Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ལྟ་སྟངས་ཤིག བསེ་རུ།

Posted on 2012-12-06 By ཁ་བརྡ་ 3 Comments on ངའི་ལྟ་སྟངས་ཤིག བསེ་རུ།
བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཕལ་ཆེ་བས་༸གོང་ས་མཆོག་བོད་ནང་གདན་ཞུ་གནང་དགོས་གསུངས་ཡོད་པའི་ཐད་བསམ་ཚུལ་གང་ཡོད་དམ་ཞེ་ན། 
ཁོང་རྣམས་ཀྱི་སྙིང་སྟོབས་དང་བློས་གཏོང་ལྷན་དུ་དགོས་འདུན་དང་ཕུགས་རེ་གང་མང་ཞིག་ཡོད་ཀྱང་། དེ་དག་གི་འབྲས་བུ་ཐོན་དང་མི་ཐོན་ནི་ཕྱོགས་གཅིག་རྐྱང་པས་སྒྲུབ་ཐུབ་ཐབས་བྲལ་བ་ཞིག་ཡིན་པ་ནི་འཇིག་རྟེན་ཀུན་གསལ་རེད། ངའི་བསམ་པར་ད་ལྟའི་བོད་ནང་མེར་སྲེག་གི་ལས་འགུལ་དེ་བཞིན་རིམ་པར་རྒྱུན་སྲིང་བྱས་ཏེ་བོད་མི་བརྒྱ་ཕྲག་བརྒལ་བ་དུས་གཅིག་ཏུ་མེར་སྲེག་ལས་འགུལ་སྤེལ་ཏེ་དོན་རྐྱེན་དེའི་ནང་དུ་འདས་གྲོངས་སོང་ནའང་། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་ཀྱི་རེད་ཅེས་ནམ་ཡང་བརྗོད་མི་ཐུབ་ལ། བོད་ཀྱི་བདེན་མཐའ་སེལ་ཏེ་གཞིས་བྱེས་ལྷན་འཛོམས་ཡོང་ངེས་རེད་ཅེས་ནམ་ཡང་བརྗོད་མི་ཐུབ། འོན་ཀྱང་། ཇི་སྲིད་༸གོང་ས་མཆོག་བོད་དུ་ཞབས་སོར་འཁོད་ཐུབ་པ་ཞིག་དང་། གཞིས་བྱེས་ལྷན་འཛོམས་མ་བྱུང་བ་དེ་སྲིད་དུ་བོད་མིའི་ལས་འགུལ་འདི་ཡང་རྒྱ་མཚོའི་རྦ་རླབས་བཞིན་ནམ་ཡང་འཇགས་མི་སྲིད།  མདོར་ན། བོད་མིའི་སྒྲིག་འཛུགས་ཀྱི་མངོན་འདོད་ལ་བོད་མི་ཡོངས་ཀྱིས་ཡིད་ཆེས་ངེས་རྙེད་མ་བྱུང་བ་དང་གཅིག བོད་མིའི་ཆབ་སྲིད་ཀྱི་ལྟ་གྲུབ་འགལ་ཟླ་གཙང་སེལ་མ་བྱུང་བ་དང་གཉིས། རྒྱ་ནག་གཞུང་ཕྱོགས་ནས་གཉིས་ཕན་དབུ་མའི་ལམ་སྲིད་བྱུས་ལ་ཡིད་ཆེས་ངེས་རྙེད་མ་བྱུང་བ་དང་གསུམ་བཅས་མ་བྱུང་བ་གསུམ་གྱི་གནད་དོན་ཇི་སྲིད་ཐག་མ་ཆོད་པ་དེ་སྲིད་དུ་ང་ཚོའི་བདེན་མཐའ་ནམ་ཡང་གསལ་མི་སྲིད། དེར་བརྟེན། སྤྱི་བྱེའི་ཆབ་སྲིད་འཕོ་འགྱུར་གནས་བབ་ལ་དབྱེ་ཞིབ་དང་། བདེན་དོན་འཐབ་རྩོད་ཀྱི་ཐབས་ལམ་གསར་འཚོལ། གཞིས་བྱེས་བོད་མིའི་འབྲེལ་ལམ་རྒྱུན་སྲིང་སོགས་ཀྱི་ཐོག་རྣམ་དཔྱོད་ཀྱི་བློ་མིག་སྲིངས། བསམ་གཞིགས་ཀྱི་བློ་རྒྱ་སྐྱེད། སྙིང་སྟོབས་ཀྱི་གོ་ཁྲབ་གྱོན་ཏེ། ཀུན་གྱིས་རིག་པ་སྒྲིམས་ཤིག་ཅེས་ཞུ་རྒྱུ་ལས་མ་འདས། །
དཔྱད་རྩོམ།

Post navigation

Previous Post: ཀུན་ཕན་ཐེབས་རྩ་ཚོགས་པའི་ཞལ་འདེབས་གསལ་བསྒྲགས།
Next Post: ས་མཐའི་སྨྲེང་གླུ། བཀྲ་ཤིས་དོན་འགྲུབ།

Comments (3) on “ངའི་ལྟ་སྟངས་ཤིག བསེ་རུ།”

  1. མངའ་རིས་ཕྲིན་ལས། says:
    2012-12-07 at 5:46 am

    བོད་མིའི་ཆབ་སྲིད་ཀྱི་ལྟ་གྲུབ་འགལ་ཟླ་གཙང་སེལ་མ་བྱུང་བ་དང་གཉིས། ཆབ་འསྲིད་ཀྱི་ལྟ་གྲུབ་འགལ་ཟླ་གཙང་སེལ་ཟེར་བ་འདི་ལ་གོ་རྒྱུ་ཆེན་པོ་འདུག དེ་ནི་ལམ་དབུ་མས་རྒྱ་བོད་མཉམ་གནས་ཆགས་ཚར་ནས་གཞི་ནས་ཁྱོད་ཀྱི་འདོད་དོན་འགྲུབ་ངེས་རེད།

  2. བསེ་རུ། says:
    2012-12-07 at 9:11 am

    མ་བྱུང་བ་གསུམ་ནི་གཞིས་བྱེས་ལྷན་འཛོམས་ཡོང་རྒྱུའི་འགག་རྡོ་གཙོ་བོ་གསུམ་རེད།
    མ་བྱུངབ་གསུམ་ནི་གོང་འོག་ཚང་མས་ཐུགས་བསམ་བཞེས་དགོས་པའི་གནད་དོན་གསུམ་རེད།
    མ་བྱུང་བ་གསུམ་ནི་ངའི་བློ་མིག་འདིས་དཔྱད་པའི་དཔྱད་ཞིབ་ཀྱི་མཐའ་འབྲས་གསུམ་ཡིན།

  3. སྟག་རྒོད says:
    2013-01-02 at 6:03 am

    མ་བྱུང་བ་གསུམ་ནི་གཞི་བྱེས་བོད་མི་རྣམས་ཀྱི་ཐབ་རྩོད་ཀྱི་གནད་གཞི་ཞིག་རེད་ལ་དེ་ལ་བོད་མི་རྣམས་ཀྱི་སྔ་ཕྱིས་བར་གསུམ་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ལ་ད་དུང་ཡང་སྤེལ་བཞིན་རེད།
    འོན་ཀྱང་ད་ལྟའི་ཛ་དྲག་ནི་བོད་ནང་བོད་མི་མང་པོ་ཞིག་གི་རང་ལུས་མེ་སྲེགས་གཏོང་བ་དང་མང་པོ་ཞིག་རྒྱ་གཞུང་གི་བཙོན་རར་གནར་གཅོད་མྱོང་བཞིན་ཡོད་ དེའི་ཆེད་ཕྱི་ཕྱོགས་ན་ཡོད་པའི་བོད་མི་ང་ཚོས་བསམ་གཞིག་གནང་དགོས་པ་ཆགས་ཡོད། མ་ཟད་རྒྱ་གཞུང་ནས་ཕྱི་ཕྱོགས་བོད་མི་དང་བོད་ནང་གི་བོད་མི་དབར་གྱི་འབྲེལ་ལམ་ནི་སྔར་ལ་ཀྱང་དམ་དུ་གཏོང་བཞིན་ཡོད་པ་ང་ཚོ་མཁྱེན་གསལ་ལྟར་རོ། དེའི་ཆེད་ཕྱི་ཕྱོགས་ལ་ཡོད་པའི་བོད་མི་ང་ཚོའི་སྐབས་འབབ་ལན་འགན་གང་འཁྱེར་ན་ཕན་འབྲས་ཐོན་སྲིད་དམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme