Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ཚེ་ཐར།

Posted on 2015-07-192015-07-19 By ཁ་བརྡ 2 Comments on ངའི་ཚེ་ཐར།

སྐྱོ་བྲག་དགའ་དབང་།

 
འཇིག་རྟེན་ན་གཅེས་པ་རང་སྲོག་ཡིན་ཕྱིར། རང་ཉིད་ཀྱི་ལུས་བཟང་ངན་གང་ལྟར་ཡང་སེམས་ཅན་ཡིན་ནོ་ཅོག་གིས་སོ་སོའི་སྲོག་མགོ་ཐོན་ཐབས་ལ་ཉིན་མཚན་ལྷོད་མེད་ཀྱིས་འབད་པ་བྱེད་ཀྱིན་ཡོད་ཅིང། རང་ཉིད་འཆི་བ་ནི་རང་ལ་བྱུང་བའི་ལས་ཀྱི་ཐ་མ་ཡིན་པས་ན། ཕ་རོལ་དགྲ་སྡེ་འཇོམས་པའི་མཐར་ཐུག་ཀྱང་གསོད་པ་ཡིན་ལ། ཁྲིམས་ཀྱི་ཉེས་པ་མཐར་ཐུག་ཀྱང་སྲོག་ཁྲིམས་གཅོད་པ་ཡིན། འཆི་བ་ལ་བསམ་ན་དཀའ་ངལ་གཞན་པ་ནི་ཆུང་ངུར་མཐོང་གི་ཡོད། གལ་སྲིད་འཆི་བ་ལ་མི་འཇིགས་ན་གཞན་གང་ལའང་སྐྲག་དགོས་པ་མེད་དེ། སྐྲག་ས་ཚང་མའི་མཐར་ཐུག་ནི་འཆི་བ་ཡིན་པ་རེད། རོགས་ཕན་གྱི་ནང་ནས་ཆེ་ཤོས་ཀྱང་འཆི་བའི་འཇིགས་པ་ལས་ཐར་བའི་རོགས་པ་བྱས་པ་ཡིན་ཏེ། མ་ཤི་ན་འཇིག་རྟེན་འདིའི་གསོན་ངོགས་ཀྱི་ལས་ཀ་ཆེ་ཆུང་ལེགས་ཉེས་ག་རེ་ཡིན་ནའང་བྱེད་དུ་ཡོད་ཅིང་། ཤི་ཟིན་ན་བཟང་ངན་གྱི་ལོ་རྒྱུས་ཚང་མའི་མཇུག་རྫོགས་པ་རེད།

འཆི་བ་ནི་རང་གཞན་ཚང་མ་ལ་གཡོལ་དུ་མེད་པའི་འཇིགས་ཉེན་ཆེ་ཤོས་དེ་ཡིན་ཕྱིར་གཏན་མེད་བྱ་རུ་མེད་ནའང་། གནས་སྐབས་མ་ཤི་ཙམ་བྱུང་བའང་གསོན་པའི་བདེ་སྐྱིད་ཐམས་ཅད་ཀྱི་གཞི་རྩར་ཤེས་པས་རང་གཞན་ཡུན་གནས་ཀྱི་ཐབས་སུ་སྐྱེས་བུ་དམ་པ་རྣམས་འབད་པ་སྟེ། རང་ཉིད་འཚོ་ཐབས་སུ་སྨན་དཔྱད་རིམ་གྲོ་སོགས་བྱེད་པ་དང་། གཞན་པའི་འཚོ་ཐབས་སུ་ཤ་དང་སྲོག་གཅོད་སྤོང་བ་དང་། ཚེ་ཐར་གཏོང་བ་སོགས་བྱེད་ཀྱི་ཡོད།

ངས་ཀྱང་ཆུང་དུས་གཞན་གྱི་ཚོར་བ་བདེ་སྡུག་གི་སྐོར་ལ་བསམ་གཞིག་རྩ་བ་ནས་མི་ཤེས་པས་སེམས་ཅན་གཉོམ་ཆུང་ཚོ་གསོད་པ་ལ་དགའ་ཞིང་བྱ་བྱིའུ་དང་རི་བོང་གླ་བ་སོགས་འགའ་ཤས་གསོད་མྱོངས་ཀྱང་ཡོད་མོད། ན་ཚོད་སྨིན་པ་ན་མཐོང་ཐོས་རྒྱ་ཆེ་རུ་སོང་ཞིང་ལྷག་ཏུ་བླ་མ་དགེ་བའི་བཤེས་གཉེན་དུ་མ་ཞིག་གི་དྲུང་ནས་ནང་ཆོས་ཀྱི་ཤེས་ཡོན་སློབ་གསོ་གང་མང་ཐོབ་པའི་བཀའ་དྲིན་ལ་བརྟེན་ནས་རིམ་པར་སྲོག་གཅོད་དང་དམར་ཟས་སྤོང་བ་ལ་བསླབས་ཤིང་། གཞན་པ་འཚོ་གནས་ཡོང་ཐབས་ཀྱང་གལ་ཆེན་ཡིན་པ་སེམས་ལ་གསལ་བོར་ངེས་ནའང་ནུས་པས་འདངས་པ་ཞིག་མ་བྱུང་།
ལོ་འདིར་ངོ་ཤེས་གྲོགས་པོ་དག་གིས་གུ་ཡངས་དང་ངལ་གསོའི་ཆེད་དུ་ཐེ་ཝན་དང་ཧོང་ཀོང་དུ་ཡོང་དགོས་པའི་སྐུལ་མ་དང་རོགས་ཕན་གནང་བ་དྭང་ལེན་ཞུས་ཏེ་བག་ཡངས་སོས་དལ་གྱི་སྤྲོ་འཆམ་བགྱིད་པ་ན་གང་ཐོབ་པ་དག་གིས་འབྲི་གཡག་རྣམས་ཚེ་ཐར་བཏང་བ་ཡིན།

ང་ལ་ཐོབ་པའི་སྒོར་མོ་དག་ནི་གཏོང་བ་ལ་གོམས་པའི་སྦྱིན་བདག་རྣམས་ཀྱིས་སོ་སོའི་བློ་ཡིས་ལྕོགས་ཚོད་རེ་བྱིན་པ་རྣམས་བེད་སྤྱོད་གཏན་ནས་མ་བྱས་པར་བསགས་པ་ཙམ་ལས། བསྟན་འགྲོ་གང་རུང་རེའི་ཆེད་དུ་ཡིན་རབས་ཀྱིས་སློང་མོ་བྱས་པའི་སྒོར་མོ་གཅིག་ཀྱང་མེད་ལ། འགའ་རེས་རོགས་རམ་དགོས་སམ་ཞེས་དྲིས་པ་དག་ལའང་དགོས་ཞེས་ལབ་པ་གཅིག་ཀྱང་མེད། དེས་ན་ང་ལ་བྱུང་བའི་སྒོར་མོ་དག་ནི་དྭགས་པོ་རིན་པོ་ཆེས། ཤུགས་ལ་བྱུང་ན་དངོས་གྲུབ་ཡིན་པས་མི་སྤང་། ཞེས་གསུངས་པ་ལྟ་བུར་ཆ་འཇོག་བྱས་ནའང་རུང་བར་སྙམ།

ངས་ཉོས་པའི་འབྲི་གཡག་དག་ནི་ངའི་ནང་མིའི་སྒོ་ཟོག་ཚོ་རེད། གང་ཡིན་ཟེར་ན། ངའི་ནང་མི་ཕ་མ་རྒས་འཁོགས་དང་སྤུན་སྲིང་རྣམས་འཁྱག་ལྟོགས་ཀྱིས་མ་ཤི་བ་ནི་ང་ཚོའི་ནང་གི་སྒོ་ཟོག་ཚོའི་བཀའ་དྲིན་རེད་ལ། ང་ཚོའི་ནང་མི་ཡོངས་ཀྱི་ཕ་མ་ལྟར་གྱུར་པ་སྒོ་ཟོག་དག་གི་སྲོག་དབུགས་ལེན་དགོས་མ་ཐུག་ཙམ་བྱུང་ནའང་ཡག་པོ་རེད་སྙམ་པའི་བསམ་ཚུལ་བྱུང་ཞིང་། བློ་སྦྱོང་ལས་ཀྱང་། ལེན་པའི་གོ་རིམས་རང་ནས་བརྩམ། ཞེས་གོ་རིམ་གྱི་ཐོག་མ་རང་ནས་རྩོམ་དགོས་པར་གསུངས་ཡོད།

སྤྱིར་བཏང་ངའི་ནང་མི་རྣམས་སྡིག་པ་ལ་འཛེམ་ཟོན་མེད་པ་ཞིག་མིན་ནའང་། དཔལ་འབྱོར་གྱི་ཡོང་སྒོ་ཞན་ཅིང་ནང་མི་མང་པོའི་འགྲོ་སོང་ཆེ་ཐོག །དམར་ཟས་ཟ་བ་གོམས་ལོབས་སུ་སོང་བས། སྒོ་ཟོག་བཤའ་བ་དང་བཙོང་པ་སོགས་བྱ་དགོས་ཐུག་གི་ཡོད་པ་རེད།
ད་དུང་ངས་སྒོར་ཟོག་མང་པོ་ཞིག་གི་ཚེ་སྲོག་བསླུ་ཐུབ་མེད་པ་ནི་ངའི་སྒོར་མོའི་གྲངས་ཚད་ཀྱིས་མ་འདངས་པ་ཡིན་ཕྱིར་གནས་སྐབས་ཅི་བྱ་བྲལ་ཏེ་འབྱུང་ཆར་བྱ་ཐུབ་པའི་རེ་སྨོན་གྱི་ངང་དུ་མ་བཞག་རང་བཞག་བྱུང་།

གཞན་དིང་སང་བོད་ཡུལ་དུ་ཚེ་ཐར་བཏང་བ་ཕལ་མོ་ཆེ་བདག་མེད་དུ་ལུས་པས་རྐུན་མ་དང་གཅན་གཟན་གྱིས་གང་མགྱོགས་བཟའ་འགྲོ་བའི་དཀའ་ངལ་ཞིག་ཡོད་པ་སྐྱོབ་ཆེད་ཚེ་ཐར་བཏང་བ་རྣམས་མ་ཤིའི་བར་དུ་ང་ཚོའི་ནང་མིས་བདག་སྐྱོང་བྱས་ཏེ། ཚེ་ཐར་གྱི་འབྲི་གཡག་ལས་བྱུང་བའི་སྤུ་དང་འོ་མ། གསར་སྐྱེས་ཀྱི་བེའུ་ཆ་ཚང་ང་ཚོའི་ནང་མི་ལ་བདག་པའི་ཁ་ཆད་བྱས་ཤིང་། གལ་ཏེ་ཤི་བ་དང་གཅན་གཟན་གྱིས་ཟོས་པའི་ཤ་རུས་དང་ལྤགས་པ་ལོངས་སུ་སྤྱོད་རུང་ཡིན་ན་བེད་སྤྱོད་གང་ཞིག་བྱ་བར་འདོད་ཀྱང་མི་རུང་བ་མེད་པ་རེད།

གཡུང་དྭགས་ཀྱི་རིགས་རྣམས་ཚེ་ཐར་བཏང་སྟེ་རི་སྟོང་དུ་མངགས་ཤེས་པ་ཙམ་གྱིས་ཁོ་ཚོ་བདེ་སྐྱིད་ལྡན་པའི་འཚོ་གནས་ཤིག་ཡོང་གི་མེད་པ་ནི་དིང་གི་བོད་ཡུལ་སྟོད་སྨད་ཀྱི་ཚེ་ཐར་བདག་མེད་ཚོའི་འཆི་རྐྱེན་ངན་པ་ལས་ཤེས་ཀྱི་ཡོད་ཕྱིར། མ་འོངས་པར་ཡང་ངས་མུ་མཐུད་དེ་ང་ཚོའི་ནང་མི་ལ་ཚེ་ཐར་བདག་སྐྱོང་གི་རོགས་རམ་གནང་བའི་བརྔན་པ་གང་ལྕོགས་རེ་སྤྲོད་དགོས་པ་ནི་ང་རང་གིས་བྱས་པའི་ལས་ཀའི་འགན་འཁྲི་ཡིན་པ་ཤེས་ཀྱི་ཡོད།

ང་ལ་སྒོ་ཟོག་དྲིན་ཆེན་རྣམས་གཏན་གྱི་བདེ་བ་ལ་འགོད་ཐུབ་པའི་ནུས་པ་ཞིག་མེད་ནའང་། གཞན་པའི་ཚེ་སྲོག་ལ་མཐོང་ཆེན་གྱིས་དྲིན་ལན་ལོག་འཇལ་མིན་ཙམ་དུ་བདག་པོའི་སྲོག་ཁྲིམས་ལས་ཐར་པ་ཞིག་བྱས་ཁུལ་རེད་ལ། ཚེ་ཐར་བཏང་བ་དག་དུད་འགྲོ་རྨོངས་པའི་ལུས་སུ་ཡོད་ཕྱིར་འཚོ་བའི་བདེ་སྐྱིད་ཆེན་པོ་ཞིག་ཡོད་དཀའ་ནའང་རང་ཉིད་ཀྱི་ཚེ་མཐའི་བར་གསོན་པོར་གནས་ཆོག་པའི་སྐལ་བ་ཙམ་བྱུང་བ་རེད། གང་ལྟར་ཡ་རབས་ཀྱི་སྤྱོད་པ་ལ་འཇུག་པའི་གོ་སྐབས་ཕྲན་བུ་བྱུང་བས་སེམས་པ་གཏིང་ནས་དགའ་ཡོད་དོ། །

དྲན་ཐོ།

Post navigation

Previous Post: ༼༧གོང་ས་མཆོག་ཐུགས་རྗེ་ཆེ།༽ འཇར་འཁོད་བོད་རིགས་ཚོགས་པས།
Next Post: གླེགས་བམ་ངུས་པ།

Comments (2) on “ངའི་ཚེ་ཐར།”

  1. སྐལ་ཚེ། says:
    2015-07-19 at 11:58 pm

    ཚེ་ཐང་ལ་ཁ་བཀལ་ཏེ་ད་དུང་སྒོར་མོ་མང་ཙམ་རག་ན་ཡག་པོ་འདུག ནང་མིར་བཏང་ཆོག་གི་རེད་དོ།།

  2. འབྲོག་ཕྲུག says:
    2015-07-21 at 9:34 am

    རིགས་པ་ཡག་པོ་གཏང་འགི རང་གི་ཟོག་རང་གིས་ཉོ། ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme