Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ལས་ཀ

Posted on 2013-08-022013-08-02 By ཁ་བརྡ་ 5 Comments on ངའི་ལས་ཀ

སོག་མདའ།

སྐྱ་རེངས་བུ་མོ་མལ་ལས་ལྡང་བའི་དུས་དང་ལྷན་ཏུ་མལ་ལས་ལངས་།།
མིག་གཉིས་ལག་པས་ཕུར་ཕུར་བྱེད་བཞིན་ཁྲུས་ཁང་ཕྱོགས་སུ་གོམ་ཁ་བསྒྱུར།།
སོ་སྨན་སོ་བཀྲུ་སྒང་ལ་སྦྱར་ནས་སུམ་བཅུའི་སོ་ཕྲེང་བཀྲུས་ཞོར་དུ།།
གསང་སྤྱོད་འགྲམ་ལ་དན་སེ་བསྡད་ནས་གཅིན་པ་ཤག་སེ་མར་ལ་བཏང་།།

གཅིན་པ་བཏང་བ་ཚར་མ་ཐག་ལ་ལུས་པོ་དབང་མེད་སྤྲུག་སྤྲུག་བྱས།།
འདི་ནི་སྐྱེས་པ་ཡོད་དོ་ཅོག་ལ་ངང་གིས་མཆིས་པའི་རང་བཞིན་རེད།།
ངོ་གདོང་དང་ནི་ལུས་པོ་བཀྲུས་ནས་སྟོད་གོས་གསར་བ་ལུས་ལ་གོན།།
ཐབ་ཚང་ཇ་ཁང་ནང་ལ་སོང་ནས་འཁྱག་སྒམ་སྒོ་མོའི་ཁ་ཕྱེས་ནས།།

མར་དང་འོ་མ་མཉམ་ཏུ་བླངས་ནས་བག་ལེབ་མཉམ་ཏུ་ཞོགས་ཇ་འཐུང་།།
གྱང་ངོས་བཀལ་བའི་དུས་ཚོད་དེ་ལ་ཁྲ་ཆུང་མིག་གིས་ཡང་ཡང་འཕངས།།
འགྲོ་བའི་དུས་ལ་སླེབས་རག་བར་དུ་སྐར་ཆ་ལྔ་ལས་ལྷག་མི་འདུག །
མྱུར་ཏུ་ལག་ཁུག་རྒྱབ་ལ་ཁུར་ནས་སྒོ་རྒྱབ་བུད་ནས་སྒོ་ལྕགས་བརྒྱབ།།

ཤར་མར་རླངས་འཁོར་འབབ་ཚིགས་ཕྱོགས་སུ་སྤྱི་སྤྱོད་རླངས་འཁོར་སྒུག་ཏུ་སོང་།།
ནམ་རྒྱུན་ཡོང་བའི་སྤྱི་སྤྱོད་རླངས་འཁོར་དེ་མ་ཐག་ཏུ་གནས་འདིར་འབྱོར།།
ཡོ་སྒོར་གཉིས་དང་ཕྱེད་ཀ་ཕྱིན་ནས་ལས་ཀར་འགྲོ་བའི་གནས་སུ་བཞུད།།
ཐག་ཐག་སྐར་ཆའི་འགྲོས་དང་བསྟུན་དེ་ལས་ཀ་བྱེད་སའི་གནས་ལ་ཐོན།།
ནམ་རྒྱུན་ལས་ཀ་བྱེད་སའི་ཁྱིམ་ནི་སྒོ་རྟགས་ཨང་གྲངས་བཅུ་གཅིག་ཡིན།།

ཨང་གྲངས་དེ་ལ་མཛུབ་མོས་མནན་ནས་ཅུང་ཙམ་སྒུག་པའི་བར་སྐབས་ལ།།
ཧ་ལོ་ཟེར་བའི་བརྡ་ལན་ལྷན་ཏུ་ནང་ལ་ལོག་ཕེབས་ཟེར་བའི་བརྡ།།
སྒོ་ཁའི་འགྲམ་གྱི་ཁ་པར་དེ་ལས་བདག་གི་རྣ་བས་གསལ་བར་ཐོས།།
སྒོ་མོ་ཕྱེས་ནས་ནང་དུ་་སོང་བས་ཁྱིམ་ཚང་དེ་ཡི་སྦྱིན་བདག་མ།།

ལས་ཀ་འགྲོ་བར་བྲེལ་བའི་བར་ནས་འཚབ་མ་འཚུབ་གྱིས་ངང་དུ་གནས།།
ང་ནི་ལས་ཀ་འགྲོ་ལ་རན་པའི་ཁྱེད་ཀྱིས་གད་བརྡར་ཚང་མ་བྱོས།།
བདག་གི་གྱོན་པས་འོག་འཇུག་དང་ནི་རྐང་ཤུབས་ལ་སོགས་དེ་ན་ཡོད།།
དེ་མིན་གསང་སྤྱོད་ཁྲུས་ཁང་ནང་ལ་གད་བརྡར་གཙང་ཞིང་དག་པ་བྱོས།།

དགོང་དྲོ་ཆུ་ཚོད་བདུན་པ་བར་དུ་ང་ཡི་ལས་མཚམས་མི་གྲོལ་ཟེར།།
ཞེས་པའི་སྐད་ཆ་ལབ་གླེང་ཞོར་ཏུ་པེ་པེ་ཟེར་བཞིན་ལས་ཀར་ལོག །
གཡས་གཡོན་གཡུག་པས་གོན་པ་དང་ནི་དཔེ་ཆ་དེ་དག་གྲལ་དག་བཞག །
གློག་གི་གཙང་བཟོ་འཕྲུལ་ཆས་བཀོད་ནས་ཁང་པའི་མཐིལ་གདན་དག་ཞིང་བཀྲུས།།
གློག་འཕྲུལ་གོན་པ་བཀྲུ་བྱེད་ནང་ལ་འོག་འཇུག་དང་ནི་རྐང་ཤུབས་སོགས།
ཡོད་ཚད་གཅིག་ཀྱང་དེ་རུ་མ་བཞག་བཀྲུ་བྱེད་ནང་ལ་བཅུག་ནས་བཀྲུས།།

ད་ནི་གསང་སྤྱོད་གཅིག་པོ་མ་གཏོགས་ལས་ཀ་ཕལ་ཆེར་རྫོགས་ལ་ཉེ།།
ལག་ཤུབས་གོན་དེ་གསང་སྤྱོད་ནང་ལ་གཙང་སེལ་སྨན་ཆུ་དྲི་ཞིམ་གཏོར།།
ཆབ་ཆེན་དང་ནི་ཆབ་ཆུང་གཏོང་སའི་རྫ་ཁུང་ནང་ཡང་དག་པར་བཀྲུས།།
ད་ནི་དེ་རིང་ཉིན་མོ་གཅིག་གི་ལས་ཀ་འདི་ལྟར་རྫོགས་ན་ཡང་།།

ཆུ་ཚོད་བདུན་པ་མ་ཡོལ་བར་དུ་ཁྱི་ཕྲུག་དཀར་བོ་འདུག་རོགས་དགོས།།
འདི་ལྟར་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཁྱིམ་ཚང་འདི་རུ་ལས་ཀ་བྱས།།
ཡོ་སྒོར་རིན་ཐང་ཆེ་བའི་དབང་དང་ནང་མི་ཕུ་ནུ་ཕན་པའི་ཆེད།།
རང་གི་མི་ཚེའི་རིན་ཐང་ཞེས་པ་འདི་ལྟར་སྐྱེལ་བ་ཕངས་སེམས་མེད།།

ལ་ལའི་དེ་ལ་དམའ་འབེབས་བྱེད་པའི་དུག་གི་མདའ་མོ་འཕངས་ན་ཡང་།།
རྐུ་འཕྲོག་ཇག་བྱེད་མགོ་སྐོར་མིན་ཞིང་ལུགས་དང་མཐུན་པའི་ལས་ཀ་ཡིན།།
བཟང་ངན་གང་བརྗོད་ཁྱད་པར་མི་འདུག་དཀའ་ལས་ངོ་མས་རྒྱག་གི་ཡོད།།
ཉིན་ཞག་གཅིག་ལ་ཡོ་སྒོར་བདུན་བཅུ་དངུལ་ཁང་ནང་ལ་ལྡུག་བཞིན།།

ཕ་མ་སྤུན་མཆེད་ནང་མི་རྣམས་ལ་སྒོར་མོ་འགའ་རེ་བསྐུར་གྱི་ཡོད།།
བཙན་བྱོལ་ཡོད་པའི་བྱིས་པ་འགའ་ལ་ཟླ་རེར་སློབ་ཡོན་སྤྲད་ཀྱི་ཡོད།།
བཙུགས་པའི་སྒེར་གཉེར་སློབ་གྲྭ་ཞིག་ལ་སྦྱིན་བདག་གང་ཐུབ་བྱེད་ཀྱི་ཡོད།
འདི་ནི་བདག་གི་གསང་སྤྱོད་ཁྲུས་པའི་རིན་གོང་དེ་ནི་རིན་ཐང་རེད།།

རྩོམ་རིག

Post navigation

Previous Post: རང་ལ་ཕྱིར་རྟོག
Next Post: ཝུད་ཆད་ཌེ། weChat

Comments (5) on “ངའི་ལས་ཀ”

  1. གནམ says:
    2013-08-02 at 7:20 pm

    བཟང་གི། ལས་ཐུབ་པ། གཏོང་ཐུབ་པ། གཉིས་ཆ་འཛོམས་ལྡན་ནི་ཞིག་དཀོན་ཚོད་རེད།

  2. འདྲེ་རྐང་ཐོ། says:
    2013-08-02 at 8:09 pm

    ངོ་མས་ངར་བ་རེད་་་་རང་གིས་དཀའ་ལས་བརྒྱབ་པའི་ཡོང་འབབ་སྟེ་གཞན་གྱི་དཀའ་ངལ་སེལ་ཐབས་སུ་འཕུལ་གནང་གིན་པར་གུས་བཀུར་ཡོད།

  3. སྤོབས་པ་མཐའ་ཡས། says:
    2013-08-02 at 10:30 pm

    སྒྲོ་སྐུར་གྱིས་མ་གོས་རྩོམ་འདི་སྙན་པོ་འདུག ཆོས་སྲིད་གཉིས་ཀྱི་གཞི་རྐང་ངོ་མ་དེ་མི་ཚེ་སྐྱེལ་སྟངས་འདི་འདྲ་ཞིག་ལས་འཛུགས་དགོས་ངེས་རེད

  4. མེ་ཏོག་དཀར་པོ says:
    2013-08-02 at 10:47 pm

    ཡག་པོ་འདུག དེ་རང་རེད།

  5. མཚམས་སྤྲིན་དམར་པོ། says:
    2013-08-03 at 5:11 am

    ཡག་གི་ཡ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme