Leadership Conference on Civil and Human Rights དེའི་ཕྱིའ་བོད་པ་ཚོར་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ནས་ཁོ་ལ་རེ་ན་བྱེད་ས་དེ་ཙམ་མེད། ངས་གོང་དུ་བཀོད་པའི་གནས་ལུགས་དེ་དག་དང། གནས་ལུགས་དེ་དག་གི་རྒྱབ་ལྗོངས་བདེན་པ་དེ་དག་ལ་བརྟེན་ནས་ངས་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་།

གཤམ་དུ་གསལ་བཤད་ཁ་ཤས།

ཋམ་ལ་སྲིད་འཛིན་ཀྱི་གོ་ས་ཐོབ་རྗེས་ཁོའི་མིང་ཉིན་མཚན་ཀུན་ཏུ་གསར་འགྱུར་རྒྱུད་ལམ་ན་ཐོན་ཡོད་པ་བཞིན། བོད་མི་ཚོའི་ནང་ནས་ཁོའི་ཕྱོགས་ལ་བསམ་ཚུལ་སྣ་ཚོགས་དང། ལྷག་པར་བོད་ནས་འབྱོར་བའི་བོད་རིགས་གང་མང་ཞིག་གིས་ཋམ་ནི་རྒྱའི་སྟེང་ལ་མཁྲེགས་ཤོས་སུ་འདོད་ཀྱི་ཡོད་པ། ངོ་དེབ་དང་སྐད་འཕྲིན་སོགས་སུ་གླེང་གི་འདུག དེའི་ཕྱིར། ངས་བྱ་བའི་བྲེལ་ཚུབ་བར་ནས་(དོན་དངོས་སུ་ཋམ་སུ་ཡིན་ནམ་)ཞེས་བའི་བརྗོད་གཞིག་ཐོག་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་་ཕྱོགས་སུ་མ་ལྷུང་བར་ཁོའི་མི་ཚེའི་ལོ་རྒྱས་དང། ཁོའི་ཆབ་སྲིད་ལྟ་བ་གཞི་བཅོལ་ས་སོགས་སུ་ཞིབ་འཇུག་བྱེད་ཁུལ་ཙམ་བྱས་བ་ཡིན། ཅི་ལྟར་ཁོའི་མི་ཚེའི་ལོ་རྒྱུས་བཙལ་ན་དེ་ལྟར་ཁོས་གཡོ་རྒྱུ་དང་ཁྲམ་པ། ཉམས་ཆུང་ལ་དབང་གཡོ་་བྱས་བ་ཅེས་གསལ་ལས། ཁོས་དྲང་བོ་བྱས་པ་དང། ཉམས་ཆུང་ལ་རོགས་སྐྱོར་བྱས་བ་སོགས་ཉིན་མོའི་སྐར་མ་ལྟ་བུ་ལས་རྙེད་ཀྱི་མི་འདུག

དེའི་རྗེས་ཁོའི་ཆབ་སྲིད་ལྟ་བའི་འབྱུང་ཁུངས་བཙལ་བ་ཡིན། དང་པོ། ཁོའི་མང་གཙོ་ཚོགས་པ་བྱས་འདུག གཉིས་པ། སྤྱི་མཐུན་ཚོགས་པ་བྱས་འདུག དེའི་རིང་ཁོས་སྤྱི་མཐུན་ཚོགས་པ་ཡིན་ཟེར་ཀྱང་། དོན་དངོས་ཁོའི་ཆབ་སྲིད་ལངས་ཕྱོགས་དེ་གཉིས་ཀྱི་ལྟ་གྲུབ་དང་མཐུན་ཀྱི་མི་འདུག དེའི་ཕྱིར། དེའི་འབྱུང་ཁུངས་བཙལ་དགོས་ན་ཁོའི་འཇིག་རྟེན་ལྟ་སྟངས་འགོ་འཛུགས་སའི་ཁུངས་འཚོལ་དགོས་བས། ངས་ཁོའི་ཚ་མོ་Mary Trump གྱི་དེབ་Too much and Never Enough ཞེས་བའི་དེ་ཀློག་ཁུལ་ཙམ་བྱས་བ་ཡིན། དེབ་དེ་ལ་ལེའུ་བཅུ་བཞི་དང་ཤོག་ལེ་གཉིས་རྒྱ་ལྷག་ཙམ་ལས་མི་འདུག མ་གཞི་དེབ་དེའི་ནང་ན་ཁོའི་བསྐོར་གང་མང་ཞིག་བཤད་ཀྱི་འདུག་ཀྱང་། མདོར་བསྡུས་ན་ཁོ་ཆུང་དུས་ནས་སེམས་ཁམས་སུ་ཕ་མའི་བྱམས་བརྩེ་མ་རོགས་ཤིང་། སྤྱི་ཚོགས་གཞན་ལ་འགྲོགས་འདྲིས་ཉུང་བ། ཕ་རྒན་ཀྱིས་རང་ཉིད་ཁོ་ན་གལ་ཆེན་འཛིན་ཚུལ་དང” narcissism” རང་གི་ཆེད་དུ་སུ་ཡིན་ཡང་བློས་གཏོང་ཕོད་པ། གཞན་པའི་བདེ་སྡུག་ལ་སེམས་ཁུལ་མེད་པའི་མི་ཞིག་བྱས་འདུག ཁོ་ནི་ཆོས་ལུགས་པའང་རེད་མི་འདུག འོན་ཀྱང་ཨ་རིའི་ཆོས་ལུགས་ཀྱི་ལྟ་བ་ཧ་ཅང་མཁྲེགས་འཛིན་ཅན་ཚོ་ཁོ་ལ་དགའ་ཞིང། ཁོས་དེ་དག་གི་སེམས་ཁམས་འགུགས་ནུས་བའི་ཁུངས། ངས་དཔྱད་པ་ལྟར་ན་ Jeff Sharlet ཞེས་བ་ཞིག་གིས་བརྩམས་པའི་དེབ་ The Family ཞེས་བར་ཐུག་འདུག རྒྱུ་མཚན་ནི། དེབ་དེའི་ནང་དུ་ཚོང་བ་ཆེན་པོ་དང་ཆབ་སྲིད་པ་མང་པོ་ཞིག་གིས་ཆོས་ལུགས་ཀྱི་མིང་བེད་སྤྱོད་བྱེད་དེ་མི་རྒྱུད་དཀར་པོའི་སྟོབས་ཤུགས་དང་ཁོ་ཚོའི་ལྟ་གྲུབ་འཛམ་གླེང་ལ་ཁྱབ་ཐབས་བྱེད་ཀྱི་འདུག

མཇུག་དུ་གསལ་འདེབས་བྱེད་ཀྱི་ནི་ངས་ཋམ་གྱི་སྐོར་བྲིས་བ་ནི་ངས་གང་ཤེས་བ་དང། དེའི་རྒྱབ་རྟེན་ལ་བདེན་པ་གང་ཡོད་པ་ལ་བརྟེན་ནས་བཤད་ཀྱི་ཡོད་པ་ལས་ཀློག་པ་པོའི་ལྟ་བའམ་སེམས་ཁམས་དང་མཐུན་པའི་ངེས་བ་མེད་པས། གནས་ལུགས་དང་དེའི་རྒྱབ་རྟེན་དུ་བདེན་པ་ཁུངས་དག་བཅས་ཆན་འདེབས་མཁན་ཡོད་ན་ངས་ནམ་ཡང་དགའ་བསུ་བྱེད་ཀྱི་ཡོད་།

བསམ་ཚུལ།

Post navigation

Previous Post: ངའི་སྲིད་སྐྱོང་གི་འོས་མི་དག
Next Post: ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཐེ་ཝན་བོད་རིགས་ཚོགས་པས་གོ་སྒྲིག་གནང་བའིི་བོད་ཀྱི་མང་གཙོ་དུས་དྲན་ཐེངས་ ༦༠ པའི་ཐོག་བསྩལ་པའི་གསུང་བཤད།

Comments (13) on “ངས་ཋམ་(Trump)ལ་རྒྱབ་སྐྱོར་མི་བྱེད་པ་རྒྱུ་མཚན་ཆེན་པོ་གསུམ་།”

  1. གནམ says:
    2020-09-13 at 11:52 am

    Trump ཤེས་འདོད་ན། དེབ་ཀློག་ལ་དགའ་ན། འདི་བཀློགས་ནས་སྐད་ཆ་ཤོད((Speaking for Myself: Faith, Freedom, and the Fight of Our Lives Inside the Trump White House))གཞི་ནས་ཁྱོ་འཐོམ་སངས་ཡོང་། དེ་མིན་Too much and Never Enough ལས་མོའི་ཞེ་འཁོན་ཙམ་ལས་ང་ཚོ་ལ་དགོས་བའི་གནད་དོན་སྐྱག་སྒུང་ཙམ་ཡང་ཐོབ་ཀྱི་མ་རེད།

    ཁྱོས་ནམ་ཡང་((CNN, ABC, NBC, MSNBC, New York Times, Washington post))སོགས་ཇག་ཚོགས་ཀྱི་གསར་ཁང་གི་རྗུན་གཡོ་ལས་ཅིག་ཤེས་ཡོད་མཁྱེན་ཡོད་མ་བསམ་ཞིག།

    ཨ་རིའི་མི་མང་དང་ཨ་རི་ན་ཡོད་པའི་བོད་མི་འོས་ཤོག་ལ་ཐོབ་ཐང་ཡོད་མཁན་མང་ཤས་ཁྱོད་དང་ང་ལས་ལྷག་པའི་ཤེས་བ་ཅན་རེད། ((Tuesday, 3 November))ལ། དགྱ་འདྲེ་འམ་བོད་འདྲེ་ཁྱོད་ཅན་པོའི་ཁ་ནང་ལ་མཛུ་གུ་བཅུག་འཇོག་གི་རེད། ང་ཚོས་བལྟས་འདུག་དགོས། ཁྱོད་མ་སྔ། 3 November གི་ཕྱིའི་ཉིན་ངས་ཁྱེད་ལ། ངའི་རྐུབ་ནས་བབས་པའི་རིན་པོ་ཆེ་ཆེ་ཙམ་ཞིག་སེམས་གསོའི་ཚུལ་ལ། ཁ་བརྡ་རྒྱུད་ནས་སྐུར་ཐུབ་པ་བྱེད་དགོས།
    དོན་ཚན་གསུམ་པོའི་གནད་དོན་དང་པོ་་ Greta Thunberg ལ་གསོལ་བ་བཏབས་དང་མོས་བསལ་ཡོང་གི་རེད།
    གནད་དོན་གཉིས་བ་དང་གསུམ་པ་མི་ལོ་ལྔ་བཅུ་ཡས་མས་ལ་མགོ་སྐོར་མགོ་གཡོག་བཏང་མཁས་པའི་གཡོ་ལྕམ་Pelosi དང་འཆོལ་རྒན་Bidenགཉིས་ཀྱིས་བསལ་ཚར་བ་རེད། ད་རང་སྒོམ་སྐྱིད་པོ་བརྒྱབས་ནས་བསྡད་ན་ཡག་ཤས་རེད། རེ་བ་ཚང་མ་སྟོང་པ་རེད།

  2. བཞག་ལྡོམ་ལྗང་ལོ་། says:
    2020-09-13 at 2:47 pm

    མོ་Sarah Sanders ཕོ་བྲང་དཀར་པོ་ནང་ན་ཡོད་སྐབས་དུས་རྒྱུན་དུ་གསར་འགོད་པ་ཚོར་རྫུན་བཤད་ཀྱི་ཡོད་པ་ཚང་མས་ལོས་ཤས་། ཁྱེད་ཀྱིས་མོའི་དེབ་བཀླགས་ཚར་ཡོད་ས་རེད་། མོའི་དེབ་ཀྱི་ནང་ན་གང་ཞིག་བཤད་ཀྱི་འདུག་? ངས་མི་རིང་བར་དེ་བཀླག་ངེས་ཡིན་ལ་མོས་རྫུན་གང་ཙམ་བཤད་ཡོད་པ་ལྟ་དགོས་། ངས་ཡང་སྐྱར་ཁ་གསལ་བཤད་དགོས་བ་ལ་ང་རང་བོད་པ་ཞིག་དང་བོད་པས་རིག་གཞུང་གིས་བསྐྱངས་བའི་སེམས་ཁམས་ཅན་ཞིག་དང་། ལས་འབྲས་ཁས་ལེན་པའི་ནང་བ་ཞིག་ཡིན་མ་གཏོགས་ཡེ་ཤིའུ་བའམ་མིན་། ད་དུང་གནའ་ལུགས་འཚོལ་བ་ལས་ཨ་རིའི་ཆབ་སྲིད་ཚོགས་པ་སུ་ཡིན་ལ་དོན་སྣང་ཅི་ཡང་མེད་ལ་མ་འོངས་བ་ཡིན་ནའང་མེད་། དྲི་བ་Trump གྱིས་བོད་དོན་ལ་ཅི་ཞིག་བྱེད་སོང་? གནས་ལུགས་དང་དེའི་རྒྱབ་ན་བདེན་པ་ཡོད་ན་ངས་ཁས་ལོས་ལེན། གནས་ལུགས་དང་བདེན་པ་མེད་ན་། ཡག་ཤོས་ཁྱེད་ཀྱི་སྐྱབས་མགོན་Trump ལ་བསོལ་བ་འདེབས་བཞིན་ཞྭ་དམར་དེ་གོན་ལ་ཁོ་གང་དུ་སོང་ན་དེར་སོང་དང། ཁྱོས་སྨོན་ལམ་ཐེབས་སོང་ན་ཁྱོད་མགོའི་སྐྲ་སེར་པོ་དང་ཤ་དཀར་པོ་ཆགས་དེ་ཁྱེད་རང་ཁོའི་ཐུགས་སྲས་སུ་འགྱུར་ནི་རེད་། དེ་མ་ཆགས་ན་ཁྱེད་རང་ཁོའི་ཆབ་སྲིད་དང་དད་མོས་བྱེད་སའི་དཀྱིལ་འཁོར་ན་མེད་ཀི་།

  3. གནམ says:
    2020-09-13 at 10:41 pm

    ཁྱོད་ཅན་པོ། Fearmonger ལ་བདེ་སྐྱིད་འཚོལ་བའི་ནུས་བ་མེད།
    ཁྱོད་ཅན་པོ། A peanut brain ལ་བདེན་པ་མཐོང་བའི་ཤེས་རབ་མེད།
    ཁྱོད་ཅན་པོ། An accuser ལ་ལས་འབྲས་བཤད་པའི་ཐོབ་ཐང་མེད།
    ཁྱོད་ཅན་པོ། ལྟ་བ་མེད་པའི་ལྟོ་ཟན་ལ་མང་ཚོགས་སྒུལ་བའི་ནུས་པ་མེད།
    ཁྱོད་ཅན་པོ། ལངས་ཕྱོགས་མེད་པའི་བོད་རིགས་ལ་བོད་དོན་སྐྱོངས་བར་ཆོད་སེམས་མེད།

    སྤྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་ནས། ཁྱོད་ཅན་པོ་ཚང་མ་སྨྱོ་ནན་གྱིས་འཛིན་རྒྱུ་ཡིན་པས། ང་ཁྱོད་ཀྱི་བླ་སྨན་བྱེད་དུ་སྨུག་པོ་གདོང་གི་ཤ་མདངས་རྒྱས་བཞིན་ཕེབས་དགོས། ཁྱོད་དགའ་ནི་བྱོས།

  4. ལ་དྭགས་འཇམ་དཔལ།། says:
    2020-09-14 at 8:51 am

    བོད་དོན་སྐྱོང་བར་ཆོད་སེམས་མེད།
    ཡང་ན།
    བོད་དོན་བསྐྱངས་པར་ཆོད་སེམས་མེད།

    དེ་འདྲམིན་འགྲོ་འམ།

  5. ཇ་མ། says:
    2020-09-14 at 12:56 pm

    གང་ལྟར་འཛམ་གླིང་རྒྱལ་པོ་སྐུ་ཞབས་དགྲ་གནོན་ཁྲོ་ཕུར་ཡིན་ནི་རེད།

  6. བཞག་ལྡོམ་ལྗང་ལོ་། says:
    2020-09-14 at 1:54 pm

    མ་གཞི་དོན་དངོས་དང་མཐུན་པའི་སྐན་ཆ་རེ་འུ་བཤད་བསན་བྱུང་། ཡིན་ཡང་། ཡར་སྐྱར་ཁྱི་སྨྱོན་ལྕགས་ཐག་སྣེ་ན་ཤོར་འདུག་པས་སྨྱོན་རྟགས་གང་སར་སྟོན་ཀྱི་འདུག་། ཁྱི་སྨྱོན་དེའི་སྨྱོན་རྫས་ Saudi Arabia པས་Trump ལ་སྦྱིན་བདག་བྱས་ཏེ་། ཁོའི་བུ་མོ་བཟའ་ཟླ་གཉིས་ཀྱིས་རྒྱ་ནག་ནས་བཟོས་ཤིང་། ཨུ་རུ་སུའི་གསང་བའི་ལས་ཁུང་གིས་ཕོ་བྲང་དཀར་པོའི་ནང་ལ་ཁུར་ཡོང་རབ་་ཟེར་། མཐའ་མ་ལས་ངན་ཁྱི་རྒན་གནམ་གིས་འཐུང་རབ་ཟེར་། གཅིག་བྱས་ན་རྒྱ་ཁྱི་ཡིན་ན་ཐང་གཟབ་གཟབ་བྱེད་བོད་མི་ཚོ་། སྨྱོན་རྒན་དྲ་སྟེང་ལ་ནམ་ཡོང་ལ་བོད་མིའི་བར་་གཞི་མེད་ཁུངས་མེད་སྐྱག་རྫུན་ཁོ་ན་བཤད་ཀྱི་འདུག་གཟབ་གཟབ་བྱོས་ཁྱི་སྨྱོ་ལ་།

  7. བཞག་ལྡོམ་ལྗང་ལོ་། says:
    2020-09-14 at 1:55 pm

    བསམ་བྱུང་།

  8. བློ་བཟང་། says:
    2020-09-15 at 8:39 am

    ཁ་བརྡ་ཚང་གཟབ་གཟབ་བྱས་མིན་འདི་རྒྱ་ཁྱི་ཡིན་ས་རེད།

  9. ཀརྡོ་རབ་འབྱམས་པ་ says:
    2020-09-16 at 12:25 am

    ཞི་གཅིན་པིན་གྱི་དམར་ཤོག་ཚོགས་པའི་གཞུང་དེ་ཕམ་འགྱུར་ཅིག ཊོ་རོམ་དང་། ཨ་རིའི་མངས་གཙོའི་རྒྱལ་ཁབ་རྒྱལ་འགྱུར་ཅིག མདོར་ན། བོད་དང་བོད་མིའི་བདེན་པར་བདེན་རྒྱབ་བྱེད་མཁན་ཚང་མ་རྒྱལ་འགྱུར་ཅིགུ

  10. ཚེ་བརྟན་འགྱུར་མེད། says:
    2020-09-16 at 1:56 pm

    གནས་དོན་འདིའི་སྒང་འཆད་རྩོད་མ་ཞུས་ན་ལེགས་པའམ་བཟང་ཆ་ཆེ། བོད་དོན་པ་ཞིབ་ཕན་ཐོག་བྱུང་ཡོད་པ་མ་ཟད་ང་ཚོའི་དགྲ་བོར་ཁ་གཏན་བཅོག་མཁན་དངོས་དེ་ཡིན། རྩ་པའི་བོད་པར་ལ་རྒྱ་ཡོད་དང་མེད་ཚོད་དཔག་དཀའ། འགྲོ་བ་སྤྱི་དང་ཨ་རི་བ་དམངས་ཀྱི་ཕན་བདེ་ལ་ཞིབ་ན་གནས་ཚུལ་གཞན་ཞིག་ཡིན།་དེ་ཡང་གལ་ཆེ་ཡིན།

    གཞི་ནས་བོད་མི་དང་ཨ་རིའི་འོས་གཉིས་སུ་བསམ་ན་ཆུའི་ནང་རྟུག་དྲི་བཏང་པའི་དཔེ་ལྟར་ལས་མེད་པས་ཕན་མེད་ཀྱི་ལས་དེ་ཕར་བཞོག སོ་སོའི་མཁེ་དབང་སྤྱོད་ན་ཁུ་བསིམ་ངང་སྤྱོད།

  11. བསམ་ཤེས། says:
    2020-09-17 at 2:58 pm

    བཞག་ལྡོམ་ལྗང་ལོས་རྩོམ་དེ་ལྟར་སྤེལ་བར་ཐུགས་རྗེ་ཆེ་ཞུ། དོ་སྣང་ཡག་པོ་བྱས་འདུག ཞིབ་འཇུག་ཡང་ཏོག་ཙམ་བྱས་འདུག གཙོ་བོ་དོ་སྣང་གཟབ་ནན་ཐོག་བདེན་དཔུང་ལ་བརྟེན་ནས་རང་གི་ལྟ་བུ་འབྲི་ཐབས་བྱས་པ་འདི་ལེགས། ཐུགས་རྗེ་ཆེ།

    དོན་ཚན་གཉིས་པ་ཋོམ་གྱིས་རྒྱ་ནག་ལ་དོན་དངོས་མཁྲེགས་པོ་བྱས་མེད་པའི་སྐོར་དེ་དངོས་ཡོད་དང་མཐུན་མ་སོང་།

    ༡༽ ཋོམ་གྱིས་སྔ་ཕྱི་ཁྲལ་ལྡབ་སྤར་གྱིས་རྒྱ་ནག་གི་ཚོང་ཨ་རིར་འཐེན་རྒྱུར་ཁ་ཡོད་ལག་ཡོད་ཀྱི་འགོག་རྐྱེན་བཟོས་ནས། ཨ་རིར་རྒྱ་ནག་གི་ཚོང་རྫས་འཐེན་རྒྱུ་དེ་བརྒྱ་ཆ་༢༦ཙམ་ཆགས་ནས། རྒྱ་ནག་ལ་དཀའ་ངལ་ཆེན་པོ་སྤྲད་པ་དེ་ལ་ཁྱེད་ཀྱི་དགོངས་ཚུལ་གཅིག་གསུངས་རང་། ཋོམ་ཕར་ཕུད་པའི་ཨ་རིའི་སྲིད་འཛིན་སུས་ཡང་དེ་ལྟར་བསྒྲུབས་མེད།

    ༢༽ ཋོམ་ནི་རྒྱ་ནག་ལ་ལྟ་བ་མཁྲེགས་ཤོས་དེ་འཛིན་མཁན་ཡིན་པ་ཨ་རིའི་དམངས་གཙོ་ཚོགས་པའི་ཆབ་སྲིད་པ། རྒྱལ་བ་རིན་པོ་ཆེའི་གྲོགས་པོ། ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་སྤྱི་ཁབ་པ་ཟུར་པ། ཌ་ཡེ་ན། ཧྥན་སི་ཋན་གྱིས་བརྙན་འཕྲིན་ཐོག་ཁྱབ་བསྒྲགས་བྱས་སོང་། ཁོང་གིས་གསུངས་པར། སྔོན་བྱོན་ཨ་རིའི་སྲིད་འཛིན་ལྔ་ཡིས་སྐུ་ལས་ཆེན་པོ་བརྒྱབ་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དང་ཟབ་མོ་དེ། ཋོམ་གྱིས་ལོ་གཉིས་ནང་ལ་བསྐྱུར་སོང་ཞེས་བཤད་པ་ལྟར་དོན་ལ་གནས་འདུག རྒྱུ་མཚན་གསུམ་རེད།

    གཅིག ཋོམ་གྱས་ཐེ་ཝན་གཞུང་ལ་འབྲེལ་བ་གཏིང་ཟབ་ཏུ་བཏང་ཡོད། ཐེ་ཝན་ལ་གཞུང་ཚབ་རྒྱ་བསྐྱེད། ཐེ་ཝན་སྲིད་དོན་པ་ཨ་རིར་ཡོང་ཆོག་པ། ཐེ་ཝན་གྱི་སྲིད་འཛིན་ལྷོ་ཨ་རིར་ཕེབས་སྐབས། ཨ་རིའི་ས་ཁོངས་གང་ལ་ཡང་གནམ་གྲུ་འབབ་ཀྱང་དམིགས་བསལ་ཆོག་མཆན་ཡོད་པ། ད་བར་དེ་ཨ་རིའི་སྲིད་འཛིན་སུ་ཞིག་གིས་ཀྱང་ལག་བསྟར་བྱ་མྱོང་མེད། དྲ་རྒྱའི་ཐོག་ཕེབས་ནས་གཟིགས་དང་།

    གཉིས། ཋོམ་གྱི་མཐོ་རིམ་ལས་བྱེད་བསྐོ་བཞག་བྱས་པ་མང་ཆེ་བ་གཙོ་བོ་རྒྱ་ནག་དགྲར་འཛིན་མཁན་ཤ་སྟག་རེད། དཔེར་ན། སྲིད་འཛིན་གཞོན་པ་ཕེན་སི་བདམས་དགོས་པའི་རྒྱུ་མཚན་ནི་ཁོང་རྒྱ་ནག་ཐོག་ལ་ལྟ་བ་མཁྲེགས་པོ་ཡོད་པས་ཡིན་པ་གསལ་པོ་རེད།

    གསུམ། ཋོམ་གྱིས་ཡང་བསྐྱར་ཕྱི་སྲིད་བློན་ཆེན་ཕན་ཕེའུ་བསྐོས་པའི་ཆ་རྐྱེན་གཅིག་ཁོང་ཡང་རྒྱ་ནག་གི་ཐོག་ལ་ཤིན་དུ་ལྟ་བ་མཁྲེགས་པོ་རེད། དེ་དག་ལ་བསམ་བློ་བཏང་ན། ཋོམ་རྒྱ་ནག་ལ་བློ་དགའ་རེད་ཟེར་བ་བདེན་པ་མིན་པོ་གསལ་པོ་མ་རེད་དམ།

  12. བཞག་ལྡོམ་ལྗང་ལོ་། says:
    2020-09-17 at 6:05 pm

    ༡༽བོད་མི་རེ་འགས་བདེན་པ་གཙོ་བ་ལས་ཚོར་བ་གཙོ་བོ་དང་། གནས་ལུགས་གཙོ་བ་ལས་ཁོང་ཁྲོ་གཙོ་བོ་བྱེད་ཀྱི་ཡོད་ཀྱང་བསམ་ཤེས་ཀྱིས་དེ་ལྟར་མ་བྱས་པར་བམས་ཚུལ་དྲང་བཤད་པར་ངས་སྙིང་ནས་གུས་བརྩི་བྱེད་ཀྱིད་ཡོད་།
    ངས་བཤད་པ་རྣམས་ངས་གང་ཤེས་བ་དང་། དེའི་རྒྱབ་ཀྱི་བདེན་པ་ལ་བརྟེན་པ་ལས་ཡོད་ཚད་ཁྱབ་དཀའ་བ་ནི་ཆོས་ཉིད་ཅིག་རེད་། ཁྱེད་བདེན་ཀི་། ཨ་རྒྱའི་ཚོང་འབྲེལ་བར་Trump གྱིས་རྒྱའི་སྟེང་ལ་མཁྲེགས་པོ་བྱས་སོང་ལ་རྒྱས་ཚུར་ཨ་རི་ལ་མཁྲེགས་པོའང་བྱས་སོང་། དེའི་རྐྱེན་བྱས་ནས་ཨ་རིའི་ཞིང་པ་ཚོའི་ཕག་ཤ་དང་འབྲུ་རིགས་དུས་ལྟར་བཙོང་མ་ཐུབ་པར་གྱོང་གུད་ཐེབས་དེ་ཨ་རིའི་མི་དམངས་ཀྱི་དཔྱ་ཁྲལ་ལས་ཞིང་བ་དེ་དག་ལ་རོགས་དངུལ་སྤྲད་དགོས་བྱུང་སོང་། ཞིང་བ་རེ་འགས་Trump ལ་ངེད་ཚོར་དགོས་བ་ནི་རང་གིས་དཀའ་ལའ་རྒྱབ་པའི་འབྲུ་རིགས་བཙོང་རྒྱུ་དེ་ཡིན་པ་ལས་རོགས་དངུལ་མིན་བཅས་སྐྱོན་བརྗོད་བྱེད་པའང་ཡོངས་གྲགས་རེད་། གཞན་ཨ་རིའི་དཔལ་འབྱོར་རིག་པ་བ་མང་བོ་ཞིག་གིས་བཤད་པ་ལྟར་ན་Trump ཀྱིས་དཔྱ་ཁྲལ་སྤར་ས་དག་ནི་རྒྱའི་ཐོན་སྐྱེད་འབྲས་བུ་དང་། རྒྱའི་བཟོ་གྲྭ་མ་ཡིན་པར་ཨ་རི་རང་གི་བཟོ་གྲྭ་ཁང་རྒྱ་ནག་ན་ཡོད་པ་དེ་དག་ཡིན་ལ་། དེར་བརྟེན་། བཟོ་ལས་ཁང་དེ་དག་གིས་ཚོང་རྫས་རིན་གོང་ཡར་སྤར་ཡོང་པའི་ཨ་རི་བ་ཚོའི་དངུལ་ཁུག་ནང་ལ་གྱོང་རོགས་ཀྱི་ཡོད་ཟེར་།
    ༢༽རེད་དེ་། ངས་Trump་གྱིས་རྒྱ་རྒན་ཚོའི་སྟེང་ལ་མཁྲེགས་པོ་བྱས་མ་སོང་ཞེས་པའི་རྒྱུ་མཚན་ནི་འགྲོ་བ་མིའི་ཐོབ་ཐང་དང་ཁོ་དང་ཁོའི་ནང་མི་རྒྱ་ནག་ལ་ཚོང་འབྲེལ་དམ་པོ་ཡོད་པ་བརྟེན་ནས་བཤད་ཀྱི་ཡོད་། ཡིན་ཡང་ཁོའི་ནང་མིའི་སྐོར་ངས་བསྐྱར་ཟློས་དང་ཡང་ཟློས་མི་བྱེད་།འགྲོ་བ་མའི་ཐོབ་ཐང་གི་ཕྱོགས་ནས་ཨ་རིའི་སྲིད་འཛིན་གོང་མ་ཚང་མས་རྒྱ་ནག་ལ་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བཤད་ཡོད་། ཡིན་ཡང་། Trump གྱིས་དེའི་སྐོར་ནས་ནམ་ཡང་རྒྱ་ལ་སྐྱོན་བརྗོད་བྱེད་མ་སོང་བ་མ་ཟད་ཧོང་གོང་དང་ཡུ་གུར་བ་ཚོའི་སྟེང་ལ་རྒྱས་ཁྲིམས་མེད་ལུགས་མེད་བྱེད་པར་། ཁོས་རྒྱའི་བདེ་འཇགས་ཆེད་དགོས་ངེས་ཤིག་རེད་ཟེར་བ་གསར་ལམ་ན་ཐོན་ཡོད་ལ་། ཁོའི་རྒྱལ་སྲུང་སློབ་སྟོན་པའི་དེབ་ནང་ན་ནའང་བྲིས་ཡོད་།་ད་དུང་འུ་ཚོ་བོད་པའི་ཕྱོགས་ནས་Trump གྱིས་ཁོའི་ཨ་རིའི་ཉམ་འབྲེལ་རྒྱལ་ཚོགས་སྐུ་ཚབ་༧གོང་ས་མཆོག་དང་མཇལ་དུ་མ་འཇུག་པའང་ཁོའི་རྒྱལ་སྲུང་སློབ་སྟོན་ལའི་དེབ་ནང་ན་བྲིས་ཡོད་། ལྷག་པར་Trump གྱིས་འགྲོ་བ་མའི་ཐོབ་ཐང་ལ་ལྟ་སྟངས་དེ་དང་ཁོས་བྱེད་ལས་དེ་དག་ལ་བརྟེན་ནས་ཆབ་སྲིད་སོགས་ཀྱིས་དཀའ་ངལ་འོག་ན་ཡོད་པ་མི་རིགས་ཚོ་ལ་མཚོན་ན་སྐྱབས་མེད་མགོན་མེད་དུ་གྱུར་ཡོད་།
    ༣༽ ཁྱེད་རང་ཧ་ཅང་བདེན་ཀི་། ཨ་རའི་སྲིད་འཛིན་གོང་མ་ཚོས་ཐེ་ཝན་ལ་དྲག་མཚོན་ཀྱིས་རོགས་བྱེད་པ་དང་རྒྱ་ལ་སྐྱོན་བརྗོད་བྱས་བ་ལས་། Trump གྱི་ཕོ་བྲང་དཀར་པོ་ལྟར་ཡོངས་གྲགས་ཀྱིས་གཞུང་འབྲེལ་བྱེད་མེད་།
    Trump གྱིས་ཕོ་བྲང་དཀར་པའི་ལས་བྱེད་་བསྐོད་སྟངས་སོགས་ལ་ནང་སྲིད་དང་ཕྱི་སྲིད་ཟུང་གི་ངོས་ནས་ལྟ་དགོས་ཀྱི་རེད་ལ་། དེའུ་སྐོར་དཔྱད་བརྗོད་བྱེད་པ་ལས་Trump་གྱི་དམིགས་ཡུལ་དངོས་ཤེས་དཀའ་བ་ཞིག་རེད་། གང་ལྟར་ངས་ལྟས་ན་Trump གྱི་ཆབ་སྲིད་ཀྱི་རྒྱབ་རྟེན་གཙོ་བོ་ནི་ཧ་ཅང་ལྟ་བ་མཁྲེགས་པའི་ཡེ་ཤུའི་ཆོས་དད་པ་ཡིན་པ་བཞིན་ཁོའི་སྲིད་འཛིན་གཞོན་པའང་ཁོང་ཚོ་ནང་བཞིན་རེད་། དཔེར་ན་། ཁོའི་སྲིད་འཛིན་གཞོན་པ་ཕོ་མོ་མ་ནིང་ལུས་ཅན་དང་། མཚན་མཐུན་ཆགས་སྤྱོད་པ་། བུ་མེད་སྐྱེ་སྒོ་དགག་པ་། མི་དཀར་རིགས་རྒྱུད་གཞན་ལ་གཉེན་བསྒྲིགས་བྱས་བ། ཡུལ་མི་སྐྱབས་བཅོལ་བ་ལ་མི་དགའ་བ་ལྟ་བུ་རེད་།
    ཕྱི་སྲིད་ཀྱི་ཕྱོགས་ནས་རོལ་དབྱངས་ལ་བརྟེན་ནས་གར་ཁྲབ་བཤད་པ་བཞིན་Trump གྱིས་གང་ཞིག་འདོད་ན་དེ་ལྟར་བྱེད་ཀྱི་ལས་ཁོང་ཚོའི་ལྟ་བ་བཤད་ས་ཡོད་ཀྱི་མ་རེད་ལ་བཤད་པའི་དབང་དུ་བཏད་ན་ཁོང་ཚོའི་ལས་དཀའ་ཤོར་བ་མིག་ཅན་པ་ཚོས་ལྟས་ན་ཤེས་བ་དེ་རེད་།
    རེད་ཡ་། དྲ་གྲོགས་ལགས་། གོང་དུ་ངས་བཤད་པ་དེ་དག་ནི་ངའི་དྲན་པའི་ནང་ན་གང་ཡོད་པ་དང་ཐོལ་བྱུང་བསམ་ཚུལ་རྣམས་ཁྱེད་ཀྱི་དྲི་ལན་དུ་བྲིས་བས་ལས་དཔྱད་བརྗོད་དམ་དཔྱད་ཡུལ་བཙལ་མེད་པ་བརྟེན་། ཁྱེད་ཀྱིས་འདོད་པའི་དྲི་ལན་དག་དག་མ་ཡིན་ན་དགོངས་དག་།

  13. བསམ་ཤེས། says:
    2020-09-18 at 3:30 pm

    བཞག་ལྡོམ་ལྗང་ལོ་ལགས།

    ཁྱེད་ཀྱི་ལྟ་ཚུལ་དངོས་ཡོད་ཀྱི་རྒྱབ་དཔང་ལ་བཏུགས་ནས་ལྷུག་པོར་གསུངས་པར་ཐུགས་རྗེ་ཆེ། དེས་ངའི་བློ་རྒྱ་བསྐྱེད་པར་ཕན་སོང་།

    ངས་ནི་བདེན་པ་ནི་ཇི་ཙམ་གྱི་དཔང་རྟགས་མང་བ་དང་། རྒྱུ་ཆ་མང་བའི་ནང་ལ་ཡོད་པར་འདོད་པས། ངས་བདེན་པར་འཛིན་པའི་དངོས་པོ་དང་། ཁྱེད་ཀྱི་བདེན་པར་འཛིན་པའི་དངོས་པོ་དེ་དག་ནང་ལ་ངེད་གཉིས་ཀྱིས་འཚོལ་བཞིན་པའི་བདེན་པ་དེ་ཡོད་པ་ཤེས་ཀྱི་ཡོད་པས། ད་དུང་མུ་མཐུད་དོ་སྣང་བྱེད་ཀྱི་ཡིན། ཐུགས་རྗེ་ཆེ། བདེ་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme