Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་རྨི་ལམ།

Posted on 2013-07-062013-07-06 By ཡེ་ཤེས་ 6 Comments on ངའི་རྨི་ལམ།

ཀླུ་སྨྱོན།

འཁྲུངས་སྐར་ཞིག་ལ།
མདང་གསུམ་ང་ཡི་རྨི་ལམ་ནང་། །
པོ་ཏ་ལ་ཡི་གསེར་ཁྲིའི་སྟེང་། །
ལོ་ངོ་དྲུག་ཅུའི་ས་རྡུལ་དག །
བདག་གིས་གཙང་མར་ཕྱིས་པ་རྨིས། །

གཟི་བརྗིད་འབར་བའི་པོ་ཏ་ལའི། །
ཚ་དྲོད་འཇགས་པའི་རྡོ་སྐས་དག །
མེ་ཏོག་དཀར་པོའི་ཆར་བ་ཡིས། །
ཡང་དང་སྐྱར་དུ་བརླན་པ་རྨིས། །

ནོར་བུ་གླིང་གའི་ཚོམས་ཆེན་དུ། །
ཁ་བཏགས་དཀར་པོའི་ལྡོག་འོད་ཀྱིས། །
སྤྲིན་པ་དག་ནི་མགོ་འཁོར་ཏེ། །
ས་ལ་བབས་པའི་སྙན་ངག་བརྩེགས། །
བར་སྐོར་ལྷ་བསང་དུ་ཞགས་ནི། །
སེམས་དང་སེམས་པའི་གསེང་འཐིབས་ཏེ། །
ཡི་གེ་དྲུག་མའི་ཟློས་བརྗོད་ཀྱི། །
དབྱངས་རྟས་ལོ་ངོ་སྟོང་ཕྲག་གྱེར། །

སྐྱིད་ཆུས་སྐྱིད་པའི་འཛུམ་དམུལ་ཞིང་། །
ལྷ་སའི་ལུང་གཞོང་ལྷོད་ཤིག་གེ །
བཙོན་ར་མེད་ཅིང་སོ་ཉུལ་མེད། །
ཉི་མའི་འོད་ཀྱི་གྲོང་ཁྱེར་ཞིག །

ལྷ་ཡུལ་ས་ལ་བབས་པ་དང་། །
མི་ཡུལ་བདེ་སྐྱིད་ལྡན་པ་ཡི། །
རྨི་ལམ་འདི་ཡིས་ཁྱེད་ཉིད་ཀྱི། །
འཁྲུངས་སྐུར་བསུ་བར་བདག་སྤྲོ་འོ། །

སྙན་ངག

Post navigation

Previous Post: ཕག་ལོ་བ། ངས་ཁྱེད་ལ་འདྲི།
Next Post: འཇམ་དབྱངས་ནོར་བུའི་དྲན་སྣང་གི་རག་ར་ཐུབ་བསྟན་ཆོས་དར་ལགས།

Comments (6) on “ངའི་རྨི་ལམ།”

  1. རིགས་ཞེན་དཀར་པོ། says:
    2013-07-06 at 12:35 pm

    སྨྱོན་པ་ལ་རྨི་ལམ་ཡག་པོ་རྨིས་འདུག

  2. གངས་སྨྱུག says:
    2013-07-06 at 2:11 pm

    མདང་ནུབ་མྱི་རྒན་འཁྲུལ་སོང་འདུག་ག

  3. ཤེས་དགའ་ says:
    2013-07-06 at 7:14 pm

    བོད་པ་ཟེར་བ་འདི་ཚང་མ་ཕྱི་ལོག་ལ་སྟོན་རྒྱུ་དགའ་པོ་ཡོད་། དད་པ་ཡོད་ན་དེ་སྟོན་དགོས་། ཡོན་ཏན་ཡོད་ན་དེ་སྟོན་དགོས་། དཔལ་འབྱོར་ཡོད་ན་དེ་སྟོན་དགོས་། སེམས་ཤུགས་ཡོད་ན་དེ་སྟོན་དགོས་། འོན་ཀྱང་ཧ་མ་གོ་རྒྱུ་དེ་ག་རེ་རེད་ཟེར་ན་དེ་ནི་ཚང་མ་ཕྱི་ལོག་ལ་སྟོན་ཚར་བའི་རྗེས་སུ་ནང་ལ་ལྷག་རྒྱུ་ཅང་མེད་པ་དེ་ཧ་གོ་གི་མ་རེད་།

  4. བློ་བཟང་། says:
    2013-07-06 at 9:27 pm

    ཀླུ་སྨྱོན་ལགས་ཐུགས་ཁག་མེད། སྐྲ་སེར་དང་ཡུན་རིང་གཤིབས་པ་ཡིན་ཙང་ཤན་ཞུགས་པ་རེད། I know it, I knew it ཟེར་བ་ཕལ་ཆེར་གྱི་ངག་ལ་འཇགས་ནས་ཡོད། གཏམ་སྙན་གྲགས་ལ་དགའ་ཚར་དུས་ཡོན་ཏན་ངོམ་རྒྱུ་དང་སྐྱོན་སྦས་བསྐུངས་བྱེད་རྒྱུ་སྤྱིར་སྟངས་བ་རེད། བོད་པས་ཚང་མ་ཕྱི་ལོག་ལ་སྟོན་པ་ཙམ་སྐྱོན་མིན་སྙམ། འོན་ཀྱང་གང་ཡོད་པ་དེ་ངོམས་ཚར་རྗེས་ཡིད་ཚིམ་ནས་ཞུགས་དེ་ཡར་རྒྱས་ལ་གནོད་པ་དང་། གཞན་ནས་བསྟོད་ར་བྱུང་མཚམས་བློ་ལྷོད་ལ་བབ་ནས་ཞུགས་པ་དེ་ཡར་རྒྱས་ལ་གནོད་འདུག་བསམ།

  5. ཉེར་གཅིག་པའི་ཅོང་བརྡ། says:
    2013-07-07 at 12:30 am

    སྨྱོན་པ་སྨྱོན་པའི་ཡུལ་དུ་བཞུགས་ཏེ་སྨྱོན་རྟགས་སྟོན་ཡ་ཇེ་མང་ནས་ཇེ་མང་རེད།

  6. ཨ་ཕྱི་ཆོས་སྒྲོན says:
    2013-07-07 at 3:09 am

    ༼ནང་པའི་གནས་མཆོག་རྡོ་རྗེ་གདན་པ་གནས་ཚུར་ཞེད་སྣང་ཚ་བོ་ཞིག་བྱུང་འདུག གནས་ཚུར་རྒྱུས་ལོན་བྱས་པ་ཏོག་ཙམ་མི་འདྲ་བ་རེ་གཉིས་བྱུང་འདུག་པ་ལས། འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་ཡོད་པ་དོན་དངོས་རེད། གནས་ཚུར་ཁ་གསལ་གོ་བྱུང་ན་མི་མཐུད་ནས་དྲ་གྲོགས་ཚོའི་སྤྱན་སྔར་འབུལ་ཡོང་།༽

    འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་འདུག དེ་རིང་སྟེ་༢༠༡༣ ༧ ༧ གྱི་ཞོགས་པ་ཆུ་ཚོད་༥:༣༠,ཙམ་ལ་གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་ནང་ལོག་ལ་འབར་རྫས་བཞི་དང་། མཆོད་རྟེན་གྱི་ཉེ་སྐོར་སྐུ་ཆེན་པོའི་འགྲམ་དུ་འབར་རྫས་གཉིས། རྡོར་གདན་གཏེར་སྒར་དགོན་པའི་གྲྭ་ཤག་གི་རྒྱག་ལོག་ལ་འབར་རྫས་གསུམ་གཡུག་འདུག་ཟེར། འོན་ཀྱང་མི་སུ་བསད་ཡོད་མེད་གསལ་པོ་མ་ཤེས་ཀྱང་མཆོད་རྟེན་ནང་ལོག་ནས་མི་ཁ་ཤས་རྐང་ལག་བཅག་ཡོད་སྐད་འདུག སྐུ་འདྲ་ལ་གང་འདྲ་བྱུང་ཡོད་མེད་གསལ་རྟོགས་མ་བྱུང་། གཏེར་སྒར་དགོན་གྱི་མི་དང་ཁང་པ་ལ་གནོད་སྐྱོན་ཞེ་དྲག་ཐེབས་ཡོད་པའི་སྐད་ཅ་མི་འདུག་ ད་ལྟ་ནི་གྷ་ཡ་གི་ཉེས་རྟོག་པ་དམག་མི་དང་ས་གནས་སོ་སོའི་ཉེས་རྟོག་པ་དང་དམག་མི་ལ་སོགས་པས་རྩད་ཞིབ་བྱེད་བཞིན་པའི་སྒང་རེད་འདུག་

    ད་ནངས་སྔ་དྲོ། རྡོར་གདན་མཆོད་རྟེན་གྱི་བྱང་ཆུབ་ཤིང་རྩར་འབར་རྫས་གཉིས་བཀས་ཡོད་པ་དང་། གྲྭ་པ་གཉིས་ཀ་རྨས་སྐྱོན་བྱུང་འདུག དེ་མཚུངས་མཆོད་རྟེན་ཉེ་གྲམས་བཅས་སྡོམ་འབར་རྫས་ལྔ་ཙམ་བཀས་ཡོད་ཚུལ་གསར་འགྱུར་ཁག་གིས་བརྗོད། IB ཨྱེ་སྦི་ནས་རྡོར་གདན་དུ་འཇིགས་སྐུལ་བས་ཉེན་ཁ་ཡོད་པར་བདུན་ཕྲག་སྔོན་མ་ནས་བརྗོད་འདུག གསར་བཀོད་པ་དོན་གྲུབ་རྡོ་ཆེས་༢༠༡༣། ༧། ཚེས་༧ ལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme