Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་སྙན་ངག་གི་མེ་ལྕེ་དམར་ལྷབ་ལྷུབ་འབར་བྱུང་།

Posted on 2012-01-122012-01-13 By dhatsenpa 8 Comments on ངའི་སྙན་ངག་གི་མེ་ལྕེ་དམར་ལྷབ་ལྷུབ་འབར་བྱུང་།

༡
ཡོས་ལོར་མེ་ལྕེ་དམར་ལྷབ་ལྷུབ་འབར་བྱུང་།
གཅིག་འཕྲོར་གཅིག་བྱས་ནས་དམར་ལྷབ་ལྷུབ་དགུང་ལ་མཆེད།
དམར་ལྷབ་ལྷུབ་ཀྱི་མེ་ལྕེ་རེ་རེའི་ནང་དུ་གང་ཞིག་འགུལ་གྱིན་པ་མ་མཐོང་ངམ།
ཨོ། མེ་ལྕེ་དེ་དག་ནི་མེ་ལྕེ་ཙམ་མིན་ཏེ་རྣམ་ཤེས་ཅན་གྱི་མེ་ལྕེ་རྐྱང་རེད།
མེ་ལྕེ་དེ་དག་ནི་སུ་ཞིག་གི་སྤྲུལ་བ་ཡིན་ངེས།
མེ་ལྕེ་དེ་དག་ལ་ཐོག་མའི་རྒྱུན་ཞིག་ཡོད་ངེས།
དེས་ན། མེ་ལྕེ་དེ་དག་གི་རྒྱུན་ཆད་པ་མེད་པར་གཅིག་ནས་གཅིག་ཏུ་མཆེད་རྒྱུ་ཡིན་པ་སུ་ཡིས་རྟོགས་མི་འགྱུར།
༢
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་ཏུ་མཆེད།
ཡོས་ལོའི་མེ་ལྕེས་འབྲུག་ལོའི་ཁ་སྤུ་གཞོབ།
མེ་ལྕེ་རེ་རེའི་ནང་དུ་གང་ཞིག་འགུལ་གྱིན་པ་མི་མཐོང་ངམ།
ཆེས་མུན་ནག་ཡིན་པའི་ཁོར་ཡུག་ཏུ་མེ་ལྕེར་སྤྲུལ་མཁན་བྱང་ཆུབ་སེམས་དཔའ་ཁྱེད་ཚོ་སུ་ཞིག་ཡིན།
ཆེས་གྲང་ངར་ཡིན་པའི་མཐོ་སྒང་དུ་མེ་ལྕེར་སྤྲུལ་མཁན་གཞན་ཕན་ཅན་ཁྱེད་ཚོ་གང་ནས་ཡོང་།
གཞན་དབང་བཙན་པོའི་སྡུག་བསྔལ་འོག་མནར་གཅོད་མྱོང་བཞིན་པ་དག་གི་ཆེད།
རང་སྲོག་འདོར་བ་ལ་ཕངས་སེམས་རྟ་རྔ་ཙམ་མེད་པའི་དཔའ་བོ་ཁྱེད་ཚོ་སུ་ཡི་དཔུང་དམག་ཡིན།
༣
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར།
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་བོད་ཡུལ་གང་སར་མཆེད།
མེ་ལྕེ་རེ་རེའི་ནང་དུ་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ།
མུན་ནག་ནང་དུ་འོད་ཀྱི་སྣང་བ་སྤྲོས།
ཞ་ར་རྣམས་ཀྱིས་ཀྱང་མཐོང་བའི་སྣང་བ། བདེན་པ།
གྲང་ངར་ཁྲོད་དུ་དྲོད་ཀྱི་བདེ་བ་སྦྱིན།
མནར་གཅོད་ཀྱིས་སེམས་འཚོ་མི་ཟིན་པ་དག་གིས་ཀྱང་ཚོར་ཐུབ་པའི་བདེ་དྲོད། རེ་བ།
གཉའ་གནོན་མཁན་ལ་རྒོལ་བའི་ལམ་སྣེ་བསྟན།
ཞུམ་པ་རྣམས་ཀྱང་བློ་སྤོབས་སྙིང་སྟོབས་རྙེད། བློས་གཏོང་།
༤
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར།
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་དུ་མཆེད།
མེ་ལྕེ་རེ་རེའི་ནང་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ།
ངས་ནུབ་མོ་རེ་རེ་བཞིན།
ནམ་མཁའི་དབྱིངས་སུ། ཁེ་རེར། ཁུ་སིམ་མེར་འཛམ་བུ་གླིང་ལ་བལྟས་བསྡད་ཡོད་པའི
དཀར་བསིལ་གྱི་ཟླ་བ་དང་ཟླ་ངོགས་ཀྱི་རི་བོང་གཟུགས་ལ་ཅེར།
རི་བོང་བྱང་ཆུབ་སེམས་དཔའི་རླབས་ཆེ་བའི་བྱུང་བ་དྲན།
རི་བོང་བྱང་ཆུབ་སེམས་དཔས་རང་ལུས་གཞན་ལ་སྦྱིན་ཆེད།
ལྷ་དབང་གིས་སྤྲུལ་བའི་མེ་དཔུང་ནང་མཆོངས་ཏེ་འདས་པའི་རླབས་ཆེ་བའི་གཏམ་རྒྱུད་དེ་དྲན།
ནམ་མཁའི་ཟླ་བ་ཁེར་ཆད་དེའི་ཐོག་ན། རི་བོང་བློ་ལྡན་གྱིས་ནམ་ཡིན་ན་ང་ཚོའི་མི་ཡུལ་ལ་གཟིགས་འདུག་ཨང་།
གནམ་རྒན་མས་མྱིག་གིས་མི་རིག་པའི་མུན་ནག་དང་གྲང་ངར་ཅན་གྱི་
ཁ་ཁུག་གི་ས་དེ་དག་ཀྱང་རི་བོང་བྱང་ཆུབ་སེམས་དཔས་རིག་ནས་འདུག་ཨང་།
༥
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར།
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་དུ་མཆེད།
མེ་ལྕེ་རེ་རེའི་ནང་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ།
ང་ཡིས་མུ་མཐུད་འོད་ཀྱི་གོ་དོན་དང་ནི་རིན་ཐང་འཚོལ་ཕྱིར་བསམ་ཞིང་རྟོག།
སྲིན་བུ་མེ་ཁྱེར་མེ་སྟག་ཚུབ་ཚུབ་འཕྲོ་བཞིན་མུན་སྨག་མཁའ་ན་རང་དབང་འཕུར་སྐྱོད་བྱེད་འདིས་ཅི་ཞིག་སྟོན།
ཕྱེ་ལེབ་མེ་ལྕེབས་མེ་ཡི་དྲོད་སྣང་རོལ་ཕྱིར་གཤོག་ཟུང་ཚིག་ཀྱང་ཡ་མི་ང་འདི་ཅི་ཡི་ཕྱིར།
ཨ་མས་དགོང་རེར་ཕུགས་སུ་མཆོད་མེ་འབུལ་ཞིང་སྨོན་ལམ་རྫོགས་མཐའ་མེད་འདིས་ཅི་ཞིག་རེ།
ང་ཡང་ཕྱི་ལ་བུད་ནས་མེ་ལྕེ་སྦར་ཞིང་བསང་ཞིག་གཏོང་དགོས་ཡོད་དོ་དེ་ལ་དེ་ཡི་དོན་སྙིང་ཡོད།
༦
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར།
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་དུ་མཆེད།
མེ་ལྕེ་རེ་རེའི་ནང་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ།
ཁྱེད་ཚོ་སྲོག་ཏུ་ཞུགས་པའི་རྒྱུ་མཚན་གྱིས་ངའི་སྙན་ངག་ཀྱང་དམར་ལྷབ་ལྷུབ་འབར་བྱུང་།
ཡིག་འབྲུ་རེ་རེ། གུག་གི་ཞབས་ཀྱུ། མགོ་ཅན་འདོགས་ཅན། ཚེག་དང་ཤད་རེ་རེར་མེ་ལྕེ་མཆེད་བྱུང་།
བསང་མྱེ་དམར་ལྷབ་ལྷུབ་དགུང་ལ་མཆེད།
ངའི་བསང་འབོད་ཀྱང་དམར་ལྷབ་ལྷུབ་འབར་བཞིན་པའི་རང་གི་སྙན་ངག་འདི་ཁོ་ན་ཡིན།
གྲང་ལྷག་མུན་པའི་སྲིད་ནག་བསྲེག་པར་ཤོག
གཞན་དབང་སྡུག་བསྔལ་རྩ་ནས་འཚིག་པར་ཤོག
རང་དབང་བདེ་སྐྱིད་སྣང་བ་རྒྱས་པར་ཤོག
འགྲོ་ཀུན་ཞི་བདེའི་དཔལ་ལ་རོལ་བར་ཤོག

སྙན་ངག

Post navigation

Previous Post: དེ་ནི་རླབས་ཆེན་གྱི་མེ་ལྕེ་ཞིག་རེད།
Next Post: འཇར་མན་གཞུང་ཡིག་ཚགས་ལས་1938 ལོའི་བོད་ཀྱི་པར་རྙིང་སྐོར་ཞིག

Comments (8) on “ངའི་སྙན་ངག་གི་མེ་ལྕེ་དམར་ལྷབ་ལྷུབ་འབར་བྱུང་།”

  1. ཆོས་འཕེལ་དར་རྒྱས་ says:
    2012-01-12 at 9:28 pm

    འདིར་སྙན་པོའི་ངག་འབྲི་རན་མ་རེད་སྡུག་ངག་འདོན་ཚད་རེད།

  2. མདའ་ཚན་པ། says:
    2012-01-13 at 12:16 am

    ང་ལ་སྡུག་ངག་འདོན་རྒྱུ་མེད་གི
    ངའི་ངུ་སྐད་འགག་ནས་གནའ་ཟིག་ཡིན།
    ངའི་མིག་ཆུ་ཐག་ནས་གནའ་ཟིག་ཡིན།
    ང་ལ་མཚོན་ན་འདི་དག་ནི་རྒྱུན་ལྡན་ཞིག་རེད།
    ངས་ད་བར་ཤི་བོ་ཤི་མོ་སྟོང་གི་ལོ་རྒྱུས་ཀློག་ཡོང་པ་ཡིན།
    ཡུགས་ས་ཡུགས་མོ་སྟོང་གི་ངུ་སྐད་གོ་ཡོང་པ་ཡིན།
    དྭ་ཕྲུག་བདག་མེད་ཁྲི་ཡི་ལས་དབང་མཐོང་ཡོང་པ་ཡིན།
    ང་ལ་ངུ་རྒྱུ་མི་ཡོང་གི ང་ལ་མིག་ཆུ་མེད་གི
    ང་ཤི་བོ་ས་ཡ་གཅིག་གི་ཡོག་ལི་ཡིན།
    གཏམ་རྒྱུད་སྐྱོ་བོ་མང་པོ་ཡོད།

    ང་ལ་ཁོང་ཁྲོ་ཟ་རྒྱུའང་མེད་གི
    ཕར་ནས་མེ་མདའི་འཁོར་ལོ་བསྐོར་བ་རྒྱུན་ལྡན་རེད།
    ཚུར་ན་ཡ་ལན་བྱེད་མཁན་མེད་པ་རྒྱུན་ལྡན་རེད།
    མནར་གཅོད་སྡུག་བསྔལ་མྱོང་བ་ལས་དབང་རེད།
    གུང་དགྲའི་གནག་སེམས་གཅིག་གཅོད་ཁྱབ་ས་ལ།
    སྤྱན་རས་གཟིགས་ཀྱི་སྙིང་རྗེས་མི་སྙོབས་ག
    དེས་ན་ང་ཚོར་བྱེད་རྒྱུ་མི་རྙེད་ག

    སྙན་ངག་ཚིག་རེ་བྲིས་པ་སྐྱོ་རོགས་རེད།
    གཞན་པའི་སྐྱོ་རོགས་ང་ལ་མི་རྙེད་གི
    དཔའ་བོ་རྣམས་དགྲ་ཁར་ཤི་བོ་ད།
    ཡོག་ལི་རྣམས་ནད་ཀྱིས་འཆི་རྒྱུ་རེད།
    ང་ལ་མིག་ཆུ་མེད། ང་ལ་ཁོང་ཁྲོ་མེད།
    ངའི་མཐོང་ཐོས་ཚང་མ་ང་ལ་མཚོན་ན་རྒྱུན་ལྡན་རེད།

    འགྲེལ། ཡོག་ལི་ནི་འཐབ་རོགས་རྣམས་དང་མཉམ་དུ་ཤི་མ་ཐུབ་པར་རྗེས་སུ་ལྷག་པའི་མི་ལ་ཟེར།

  3. གངས་ཕྲུག། says:
    2012-01-13 at 4:33 am

    ང་ཚོ་བོད་མི་ཚོས་ངེས་པར་ཤེས་དགོས་པ་ནི་སྐྱ་བོ་ཚོས་རྒྱ་དམར་གཞུང་དེ་ཕ་མེས་ཡང་མེས་བསད་མཁན་གྱི་ལག་དམར་བ་དང། སེར་མོ་བ་ཚོས་བདེན་པ་ལ་རྒྱབ་ལོངས་བྱེད་རྒྱུ་དང་ངན་པ་ཚར་བཅར་རྒྱུ་དེ་ང་ཚོའི་སྒྲུབ་བྱ་ཡིན་པ་ཤེས་ནས་རྩོད་ལེན་བྱེད་དགོས། བ་སྤྱོད་ཞི་དྲག་གང་སྤེལ་སོ་སོས་གང་འཇོན་མིན་ལ་རག་ལས་པ་ལས་མཐའ་གཅིག་ཏུ་འདི་དགོས་ཟེར་ནས་སུས་ཀྱང་སྨྲ་མི་ཤེས།

  4. འཆི་བདག་ says:
    2012-01-13 at 5:08 am

    ངོ་མེ་ལྕེ་ཡ་་་མེ་ལྕེ་ཡ་་་།
    ཁྱེད་ནི་མི་རིགས་ཀྱི་ལ་རྒྱ་འཁུར་བའི་མེ་ལྕེ།
    མི་བོ་ཞིག་གི་ཚེ་སྲོག་བསྣམས་པའི་མེ་ལྕེ།
    སྒོས་སུ་གངས་ཅན་པའི་རྩ་དོན་ལས་འབར་བའི་མེ་ལྕེ།
    ངོ་མ་དྲོད་ལྷམ་ལྷམ་གྱི་མེ་ལྕེ་དེ།
    ཁ་སང་ཡང་ཧི་མཱ་ལ་ཡི་ཕ་རོལ་མཆེད་འདུག་སྐད།
    ཡིན་ན་ཡང་།
    གནས་མཆོག་རྡོ་རྗེ་གདན་དུ་མི་འབར་བ་ཅི་ཡིན་ནམ།

  5. མགོན་པོ་ཕྱག་གཉིས་པ། says:
    2012-01-17 at 9:44 pm

    འབྲུག་ལོ་གང་བོར་མེ་ལྕེ་འབར་བ་ཡིན་ན་འབྲུག་གཟུགས་ཧྲིལ་བོ་འཚིག་རྒྱུ་རེད།

  6. ཆོས་འཕེལ་དར་རྒྱས་ says:
    2012-01-17 at 11:27 pm

    ༄། འབྲུག་གཟུཊ་འཚིག་རྒྱུར་ཕར་ཞོག་འབྲུག་སྒྲ་དང་ཙག་གློག་རྗེས་སེར་ཐན་ཡོང་ནས་མེ་རོ་མེད་པ་བཟོ་རྒྱུ་རེད། དེ་ནས་སྨི་ལམ་ཡག་དུས་སད་ན་བཟང་།

  7. མགོན་པོ་ཕྱག་གཉིས་པ། says:
    2012-01-18 at 12:47 am

    ད་དེ་ལྟར་ཡིན་ན་བཅའ་བ་རིམ་གྲོ་སྒྲུབ་རྒྱུ་འདྲ་མེད་དམ། བོད་ཕྱི་ནང་གཉིས་ཀ་ལོགས་ནས་མདོ་གདུགས་སྒྲོལ་གསུམ་གྲངས་མེད་བརྒྱ་བཏོན་པ་ཡིན་ན་ཕན་རེ་ལོས་ཐོགས་འདོད། ང་ཚོ་གཅིག་པོ་མ་གཏོགས་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པའི་ཁ་ཏོན། ཤིན་ན་ཕན་ཐོགས་པ། གསོན་ན་ཕན་ཐོགས་པ། ན་ན་ཡང་ཕན་ཐོགས་པ། བར་ཆད་ངན་པ་ཟློག་ཐུབ་པ། དོན་ཆེན་འབད་མེད་འགྲུབ་ཐུབ་པ། དགྲ་ལ་བཏོན་ན་དགྲ་མགོ་ནོན་པ། རྒྱུ་ནོར་ལོངས་སྤྱོད་རྒྱས་ཐུབ་པ། ཚེ་བསོད་སྙན་གྲགས་ཡོང་ཐུབ་པ་དེ་ཚོ་མ་བཏོན་པར་བསྡད་ན་གོ་སྐབས་བཟང་བོ་འཕྲོ་བརླག་མ་རེད་དམ། འདི་ཚོར་འདང་ཞིག་བརྒྱབ་ན་ང་ཚོ་འཛམ་གླིང་རྩེ་མོར་སོན་དགོས་པ་ལྟ་བུར་འདུག་ཀྱང་ཁ་ཏོན་ཡག་པོར་འདོན་གྱི་མེད་པ་མིན་ནམ། འཛམ་གླིང་གི་རྐུབ་ལ་ལྷག་འདུག

  8. ཀླུ་སྨྱོན། says:
    2012-01-18 at 3:30 am

    ལོ་རྗེས་མར་མེ་འབར་ཤུགས་ཆུང་དུ་འགྲོ་གི་རེད། རྒྱུ་མཚན་ནི་ལོ་རྗེས་མ་ཆུ་དང་འབྲུག་གི་ལོ་ཡིན་པས་མེ་དེ་ཙམ་འབར་ཐུབ་ནི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme