Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་ཁྱེད་ག་དུས་མཇལ་ཐུབ་བམ།

Posted on 2011-02-042011-02-04 By ཡེ་ཤེས་ 26 Comments on ངས་ཁྱེད་ག་དུས་མཇལ་ཐུབ་བམ།

tibetan-girl-weaving
ཀླུ་སྨྱོན།
ཁ་པར་འདིའི་དྲིན་ལས་ངས་ཁྱེད་རང་རྙེད་བྱུང་།

ཁ་པར་འདི་བརྒྱུད་ནས་ངས་ཁྱེད་རང་མཇལ་བྱུང་།

ཁྱེད་རང་སྐད་གྲགས་ཆེ་བའི་ཨ་རིའི་རྒྱལ་སར་བཞུགས་ཡོད་ཅིང་།

ལས་ཁུངས་ཡག་པོ་ཞིག་ཏུ་ཕྱག་ལས་གནང་གིན་ཡོད་ལ།

གླ་ཕོགས་ཀྱང་ང་ལས་ལྡབས་འགས་མཐོན་པོ་ཞིག་ལེན་བཞིན་ཡོད་པ་བདེན་ཡང་།

ཁྱེད་ཀྱང་ང་དང་འདྲ་བར་སྐབས་རེར་སུན་སྣང་དང་ཁེར་རྐྱང་གི་སྡུག་བསྔལ་གྱིས་མནར་བཞིན་ཡོད།

ཁྱེད་ཀྱང་ང་དང་འདྲ་བར་མི་ཡུལ་གྱི་འཚོ་བའི་མནར་གཅོད་དང་ས་མཐའི་སྐྱོ་གདུང་གིས་གཙེ་བཞིན་ཡོད།

ཁྱེད་ཀྱི་སྐྲ་ལོ་ལས་ཉི་འོད་ཀྱི་ཚོན་མདངས་འཕྱུར་ཞིང་།

ཁྱེད་ཀྱི་མཆུ་འདབ་ལས་རྒུན་ཆང་གི་དྲི་ངད་འཐུལ་བཞིན་ཡོད་པ་བདེན་ཡང་།

ཁྱེད་ཀྱི་སེམས་པའི་གྲུ་ཟུར་ཞིག་ཏུ་སྐྱོ་སྣང་གི་ཕྲ་ཕུང་མང་པོ་ཞིག་གིས་གནས་མལ་བཅས་ཤིང་།

ཁྱེད་ཀྱི་མདུན་ཅོག་སྟེང་གི་ཤོག་དཀར་མང་པོ་ཞིག་ཀྱང་སྐྱོ་སྣང་རིང་ལུགས་ཀྱི་སྙན་ངག་མང་པོ་ཞིག་གིས་ཁེངས་བསྡད་ཡོད།

ནམ་རྒྱུན་བསིལ་རླུང་ལྡང་བའི་ཞོགས་པ་རེ་རེ་བཞིན།

ངས་ཁྱེད་རང་གློག་ཀླད་བརྒྱུད་དེ་མཇལ་ཐུབ་པ་དང་།

རྟག་པར་མཁའ་མཐའ་དམར་བའི་དགོང་མོ་རེ་རེ་བཞིན།

ངས་ཁྱེད་རང་གློག་ཀླད་ཀྱི་ཤེལ་ཡོལ་ནང་དུ་མཇལ་ཐུབ་ན་ཡང་། །

རང་སེམས་ལ་བདག་པོ་ཇི་ལྟར་རྒྱག་དགོས་པ་མི་ཤེས་པའི་ང་ལ་མཚོན་ན།

ཁྱེད་ནི་ཤེལ་སྒོའི་ནང་གི་མོག་མོག་དངོས་མ་དེ་རང་ཡིན་པ་དང་།

ཁྱེད་ནི་གློག་ཀླད་ནང་གི་མཛེས་མ་ཆོ་འཕྲུལ་ཅན་ཞིག་ཡིན་པ་ལས།

ཁྱེད་ནི་ལུས་པོ་ཤ་ཁྲག་ལས་གྲུབ་པའི་ཨ་མདོའི་བུ་མོ་ཞིག་ནམ་ཡང་མིན་པ་དང་།

ཁྱེད་ནི་མིའི་བརྩེ་དུང་ལ་བསམ་བློ་གཏོང་ཤེས་པའི་མཁའ་འགྲོ་མ་ཞིག་ཀྱང་རྩ་ནས་མ་རེད།

ཚན་རིག་གི་ཁྱད་ཆོས་ལྡན་པའི་བསམ་ཚུལ་ཞིག་གིས་ང་ལ་བརྗོད་པར།

ཁྱེད་ཀྱི་ཤ་ལོ་དཀར་བ་དེ་ནི་ཁྱེད་སེམས་སྦུག་དོག་པོའི་ངང་ཉི་འོད་མི་ཕོག་ས་ཏག་ཏག་ཏུ་བསྡད་པས་ཡིན་ལ།

ཁྱེད་ཀྱི་གཟུགས་པོ་མཛེས་པ་དེ་ནི་སྐྱེ་བོ་འདོད་ཆགས་ཅན་དུ་མ་ཞིག་གིས་རྟོག་བཟོ་བྱས་པ་འབའ་ཞིག་རེད།

གལ་སྲིད་ཁྱེད་ཀྱིས་མི་སེམས་ཀྱི་དྭངས་གཙང་གི་བརྩེ་བ་རྡོག་རོལ་ཏུ་བཏང་བ་ཡིན་ན།

ཁྱེད་ཀྱི་མི་ཚེའི་ནང་ཆེས་ཡིད་སྐྱོ་བའི་ཉིན་མོ་དེ་ནས་བཟུང་སྟེ།

ཁྱེད་ཀྱིས་བྲིས་པའི་སྙན་ངག་དག་ལ་ཡང་བསླུ་བྲིད་ཀྱི་རང་བཞིན་ལས་མེད་པ་དང་།

ཁྱེད་ཀྱིས་བྲིས་པའི་ལྷུག་རྩོམ་དག་ལ་ཡང་དེ་ཙམ་གྱི་ཡིད་འགུག་མེད་པར་འགྱུར་སྲིད།

གང་ལྟར་ཁྱེད་ཀྱི་མི་ཚེར་བདེ་སྐྱིད་ལྡན་པར་ཤོག

གང་ལྟར་ཁྱེད་ཀྱི་མི་ཚེ་ཁྱེད་ལ་དབང་བར་སྨོན།

ཆེས་མཐའ་མ་མཐའ་མ་ཞིག་གི་ཉིན་མོར།

ང་རང་ཕྱིར་རང་གི་ཉལ་ཁང་དུ་ལོག་ཅིང་།

མདུན་ཅོག་སྟེང་དུ་ལོ་འགར་ལག་པ་མ་འཆང་བར་ལུས་པའི་སྤྱོད་འཇུག་ཆེན་མོ་ཞེས་པའི་དཔེ་དེབ་དེའི་ཞལ་ཕྱེས་པས།

རང་ཉིད་ཀྱི་སེམས་པ་གཉོམ་པོ་དེ་དབང་མེད་དུ་ཤོར་བའི་ཁྱེད་དང་ཁྱེད་ཀྱི་ལང་ཚོར་བཞག་པའི་སྡོམ་ཚིག་ཅིག་སྟེ།

མི་ལུས་ནི་མི་གཙང་བའི་བུམ་པ་ཞིག་དང་འདྲ་བས།

དེ་ལ་ཚོན་རྩི་འདྲ་མིན་བྱུགས་ཏེ་ཁྲོམ་ནས་མ་ངོམས་ཤིག

ལོ་ངོ་སྟོང་ཕྲག་སྔོན་གྱི་རྒྱ་གར་བའི་དྲང་སྲོང་ཞིག་གིས།

དེ་རིང་གི་ང་ལ་གནས་ལུགས་ཀྱིས་ཕྱུག་པའི་འགྲམ་ལྕག་ཚ་བེར་བ་ཞིག་གཞུས་སོང་བས།

ངས་ངོ་ཚ་ཆེན་པོའི་སྒོ་ནས་རང་ཉིད་ཀྱི་སྐྱུག་བྲོ་བའི་འདས་ཟིན་པ་དག་ལ་ཕྱི་མིག་ཐེངས་ཤིག་བལྟས་རྗེས།

ས་རྡུལ་ཆགས་པའི་ཕྲེང་བ་སེར་པོ་དེ་ལག་ཏུ་བླངས་ནས།

ཐོག་མ་མེད་པའི་དུས་ནས་དྲིན་གྱིས་བསྐྱངས་པའི་མ་རྒན་སེམས་ཅན་དག་སྡུག་བསྔལ་ལས་ཐར་བའི་སྨོན་ལམ་ཞིག་བཏབ་ཅིང་།

སྨོན་ལམ་དེའི་ཀློང་ནས་ཁྱེད་ཀྱིས་བཞག་པའི་དྲན་ཤིང་གི་ལོ་མ་སེར་པོ་ཞིག་ཀྱང་མཐོང་བྱུང་བས།

སྣང་ལ་མ་ངེས་པའི་རྨི་ལམ་ལྟ་བུའི་ཁྱེད་རང་ནམ་ཡང་བརྗེད་ཐབས་མེད་པ་དང་།

མི་ཚེ་འདིའི་ནང་དུ་ནམ་ཡང་ཐོབ་ཐབས་མེད་པའི་ཁྱེད་ཀྱི་མཛེས་སྡུག་དེ་ཡང་གཅིག་བྱས་ན་ཐག་ཉེ་ཐག་ཉེ་ཞིག་ན་ཡོད་སྲིད་ཅེས།

ངས་རང་གིས་རང་ལ་སེམས་གསོ་ཞིག་བྱེད་བཞིན་པའི་དུས་སུ།

ངས་ཉིན་འགའི་སྔོན་རྨིས་པའི་རྨི་ལམ་སྐྱིད་པོ་ཞིག་ཕྱིར་དྲན་བྱས་པ་སྟེ།

བལ་ཡུལ་གྱི་གྲོང་གསེབ་ཅིག་ནས་ངས་ཁྱེད་རང་མཇལ་བྱུང་ལ།

ཁྱེད་རང་དེ་འདྲའི་བརྩེ་བའི་རྣམ་འགྱུར་དང་ལྡན་ཞིང་།

ཁྱེད་རང་ལམ་སེང་ངའི་དཔུང་བར་འཇུས་བྱུང་།

ཁྱེད་རང་འཕྲལ་མར་ངའི་སྙིང་སྡུག་ཅིག་ཏུ་གྱུར་སོང་།

ཉི་འོད་འཇམ་པའི་ཞིང་གྲོང་ཞིག་བརྒྱུད་རྗེས།

ངེད་གཉིས་ངའི་གྲོགས་པོ་ཞིག་གི་སྡོད་ས་ཡིན་སྣང་ཤར་བའི་ཁང་པ་ཞིག་གི་མདུན་དུ་བསླེབས་སོང་།

ངས་ཕྱི་སྐོར་གྱི་སྒོ་མོ་དམ་པོར་གཏན་དུས་ཁྱེད་རང་འཛུམ་མདངས་ཤིག་དང་མཉམ་དུ་ཁང་པ་དེའི་ནང་དུ་འཛུལ་སོང་།

ང་རང་ཁང་པའི་ནང་དུ་འཛུལ་དུས།

ཁྱེད་ཀྱིས་སྔ་ས་ནས་ལུས་སྟོད་ཀྱི་གྱོན་པ་ཡོད་ཚད་ཕུད་འདུག་ཅིང་།

ལུས་སྨད་ཀྱི་གོན་པ་ཡང་འཕུད་རྩིས་བྱེད་བཞིན་འདུག

ངས་ཆགས་སེམས་དྲག་པོ་ཞིག་དང་བཅས་སྟོད་གོས་འཕུད་རྩིས་བྱེད་དུས།

གློ་བུར་དུ་བལ་བོ་ཞིག་གིས་སྐད་ཆ་ཞིག་འདྲི་རྒྱུ་ཡོད་མདོག་གིས་ནང་དུ་འཛུལ་ཡོང་།

ཁོང་ཁྲོ་ཟ་བའི་བལ་བོ་དེའི་སྐད་ཆ་འདྲི་མིན་གྱིས་ངའི་ཚོར་སྣང་སྐྱིད་པོ་དེར་བར་ཆད་ཚད་མེད་ཅིག་བཟོས་སོང་བས།

སེམས་པ་མི་སྐྱིད་པའི་ཀློང་ནས་རྨི་ལམ་དེ་ཡང་གར་སོང་མེད་པར་ཡལ་བ་དང་།

འཕྲུལ་སྣང་གིས་བཞེངས་པའི་ཁྱེད་རང་ཡང་སྒྱུ་མའི་ལྟད་མོ་ཞིག་གི་ཚུལ་དུ་ཡལ།

གང་ལྟར་ཉི་མ་འདི་ཚོར་ངས་ཁྱེད་ཀྱི་གསུང་སྐད་ཅིག་ཐོས་ན་འདོད་ལ།

ཉི་མ་འདི་ཚོར་ངས་ཁྱེད་དང་མཉམ་དུ་ཅོག་ཙེ་གཅིག་གི་མཐའ་སྐོར་དུ་བསྡད་དེ།

རང་སེམས་ཀྱི་ཚོར་བ་དམར་པོ་འདི་དག་མ་གསང་བར་བརྗོད་ན་འདོད་པས།

ངས་ཁྱེད་ག་དུས་མཇལ་ཐུབ་བམ།

སྙན་ངག Tags:ཨཨ

Post navigation

Previous Post: ཛ་དྲག་གསལ་བསྒྲགས།
Next Post: ངའི་ཕ་ཡུལ་གྱི་ལོ་སར།

Comments (26) on “ངས་ཁྱེད་ག་དུས་མཇལ་ཐུབ་བམ།”

  1. ལྷག་བསམ། says:
    2011-02-04 at 12:58 pm

    ཀླུ་སྨྱོན་ལགས། དུས་ཚོད་ཆུད་ཟོས་སུ་མ་གཏོང་། རྟག་པར་འདི་འདྲ་རྐྱང་བྲིས་པ་བསྡད་པ་ཡིན་ཕན་པ་གང་ཡང་མི་འདུག མཁྱེན་སོང་ངམ།

  2. yeshe says:
    2011-02-04 at 1:08 pm

    འདི་མོ་མ་གཏོགས་འབྲི་མི་ཤེས་ཀི་ཡ། ད་ཅི་བྱེད། ཡང་མིན་ན་ལག་གི་སྨྱུ་གུ་འདི་ས་ལ་འཕེན་དགོས་ཀི ཡང་ན་

  3. གཙང་རིགས says:
    2011-02-04 at 1:12 pm

    དངོས་གནས་སྙན་ངག་ཡག་པོ་བྲིས་འདུག  ཨ་རིའི་རྒྱལ་སའི་མཛེས་མ་དེས་ཀྱང་ལན་ཞིག་འདེབས་དགོས་པ་འདྲ།

  4. འདྲེ་རིག་ལྡན། says:
    2011-02-04 at 1:25 pm

    ཧཧཧ དེང་སང་གནམ་གཤིས་ཇེ་གྲང་རེད་མོད། ཁྱེད་ཚང་གི་XXXལ་མེ་དྲོད་ལྷམ་མེར་ཡོད་པ་འདྲ།

    རྗེས་སུ་ཚན་རིག་པ་ཚོས་ཀླད་པ་གློག་པར་རྒྱག་རྒྱུའི་རེ་བ་བྱས་ཚེ་ཁས་མ་བླངས་ན་ཡག་ས་རེད། ཡུམ། འདོད་ཆགས་ཀྱི་ཞབས་རྗེས་སྨུག་པོ་དག་ཀླད་པའི་གཡོན་ངོས་ནས་འབུར་ཚུགས་སེ་ཐོན་ནི་རེད། ཧཧ ཧ ཧ རྩོམ་སྐྱིད་པོ་བྲིས་འདུག

  5. འཇིག་མེད་ says:
    2011-02-04 at 2:39 pm

    དེ་འདྲའི་རིང་པོ་བྲིས་པ་ལས་ད་ལྟ་རང་DCལ་སོང་ན་དགའ་ དེ་མིན་སྨན་ཁང་ལ་སོང་ན་དགའ་ས་རེད་འོ་འོ་

  6. འཇིག་མེད་ says:
    2011-02-04 at 3:08 pm

    ཨོ་མཎིཔདམིཧུ་ ཚེ་རིང་སྐྱིད་སྡིག་པ་ཆེན་པོ་རེད་ ཨམ་མདོ་མང་པོ་བསད་སོང་

  7. ཀླུ་སྨྱོན། says:
    2011-02-04 at 3:34 pm

    ཅང་ང་མི་ཐོན་གི་ཡ། ས་མཐའ་སྡེ་མཐའ་ཟིག་ནས་འཆི་ས་རེད་ཀོ

  8. ལངྒ་དམར་པོ། says:
    2011-02-04 at 3:34 pm

    དེ་རིང་ཞོགས་པ་ཉི་རྩེ་ཤར་མ་ཐག་ང་རང་མགྱོགས་པོར་མོ་བ་རེ་བ་ཁ་ཚང་གི་མདུན་ལ་སོང་ནས། ཨ་ཁུ་མོ་བ་ལགས། ངེད་ཚང་གི་ཀླུ་སྨྱོན་སྤྲུལ་སྐུ་འདིས་ཉིན་ཚན་མེད་པར་ཆགས་བཤད་རྐྱང་རྐྱང་རྒྱག་གི་འདུག་པས་འདི་ལ་རིམ་གྲོ་རེ་ཡོད་ནི་མིན་ན། ཨ་ཁུ་མོ་བ་རེ་བ་ཁ་ལགས་ཕྱག་མོ་ཞིག་གནང་རོགས། མོ་བ་རེ་བ་ཁས་གསོལ་བ་ཕུར་ཚུགས་སུ་བཏབས་ནས་ཕྱག་མོ་གནང་རྗེས་འདི་ལྟར་གསུངས། ཨ་ལགས་ཀླུ་སྨྱོན་འདི་བ་ཚང་མཛེས་མ་ཚེ་རིང་སྐྱིད་ལ་དགའ་རྒྱོ་མང་དྲགས་པས་ཁོའི་ཀླད་རྩ་གཡོན་པར་སྐྱོན་ཤོར་འདུག་པས་ད་ལྟ་ཉིད་དུ་ཀླུ་གཏོར་བརྒྱ་དང་བརྒྱད་བསྔོས་རྗེས་ཁོས་རླིག་རིལ་གཡས་པའི་སྒོང་རྡོག་ལེན་དགོས་གསུངས་སོང་བས། དྲ་གྲོགས་ཚོ། གྲི་རྣོ་པོ་རེ་ཡོད་ན་མྱུར་ཁྱེར་ཡོང་རོགས།

  9. ཀླུ་སྨྱོན། says:
    2011-02-04 at 3:38 pm

    དང་པོ་མོ་བ་རེ་ཁ་ཁོ་རང་ལ་རླིག་རིལ་ཡོད་མེད་ལ་ཅིག་ལྟོས། མོ་བ་རེ་ཁས་རང་གི་རླིག་རིལ་བླངས་ནས་མོ་འདེབ་སྤྱད་བྱེད་བཞིན་ཡོད་པ་མ་ཤེས་སམ། ཁྱོད་འདི་ད་ངོ་མ་ཀླུའུ་རེད་ཡ།

  10. འཇིག་མེད་ says:
    2011-02-04 at 3:42 pm

    ཀླུ་སྨྱོན་གྱི་ལག་པ་ཡ་གཅིག་གྱི་རྩོམ་ཡག་པོ་བྲིས་ཀྱིན་འདུག་ཀྱང་ལག་པ་ཡ་གཅིག་ག་རེ་བྱེད་ཀྱི་ཡོད་མེད་ད་ལྟ་ཤེས་མ་སོང་་ གང་ལྟར་སྐད་ཆེན་པོ་མ་རྒྱབ་གྲོང་པས་ཧ་གོ་ན་ཉེན་སྡོག་པ་ཡོང་གི་རེད་ད་

  11. གཞོན་ནུ་ཟླ་མེད། says:
    2011-02-04 at 4:01 pm

    མི་སོ་སོ་ལ་དགའ་ཕྱོགས་རེ་ཡོད་པ་རེད། བྱས་ཙང་ཀླུ་སྨྱོན་གྱི་དགའ་ཕྱོགས་སྙན་ངག་རེད། མི་ཚང་མས་ཆུང་ཆུང་སྐབས་སུ་སྙན་ངག་བྲིས་ན་ཡང་། ལོ་རྒན་པ་ཆགས་ན་སྙན་ངག་འབྲི་རྒྱུ་མཚམས་ཆད་འགྲོ་གི་ཡོད་པ་རེད། འོན་ཀྱང་བོད་མཁན་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་སྙན་ངག་ཏན་ཊིའི་དགོངས་རྒྱན་དགོང་ལོ་དྲུག་ཅུ་རེ་ལྔའི་ཐོག་བྲིས་པ་རེད། བྱས་ཙང་ཀླུ་སྨྱོན་གྱི་དགའ་ཕྱོགས་དེ་འགྲིག་བསྡད་ཡོད་པ་རེད། ངས་མུ་མཐུད་རྒྱབ་སྐྱོར་ཀླུ་སྨྱོན་གྱི་སྙན་ངག་འབྲི་བའི་ཕྱོགས་ལ་རྗེས་སུ་ཡི་རངས་ཞུ།

  12. ཀླུ་སྨྱོན། says:
    2011-02-04 at 4:04 pm

    གུང་ཐང་ཚང་གིས་ཆུ་དང་ཤིང་གི་བསྟན་བཅོས་ལས། ནགས་ཀླུང་སྟུག་པོའི་དོ་ར་རུ། །ཤིང་ལོའི་ཕུང་པོ་འཛད་མཐའ་མེད། །སྣང་བ་དཔེ་རུ་ཤར་བ་ཡི། །རྣལ་འབྱོར་དེ་ལ་གདམས་ངག་མང་། །ཞེས་མ་གསུངས་སམ།

  13. ཀླུ་སྨྱོན། says:
    2011-02-04 at 4:07 pm

    ངས་ཐེངས་ཤིག་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཚང་ལ་གོང་གི་བསྟན་བཅོས་འདིའི་སྐོར་ཞིག་བཀའ་འདྲི་ཞུ་དུས་ཆུ་ཤིང་བསྟན་བཅོས་ཞེས་ཞུས་པས། ཁོང་གིས་ཆུ་དང་ཤིང་གི་བསྟན་བཅོས་ཟེར་དགོས་པ་རེད། ཆུ་ཤིང་ཟེར་བ་དང་ཆུ་དང་ཤིང་ཟེར་བ་གཉིས་ལ་ནང་དོན་གྱི་ཕྱོགས་ནས་ཁྱད་པར་ཆེན་པོ་ཡོད་པ་རེད་ཅེས་གསུངས་པ་དེ་ད་དུང་དྲན་གི་འདུག

  14. ཀརྡོ་རབ་འབྱམས་པ་ says:
    2011-02-04 at 6:57 pm

    སྐྱེ་བ་སྔ་མ་ག་དུས་ཐུག་པེ། །
    ཚེ་སྟོད་འདི་ལ་ག་དུས་ཐུག་པེ། །
    ང་གཉིས་དངོས་གནས་ག་དུས་ཐུག་པེ། །
    ད་དུང་ཡང་བསྐྱར་ག་དུས་ཐུག་གེ །

  15. སྤོབས་པ་མཐའ་ཡས། says:
    2011-02-04 at 7:46 pm

    ད་རྡོ་འབུམ་སྤྲུལ་སྐུས་རྡོ་ཡི་བསྟན་བཅོས་ཟེར་བ་ཞིག་ཀྱང་བྲིས་འདུག

  16. བོད་ཀྱི་ཕོ་གསར། says:
    2011-02-05 at 12:36 am

    རྒད་པོ་ཀླུ་སྨྱོན་གྱིས་ཡང་སྒྱུ་འཕྲུལ་འདྲ་ཞིག་བྲིས་འདུག ལག་ཏུ་སྤྱོད་འཇུག་དང་ཕྲེང་བ་བསྣམས་ནས་སྐྱེས་བུ་ཆེན་པོའི་སེམས་བསྐྱེད་ཅིག་གནང། སོང་ལོའི་ནང་གི་རང་གི་བྱས་ཉེས་ལ་སྨོན་ལམ་ཅིག་བཏང་ཐ་བསམ་ནས་ཧྲ་ཐ་བསམ་སོང་ར། ཨ་ལ་དེ་ནས་མ་བསྒོམ་བྱམས་པའི་ཞལ་རས། ཡིད་ལ་ཝ་ལེར་ཝ་ལེར་ཟེར་བ་ལྟར་རྨི་ལམ་དེ་རོལ་སོང།

    གང་ལྟར་བུམ་པ་ཚོན་རྩི་བྱུགས་པ་ཞིག་ཡིན་ཚུལ་རྟོགས་འདུག དེས་འགྲིག་ནི་རེད། སྐྱིད་པོ་ཤོད། སྙན་དངགས་བཟོ་ཡིན་མིན་མི་ཤེས་ཀི་ར། ཚིག་སྦྱོར་འདི་རིགས་ཁྱེད་ལ་ལྷོད་ཤ་སེ་འདུག ཚིག་སྦྱོར་འདིས་ཁྱོའི་འདི་སྙན་དངགས་བཟོ་ཆུགས་འགྲོ་ན་ཐང་གི།

    ཨ་རོ། ཚེ་རིང་སྐྱིད་ལ་ཤུགས་རྒྱོབ་ར། ཁྱེད་ཀྱིས་ཆུང་མ་ལེན་ཐུབ་ཀི་རེད།

  17. ཀརྡོ་རབ་འབྱམས་པ་ says:
    2011-02-05 at 12:42 am

    ངས་ཁྱེད་ག་དུས་མཐོང་ཐུབ་བམ།།
    ངས་ཁྱེད་ག་དུས་རེག་ཐུབ་བམ།།
    ངས་ཁྱེད་ག་དུས་འཇུས་ཐུབ་བམ།།
    ངས་ཁྱེད་ག་དུས་འཁྱུད་ཐུབ་བམ།།
    ཡང་ན།
    ངས་ཁྱེད་ག་དུས་བློས་གཏང་ཐུབ་བམ།།
    ངས་ཁྱེད་ག་དུས་གཡོལ་ཟུར་ཐུབ་བམ།།
    ངས་ཁྱེད་ག་དུས་རྒྱབ་ཏུ་བསྐྱུར་ཐུབ་བམ།།
    ངས་ཁྱེད་ག་དུས་སྒྲོལ་ཐུབ་བམ།།

  18. བོད་ཀྱི་ཕོ་གསར། says:
    2011-02-05 at 1:40 am

    རྨི་ལམ་དེ་དཀྲོགས་མེད་ན། ཚེ་སྐྱིད་ཀྱི་བརླ་ཤ་མ་སྦོམ་མ་ཕྲ་བ་དེ་ཀླུ་སྨྱོན་གྱིས་འཕུར་ཐུབ་ཀི་རེད་མོད། སྤྱིར་བཙོག་པའི་སྒང་ལ་ངུས་ཟེར་ལྟར།

    བལ་བོ་མི་དེས་རྨི་ལམ་དེ་དཀྲོག་དགོས་དོན་མེད་ཀ གཅིག་བྱས་ན། བལ་བོ་མི་དེ་གུ་རུ་པདྨས་དེ་ས་ཆ་དེ་དག་ཏུ་དམ་བཏགས་པའི་སྲུང་མ་ཞིག་མིན་འགྲོ་བསམ་ལ། དེ་ནས་ད་བར་བརྒྱུད་ཡོང་དུས། ཀླུ་སྨོན་ཚང་གི་སྲུང་མ་ཡིན་ན་ཐང་གོ དེ་བས་བརྟག་དཔྱད་ཡག་པོ་གནོང་མ་གཏོགས། སྲུང་མ་འཁྲུགས་ན་དངོས་གནས་དཀའ་ནི་རེད་ཟེར་ཀ།

  19. མེ་ཏོག་དཀར་པོ། says:
    2011-02-05 at 2:27 am

    སྙན་ངག་པ་ན་གའི་མཚན་ཅན་ལ་བསྟོད་དོ། །སྙན་ངག་ཆུ་རྒྱུགས་རྒྱུགས་འབྲི་ཐུབ་པའི་དངོས་གྲུབ་སྩོལ།

  20. ལས་རླུང་། says:
    2011-02-05 at 10:56 am

    བརྩེ་བ་ཟེར་བའི་ཚོར་ཤུགས་འདིས།།

    བཟུང་ནས་དམ་དུ་བཅངས་པའི་ཚེ།།

    ངོ་ཚ་ཟེར་བའི་ཚུལ་འཆུས་ལ།།

    མངོན་དུ་འགྱུར་བའི་གོ་སྐབས་མེད།།

  21. ལ་སྟོད་བུ། says:
    2011-02-05 at 12:12 pm

    ད་འདི་ཚོ་ཀྱེ་མ་ཧུད།
    མདའ་མོ་འབེན་ལ་ཟུག་ན་འབུད་དུས་ཡོད།
    ཕོ་རྟགས་མོ་ལ་ཟུག་ན་འབུད་དུས་མེད།
    བོད་ཀྱི་གཏམ་དཔེ་ལས་བདེན་པ་མེད།
    མོན་གྱི་སྒྲུང་ལས་སྙན་པ་མེད།
    ཅིས་མི་བདེན།

  22. ལྷག་བསམ། says:
    2011-02-05 at 12:24 pm

    ཆགས་གཏམ་ཁོ་ནས་དུས་འདའ་བ་འདི་སུའི་ལུགས་སྲོལ་ཡིན་ནམ། དངོས་ཕངས་པོ་རེད། གསེར་ལས་རྩ་ཆེ་བའི་དུས་ཚོད་ཆུད་ཟོས་སུ་བཏང། མི་ཚེ་སྟོང་ཟད་ཟེར་བ་དེ་འདི་ལྟ་བུ་ཟེར་བ་མིན་ནམ།

  23. ཀླུ་སྨྱོན། says:
    2011-02-05 at 6:03 pm

    ལྷག་བསམ་ལགས། ཨོ་ན་སྐུ་ཉིད་ཀྱིས་ག་རེ་བྱས་ནས་ཆགས་གཏམ་གྱི་འོག་ཏུ་མཆན་བཏབ་སྟེ་ཉིད་ཀྱི་གསེར་ལས་རྩ་བའི་དུས་ཚོད་ཆུད་ཟོས་སུ་གཏོང་གནང་གིན་ཡོད། བཤང་འཚོང་མ་སྡུག་པོར་མཐོང་གིན་ཡོད་ན་དེ་དང་མཉམ་དུ་ཉལ་དགོས་དོན་ཡོད་པ་མ་རེད་ལགས།

  24. རྩམ་དགའ། says:
    2011-02-05 at 6:24 pm

    ཚེ་སྐྱིད་ཁྱོད་ཀྱིས་ཇོ་ཇོའི་ཁ་ལ་ཐེངས་ཤིག་ཉོན། །
    ཨ་ཁུ་ཀླུ་སྨྱོན་རླིག་རྩ་ཁུང་ནས་རིལ་མ་འཇུག །
    གངས་ཅན་བོད་ཀྱི་མི་གྲངས་ཉུང་གི་མོད། །
    བུ་ཕྲུག་འགའ་རེ་སྐྱེས་ན་མི་དགའ་གི །

  25. སེར་གཙང་འཇམ་དབྱངས། says:
    2011-02-08 at 12:38 pm

    དྲ་གྲོགས་ཀླུ་སྨོན་ལགས་ཀྱིས་རྩོམ་ཡིག་དེ་དངོས་གནས་བརྗོད་བྱ་དང་ལྡན་པ་ཞིག་རེད་འདུག།
    རྗེས་སུ་གང་མང་སྤེལ་བའི་རེ་སྨོན་དང་ཁོ་མོས་ཕྱོགས་ནས་ཀྱང་ཡིག་ལན་ཞིག་ཡོད་པོའི་སྨོད་འདུན་བཅས།།།།།།

  26. རྟོག་བཟོའི་ཚེ་རིང་སྐྱིད་ says:
    2011-02-09 at 8:35 pm

    ཨ་ཁུ། ད་མཚམས་འཇོག

    ང་ལ་ལས་འཕྲོས་འདྲེན་པའི་བདག་པོ་ཞིག་ཡོད་ལ། ཁྱེད་ལ་ཡང་བླ་མས་དབོར་བའི་སྡོམ་པ་མང་པོ་ཞིག་ཡོད་ངེས། ད་ངེད་གཉིས་རང་ས་རང་ལོག་བྱས་ནས་འཚོ་བ་དཀྱུས་མ་ཞིག་སྐྱེལ་ན་བཟང་།

    དོན་དམ་བདེན་པའི་འཇིག་རྟེན་ཞིག་ན། ཁྱེད་ཀྱིས་ང་བདེན་པར་མ་གྲུབ་ལ་ངས་ཀྱང་ཁྱེད་བདེན་པར་གྲུབ་མི་ཐུབ། ཐམས་བཅད་རྟོག་པ་དང་རྣམ་རྟོག་གི་ཟློས་གར་ཁོ་ན་ཙམ། གྲུབ་པར་མེད་པའི་དངོས་པོ་འཐོབ་པར་འདོད་པ་ནི། སྤྱོད་འཇུག་ལས། “དེ་ལྟར་སྟོང་བའི་ཆོས་རྣམས་ལ། འཐོབ་པ་ཅི་ཡོད་ཤོར་ཅི་ཡོད། གང་གིས་རིམ་འགྲོ་བྱས་པ་དང་། ཡོངས་སུ་རྙེད་པ་ཅི་ཞིག་ཡོད།”གསུངས་བ་ལྟར། ད་མཚམས་བཞག་ནས་རང་སྐྱིད་གཞན་སྐྱིད་ཀྱི་སྙན་ངག་ལེའུ་གསར་པ་ཞིག་བྲིས་ན་ཅི། 

    ཨ་ཁུ་ཁྱེད་ལ་སློབ་མ་མང་པོ་ཡོད་པས། ཁོང་ཚོར་ཆོས་བཤད་ན། རང་ཕན་གཞན་ཕན་ཨེ་རེད། སྤྱོད་འཇུག་གི་སྙིང་བོ་ཡང་དེའི་སྟེང་ནས་ལེན་ཐུབ་བོ།

    བདེ་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme