Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་སེམས་ཤུགས་ཀྱི་ཡོང་ས་རྩ་བ་དེ་ངའི་པ་ལགས་རེད།

Posted on 2009-03-152009-03-15 By དགེ་རབ་ 5 Comments on ངའི་སེམས་ཤུགས་ཀྱི་ཡོང་ས་རྩ་བ་དེ་ངའི་པ་ལགས་རེད།

p1013117(གཤམ་གསལ་ནི་ཨིན་ཌི་ཡ་ན་ནས་ནིའུ་ཡོག་བར་དུ་གོམ་བགྲོད་གནང་བཞིན་པའི་འཇིགས་མེད་ནོར་བུ་ལགས་ལ་བཅར་འདྲི་ཞུས་པ་ཡིན། ཁོང་གིས་ཉིན་རེའི་གོམ་བགྲོད་དག་དབྱིན་ཇིའི་སྐད་ནང་གཤམ་གསལ་གྱི་འབྲེལ་ཐག་ཏུ་གསལ།http://ambassadorsforworldpeace.org/wordpress/)

དགེ་འདུན་རབ་གསལ། ༔ ངའི་དྲི་བ་དང་པོ་དེ་ནི། ཁྱེད་རང་ཨ་རིར་འཚར་ལོངས་བྱུང་བ་ཞིག་རེད། བོད་དོན་ལ་འདི་འདྲའི་སེམས་ཤུགས་ཤིག་ཇི་ལྟར་སླེབས་པ་རེད།
འཇིགས་མེད་ནོར་བུ། ༔ ང་ནིའུ་ཡོག་ལ་སྐྱེས་པ་རེད། ཨིན་ཌི་ཡ་ན་ལ་འཚར་ལོངས་བྱུང་བ་རེད། ངའི་སེམས་ཤུགས་དེ་ནི་ངའི་པ་ལགས་ལས་བྱུང་བ་རེད། ང་ཚོ་ཆུང་ཆུང་ཡིན་དུས་ནས་ངའི་པ་ལགས་ཀྱིས་ང་ཚོར་བོད་ཀྱི་རིག་གཞུང་སློབ་ཁྲིད་བྱེད་ཐབས་བྱས་པ་རེད། ནམ་རྒྱུན་ནས་ང་ཚོར་བོད་སྐད་གསུངས་པ་རེད། བོད་ཀྱི་ལུགས་སྲོལ་དང་ཆོས་དེ་འདྲ་གསུངས་པ་རེད། ང་ཚོས་དེ་ཚོ་བརྗེད་མེད་པ་རེད། ངའི་པཱ་ལགས་ཀྱིས་ང་ཚོ་ཨ་མི་རི་ཀའི་མི་ཚེའི་ནང་འཚོ་ཐུབ་པ་ཞིག་གནང་ཐབས་བྱས་པ་མ་ཟད། ང་ཚོའི་འགན་གལ་ཆེ་ཤོས་དང་དམིགས་ཡུལ་གལ་ཆེ་ཤོས་བོད་ཀྱི་རིག་གཞུང་འཚོ་གནས་ཐུབ་པ་དང་བོད་ཀྱི་རང་བཙན་སླར་གསོ་བྱེད་པ་དེ་ནམ་ཡིན་ཡང་ཁོང་ལ་སྦྲེལ་ཡོད་པ་རེད། དེ་ཚོ་ཁོང་གི་སྙིང་ལ་བཞུགས་པ་ཞིག་རེད། དེས་ང་ལ་སེམས་འགུལ་ཆེན་པོ་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ཁོང་གིས་བོད་རང་བཙན་གྱི་ཆེད་གོམ་བགྲོད་མང་པོ་གནང་ཡོད་པ་རེད། དེ་ཚོ་ངས་ནམ་ཡང་བརྗེད་ཐུབ་གི་མ་རེད། ངའི་སེམས་ཤུགས་ཀྱི་ཡོང་ས་རྩ་བ་དེ་ངའི་པ་ལགས་རེད། ཁོང་གིས་ང་ལ་དེ་འདྲའི་བྱམས་བརྩེ་དང་སེམས་ཤུགས་གནང་བ་རེད།
དགེ་རབ།༔ ཁྱེད་ཀྱིས་པཱ་ལགས་ཀྱི་མཛད་པ་འདི་དང་དེས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སོང་ཞེས་དཔེ་མཚོན་རེ་ཟུང་འཇོག་ཐུབ་བམ།
འཇིགས་མེད་ནོར་བུ།༔ ཁོང་གིས་ང་ཚོ་ལ་བོད་ཀྱི་སྐོར་གྱི་སྒྲུང་དེ་འདྲ་གསུངས་གི་རེད། དཔེར་ན། བོད་མིའི་ཟ་སྟངས་འཐུང་སྟངས་སྐོར་གྱི་སྒྲུང་དེ་འདྲ་གསུངས་གི་རེད། བོད་ནང་ལ་རང་དབང་ཆེན་པོ་བྱུང་མྱོང་བ་དང་། དེ་བཞིན་གྱི་མི་ཚེའི་འགྲོ་ལུགས་དེ་འདྲའི་སྐོར་རེད། དེ་ཚོ་ནི་ང་ཚོས་ཤེས་ཐུབ་པའི་སྒྲུང་གི་རྣམ་པ་རེད་ལ། ཆ་སྒྲིག་རྩེད་མོའི་དུམ་བུ་རེ་རེ་འདྲ་བོ་རེད། ད་ཆ་ང་ལ་དུམ་བུ་དེ་ཚོ་ངོ་འཕྲོད་བྱུང་ལ། ངས་བོད་ཀྱི་གནས་སྟངས་ངོ་མ་ཤེས་བྱུང་། ངས་ཁོང་ཞབས་སྟེགས་སྟེང་གཅིག་པུར་བཞུགས་ནས་བོད་ཀྱི་སྐོར་ལ་ཐུགས་ཁྲལ་གནང་བ་མཐོང་བྱུང་། ཁོང་ཨ་རིར་ཕེབས་པ་ཡང་བོད་ལ་འབྲེལ་བ་ཞིག་བཟུང་ནས་བོད་དོན་འཐབ་རྩོད་གནང་ཆེད་རེད་འདུག ཁོང་ཇི་འདྲའི་བོད་དོན་ལ་ཐུགས་སེམས་བརྟན་པོ་ཞིག་ཡོད་མེད་དེ་ཁོང་གིས་གོམ་བགྲོད་གནང་ཚུལ་ལས་ཤེས་གི་རེད། ཁོང་གིས་དཀའ་ཚེགས་གང་ལ་ཡང་འཛེམས་མེད་ཀྱིས་གོམ་བགྲོད་གནང་གི་རེད་ལ། ནམ་ཡང་བོད་དོན་སྐོར་ལ་སྐད་ཆ་བཤད་མཚམས་འཇོག་གི་མ་རེད།
དགེ་རབ།༔ ཁྱེད་རང་ད་ལྟ་དགུང་ལོ་ག་ཚོད་ཡིན།
འཇིགས་མེད་ནོར་བུ།༔ ང་ལོ་ བཞི་བཅུ་ཞེ་གསུམ་ཡིན། ད་ཆ་ངའི་རང་གི་མི་ཚེའི་ནང་གི་དུས་ཚོད་མང་ཆེ་བ་ཞིག་བོད་དོན་ཐོག་ལ་གཏོང་གི་ཡོད། ངས་བོད་མི་རེ་ཟུང་ཞིག་ལ་ཡང་བོད་དོན་ལ་ལས་ཀ་བྱེད་པའི་ཤུགས་རྐྱེན་འཇོག་ཐུབ་ན་ང་ཧ་ཅང་དགའ་པོ་ཡོང་གི་འདུག བོད་མི་ཚོ་ང་དང་ལྷན་དུ་ཡོང་ནས་གོམ་བགྲོད་མ་བྱས་ཀྱང་། རང་རང་གི་ས་ནས་ལས་ཀ་བྱེད་དགོས་པ་དེ་ཚོ་བྱས་ན་དེས་འགྲིག་གི་རེད། ད་ང་ལ་མཚོན་ན། ངའི་པ་ལགས་ཀྱི་དགོངས་པ་སྒྲུབ་རྒྱུ་དེ་ངའི་མི་ཚེའི་དམིགས་ཡུལ་ཞིག་ཆགས་པ་རེད། ངའི་མི་ཚེ་འདིའི་དམིགས་ཡུལ་ཞིག་ཆགས་པ་རེད།
དགེ་རབ།༔ ད་བར་དུ་ཁྱེད་རང་གིས་གོམ་བགྲོད་ག་ཚོད་ཅིག་གནང་བ་རེད།
འཇིགས་མེད་ནོར་བུ།༔ ངས་གོམ་བགྲོད་ཐེངས་འགའ་བྱས་པ་རེད། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ས་ཆ་དེ་ཚོ་ལ་གོམ་བགྲོད་བྱས་པ་རེད།
དགེ་རབ། ༔ ཡིན་ན་ཡང་ཐེངས་འདིའི་གོམ་བགྲོད་དེ་ཆེ་ཤོས་དང་རིང་ཤོས་དེ་མ་རེད་དམ།
འཇིགས་མེད་ནོར་བུ།༔ གོམ་བགྲོད་འདི་ནི་ ཨིན་ཌི་ཡ་ནའི་རྒྱལ་ས་ནས་ནིའུ་ཡོག་བར་དུ་རེད། མེལ་ལེ་དགུ་བརྒྱ་ལྷག་ཙམ་འདུག ང་རང་ལམ་ཆེན་བརྒྱུད་ནས་འགྲོ་ཆོག་གི་མེད་པ་རེད། བྱས་ཙང་ལམ་ཆུང་བརྒྱུད་དགོས་དུས་ལམ་ཐག་རིང་ང་ཡོད་པ་རེད། ངས་ལམ་ཁའི་རིང་ཐུང་ལ་བལྟ་གི་མེད། ངས་དུས་ཚོད་འདིའི་རིང་ལ་བོད་དོན་ལ་དོ་སྣང་སླེབས་མིན་ལ་བལྟ་གི་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། གོམ་བགྲོད་འདིས་བོད་མི་རྣམས་ལ་བརྡ་ལན་ཞིག་བསྐྱལ་རྒྱུ་དེ་རེད། དེ་ནི་བོད་མི་ཚོས་སེམས་ཤུགས་བརྟན་པོ་བཟུང་ནས་རང་གི་ཐོབ་ཐང་དེའི་ཆེད་དུ་འཐབ་རྩོད་བྱེད་དགོས་པ་དེ་རེད། འདི་ཧ་ཅང་གལ་ཆེན་པོ་རེད། ངས་རྒྱ་མིས་ཅི་བསམས་དང་ཅི་བྱེད་ལ་དོ་སྣང་སྤྲོད་གི་མེད། ང་ཚོ་བོད་མི་ཚོས་རང་གིས་ཅི་ཞིག་བྱེད་པ་དེ་ལ་དམིགས་པ་གཏོད་དགོས་པ་འདི་གལ་ཆེན་པོ་རེད། ང་ཚོས་བོད་ཕྱི་ནང་གཉིས་ཀའི་བོད་མི་ཚོ་ལ་རེ་བ་ཡོད་པ་ཞིག་སྟོན་དགོས་པ་རེད། ང་ཚོ་ཚང་མ་མཉམ་རུབ་ཀྱིས་གཅིག་བྱེད་དགོས་པ་རེད། དེ་ནི་ཧ་ཅང་ཤུགས་ཆེན་པོ་ཡོད་པ་ཞིག་རེད། ང་གོམ་པ་བརྒྱབ་དུས་རྐང་ལག་ལ་ན་ཟུག་ཡོང་བ་དང་། གཟུགས་ཁམས་བདེ་མིན་ཡོང་བ་བཅས་ཀྱི་ན་ཚ་ཡོད་པ་རེད། ངས་ན་ཚ་དེ་ཚོ་བོད་རང་བཙན་ཆེད་འཐབ་རྩོད་བྱས་དང་བྱེད་བཞིན་པའི་བོད་རིགས་ཚོའི་ཆེད་ལེན་གི་ཡོད། འཁྱེར་གི་ཡོད། དེས་ང་ལ་ཡང་སེམས་ཤུགས་གསར་པ་ཞིག་སྟེར་གི་འདུག
དགེ་རབ།༔ གོམ་པ་རྒྱག་དུས་ཀྱི་དཀའ་སྡུག་གི་སྐོར་དེ་རྒྱས་ཙམ་གསུངས་དང་།
འཇིགས་མེད་ནོར་བུ།༔ གཟུགས་པོའི་ན་ཚ་ཡོད་ཡོད་རེད། ཨེ་ནས་རླངས་འཁོར་དེ་ཚོ་མགྱོགས་པོ་ཡོང་ནས་ཁྱེད་རང་ལ་གཞུ་སྲིད་པ་རེད། རླུང་གྲང་མོ་དེ་འདྲ་ཡོད་རེད། ང་ཚོས་ལམ་ཁ་གཟབ་གཟབ་བྱེད་དགོས་པ་རེད། དེ་ནས་བསྡད་ས་རག་མིན་སོགས་ཀྱི་དཀའ་ངལ་རེད། གང་ལྟར་ངས་དཀའ་ངལ་འདི་ཚོ་ལ་སེམས་ཁྲལ་བྱེད་གི་མེད། ངས་ངའི་པཱ་ལགས་དྲན་གི་འདུག ཁོང་གིས་གོམ་བགྲོད་གནང་སྐབས་བཞུགས་ས་གནས་མལ་སོགས་ལ་ཁྱད་མེད་གནང་བ་རེད། ས་ཐོག་ལ་གཟིམས་པ་རེད། ངས་ཀྱང་དེ་ཙམ་ཞིག་བྱེད་ཐུབ་དགོས་པ་རེད།
དགེ་རབ།༔ ཁྱེད་རང་གིས་ཟླ་བ་གཉིས་ཙམ་གྱི་རིང་ལ་ རང་གི་ཁྱིམ་མི་དང་ལས་ཀ དུས་ཚོད་དང་བཅས་པ་བོད་ཀྱི་ཆེད་གཏོང་གི་ཡོད་པ་རེད། དེས་ན་བོད་མི་ཚོ་ལ་སྐད་ཆ་བཤད་རྒྱུ་ག་རེ་ཡོད།
འཇིགས་མེད་ནོར་བུ།༔ བོད་མི་ཚོ་མཉམ་རུབ་བྱེད་དགོས་པ་རེད། ནུས་པ་ཕྱོགས་གཅིག་ལ་སྤུངས་དགོས་པ་རེད། བོད་མི་ཚོས་ལོ་གསར་མི་གཏོང་བའི་སྐོར་ལ་ངས་སྐད་ཆ་གོ་དུས། ལས་འགུལ་འདི་འདྲ་ང་ཚོས་སྔ་མོ་ནས་སྤེལ་དགོས་པ་ཞིག་རེད་དྲན་བྱུང་། ངའི་པཱ་ལགས་ཀྱིས་ལོ་གསར་སྐབས་ལ་འཛོམས་དུས། “ང་ཚོས་ལོ་གསར་གཏོང་གི་ཡོད་པ་རེད། ཡིན་ན་ཡང་ང་སྐྱིད་པོ་མི་འདུག བོད་ནང་ལ་དཀའ་ངལ་ཡོད་པ་རེད། ང་ཚོས་སྤྲོ་སྐྱིད་གཏོང་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད་”ཅེས་གསུངས་པ་ངས་དྲན་གི་འདུག
དགེ་རབ།༔ ཁྱེད་རང་གི་ནང་མི་ནི་བོད་ཀྱི་དབུ་འཁྲིད་༧རྒྱལ་བ་རིན་པོ་ཆེའི་སྐུ་ཉེ་རེད། ༧རྒྱལ་བ་རིན་པོ་ཆེ་སྐུ་གསོན་པོའི་སྐུ་ཉེ་རེད། ཁྱེད་རང་གིས་རང་གི་གོམ་བགྲོད་སྐོར་ཁོང་ལ་སྙན་གསན་ཞུས་སམ།
འཇིགས་མེད་ནོར་བུ།༔ ངས་ཁོང་ལ་སྙན་གསན་ཞུས་མེད། ང་ཚོས་གོམ་བགྲོད་བྱས་སྐབས་འདི་གསར་འགྱུར་བརྒྱུད་ལམ་ན་ཡོད་པ་རེད། བྱས་ཙང་ཁོང་གིས་མཁྱེན་གྱི་ཡོད་པ་རེད། ཁོང་གིས་ ངའི་པཱ་ལགས་ཀྱིས་ ༡༩༩༥ ནས་གོམ་བགྲོད་གནང་བ་སོགས་ཀྱང་མཁྱེན་གི་ཡོད་པ་རེད།
དགེ་རབ།༔ ང་ཚོའི་རང་བཙན་ ༡༩༥༩ ལོར་ཤོར་པ་རེད། ད་ལོ་ ༢༠༠༩ ལོ་རེད། ལོ་ ༥༠ ཕྱིན་པ་རེད། སྐབས་འདི་ལ་ཁྱེད་རང་ཅིའི་ཕྱིར་གོམ་བགྲོད་བྱེད་གི་ཡོད། ཅིའི་ཕྱིར་ནིའུ་ཡོག་ལ་འགྲོ་གི་ཡོད།
འཇིགས་མེད་ནོར་བུ།༔ ལོ་འདིའི་སུམ་ཅུའི་དུས་དྲན་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་རེད། མཐའ་ན་བོད་ནང་དུ་རྒྱ་མིས་བཙིར་གནོན་དང་དེ་བཞིན་ཕྱི་རྒྱལ་ལ་སྒོ་བརྒྱབ་པ་སོགས་གང་འདྲ་ཞིག་བྱས་ཀྱང་། བོད་མི་ནང་གི་བོད་མི་ཚོས་ ང་ཚོས་ཁོང་ཚོ་བརྗེད་མེད་པ་ཤེས་རྒྱུ་དེ་གལ་ཆེན་པོ་རེད། བོད་ཕྱི་ལོགས་ཀྱི་བོད་མི་ཚོས་མུ་མཐུད་ནས་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། ངས་བོད་ནང་གི་བོད་མི་ཚོ་ལ་གུས་ཞབས་ཆེན་པོ་བྱེད་ཀྱི་ཡོད། བོད་ནང་གི་བོད་མི་ཚོར་དཀའ་སྡུག་འཕྲད་པ་དེར་ང་སེམས་སྐྱོ་གི་འདུག ཡིན་ན་ཡང་། ང་དང་འདྲ་བའི་བོད་མི་ཚོས་བོད་དོན་ཆེད་མུ་མཐུད་ལས་ཀ་བྱེད་རྒྱུ་ཡིན་ལ། མཚམས་འཇོག་རྩ་ནས་བྱེད་རྒྱུ་མིན་པ་དེ་ཁོང་ཚོས་མཁྱེན་དགོས་པ་རེད་བསམས་གི་འདུག དེ་ནས་ཨིན་ཌི་ཡ་ན་ནི་ངའི་པཱ་ལགས་བཞུགས་གནས་ཡིན་པ་དང་། ཁོང་གིས་ཨ་རིའི་ཤར་ཕྱོགས་ཀྱི་ས་ཆ་མང་པོར་གོམ་བགྲོད་གནང་ཡོད་པ་རེད། ངས་དེ་ཚོ་ལ་རྗེས་དྲན་གྱི་ཚུལ་དུ་གོམ་བགྲོད་བྱེད་ཀྱི་ཡོད། དེ་ནས་ནིའུ་ཡོག་ནི་བོད་མི་མང་ཤོས་ཀྱི་གྲོང་ཁྱེར་དེ་རེད། ངའི་རེ་བ་ལ་བོད་མི་ཚོས་འདི་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་བྱེད་ཀྱི་ཡོད། བོད་མི་ཚོས་བོད་རང་བཙན་རྩོད་པར་ངོ་ཚ་བ་ནམ་ཡང་བྱེད་རྒྱུ་ཡོད་པ་མ་རེད།
༼གོང་གསལ་ནི་འཇིགས་མེད་ནོར་བུས་གོམ་བགྲོད་མ་བྱས་གོང་བཅར་འདྲི་ཞུས་པ་ལས་ཕྱོགས་སྒྲིག་གིས་བཀོད་པ་ལགས།༽

གསར་འགྱུར།

Post navigation

Previous Post: ༸རྒྱལ་བ་རིན་པོ་ཆེ་ཡང་ཐང་སིན་བླ་མ་ནང་བཞིན་བཞུགས་ན་ལེགས་པར་མ་མཐོང་།
Next Post: བོད་མིའི་བདེན་པར་རྒྱབ་སྐྱོར་སུས་་ཀྱང་བྱེད།

Comments (5) on “ངའི་སེམས་ཤུགས་ཀྱི་ཡོང་ས་རྩ་བ་དེ་ངའི་པ་ལགས་རེད།”

  1. གཞིས་ལུས་བོད་པ། says:
    2009-03-16 at 12:07 am

    དངོས་གནས་བསྔགས་བརྗོད་བྱེད་འོས་པ་རེད། ང་རང་བོད་ནང་དུ་གནས་པ་ཞིག་གི་ཆ་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུ་ཞིང་བྱ་བ་ཚང་མ་ལམ་ལྷོང་ཡོང་པའི་སྨོན་འདུན་ཞུ། །

  2. ཨ་རིག་དགེ་མཐོང་། says:
    2009-03-16 at 2:23 am

    སྟག་འཚེར་ཚང་གི་ནང་མི་ཁོང་སྐུ་གྲོང་པས་རྗེས་དེ་མ་ཐག་ན་ནིང་རྒྱ་གར་སེ་ར་དགོན་པ་ཡོང་དུས་རིན་པོ་ཆེའི་བུ་རེད་ཟེར་ནས་ཕོ་གསར་ཁ་ཤེས་འདུག ཡིན་ནའང་ཐབས་སྐྱོ་བ་ཞིག་ལ་བོད་སྐད་གོ་མཁན་གཅིག་མ་གཏོགས་མི་འདུག་ལ།
    དེ་རིང་འཇིགས་མེད་ནོར་བུ་ལགས་ནས་ཕ་ཤུལ་བུ་ཡི་འཛིན་དགོས་ཅེས་པའི་གནའ་མྱི་ཚོའི་ཁ་དཔེ་དོན་དངོས་ལག་བལྟར་བྱས་པ་འདི་དངོས་གནས་རྗེས་སུ་ཡི་རུང་བྱ་དགོས་པ་ཞིག་རེད།
    གཞིས་ལུས་བོད་པ་འདི་བོད་ནང་ན་མེད་པ་ཐག་གཅོད་ཐུབ་ཀི

  3. པད་མ་ཡང་སངས་ says:
    2009-03-17 at 10:23 pm

    གྲོགས་པོ་ཁྱེད་གཉིས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ། ཁྱེད་གཉིས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཞུ།

  4. yangbum says:
    2009-03-18 at 11:36 am

    ཕ་ཤུལ་བུ་ཡིས་འཛིན་པའི་འཇིགས་མེད་ལགས་ཀྱི་བོད་དོན་ཞི་བའི་གོམ་བགྲོད་ལ་རྒྱབ་སྐྱོར་ཞུ།  འདི་འདྲའི་ལས་འགུལ་སྤེལ་སྐོར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གསར་ལམ་ཁག་གིས་དོ་སྣང་ཁྱབ་བསྒྲགས་བྱ་རྒྱུ་ཤིན་ཏུ་གལ་ཆེ།

  5. འཇིགས་མེད། says:
    2009-03-19 at 6:40 am

    འདི་རུ་དྲག་ཆར་དང་ར྄ླུང་འཚུབ་ཆེ་བ་ཅི་རེད།བོད་མི་ར྄ྣམས་ལ་ཡ་རབས་བཟང་ས྄ྤྱོད་ཀྱི་བགྲོ་ག྄ླེང་བྱེད་ར྄ྒྱུའི་གོམས་གཤིས་མེད་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme