Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་མིག་ལམ་ནས་མཐོང་བཞིན་པའི་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ།

Posted on 2016-02-022016-02-02 By ཁ་བརྡ 13 Comments on ངའི་མིག་ལམ་ནས་མཐོང་བཞིན་པའི་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ།

སྐལ་བཟང་སྤེན་པ།

 
འདི་ལོའི་སྲིད་སྐྱོང་གི་འོས་བསྡུའི་སྐོར་ལ་བརྒྱུད་ལམ་འདྲ་མིན་ཐོག་བགྲོ་གླེང་དང་གླེང་སློང་སྣ་ཚོགས་བྱས་པས། མི་མང་ལ་གོ་རྟོགས་ངེས་ཅན་ཐེབས་ཡོད་པ་སྨོས་མེད་རེད། སྐབས་རེ་བརྒྱུད་ལམ་དེ་དག་གི་ཐོག་རྩོད་གླེང་ཡང་མི་ཉུང་བ་ཞིག་བྱུང་བ་དེ་ཡང་དོན་དངོས་རེད།
ཕྱོགས་གཞན་ཞིག་ནས་བསམ་ན། གཞི་མེད་སྐྱོན་འཛུགས་ལ་སོགས་པའི་གནད་དོན་ཅི་འདྲ་ཞིག་ཡིན་ཀྱང་མི་མང་ཁྲོད་གླེང་སློང་བྱས་ཚེ། གཞི་ནས་གསལ་ཁ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། དེ་ནི་དགེ་མཚན་གྱི་རང་བཞིན་ཞིག་ཀྱང་ཡིན་པར་འདོད། འོན་ཀྱང་། ངས་སྲིད་སྐྱོང་འོས་མི་རྣམ་པར་གཞི་མེད་སྐྱོན་འཛུགས་བྱེད་དགོས་པའི་སྐུལ་མ་རྩ་བ་ནས་ཞུ་གི་མེད། གང་ལྟར། ད་རེས་ཀྱི་འོས་བསྡུའི་ཁྲོད་མི་མང་གི་བགྲོ་གླེང་གི་ཆ་ཤས་ལེན་པ་ནི་ཧ་ཅང་གི་ཚད་མཐོ་པོ་རེད། དེ་ནི་གསར་ལམ་ཁག་དང་། སྐད་ཕྲིན། ངོ་དེབ། དེ་མིན་དྲ་ལམ་ཁག་གི་བཀའ་དྲིན་ཡིན་པ་སྨོས་མེད་རེད།

སྔོན་འགྲོའི་འོས་བསྡུའི་གོང་ལ་སྲིད་སྐྱོང་འོས་མི་བཀྲིས་དབང་འདུས་ལགས་དང་ཀླུ་མཁར་བྱམས་གཉིས་ཀྱིས་སྲིད་སྐྱོང་འོས་མི་གཞན་པ་གསུམ་ལས་ཁྱབ་བསྒྲགས་ཤུགས་ཆེར་བྱས་པ་རེད། ལྷག་པར་དུ། ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གཏམ་བཤད་དེ་དག་གིས། མི་མང་གི་དུས་ཚོད་མི་ཉུང་བ་ཞིག་ཆུད་ཟོས་སུ་བཏང་པ་རེད། གང་ཡིན་ཟེར་ན། མི་མང་མང་པོ་ཞིག་གི་བགྲོ་གླེང་དེ་ཀླུ་མཁར་བྱམས་ཀྱིས་བཤད་པའི་གཏམ་བཤད་དེའི་མཐའ་འཁོར་དུ་ལྷུངས་སོང་བ་རེད།
གོང་ཞུས་སྲིད་སྐྱོང་འོས་མི་གཉིས་ཀྱིས། རང་ཉིད་ཁྱབ་བསྒྲགས་ཤུགས་ཆེར་བྱས་མིན་ལ་མ་ལྟོས་པར། སྔོན་གཞིའི་འོས་མི་གཉིས་ནི་སྲིད་སྐྱོང་བློ་སེང་ལགས་དང་། སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་གཉིས་
ཡིན་པ་མངོན་དཔག་ཐུབ་ཀྱི་ཡོད། ཁོང་གཉིས་ལའང་དེ་ལྟ་བུའི་གདིང་ཚོད་ཡོད་པ་འདྲ། ཁོང་གཉིས་ཀྱིས་སྔོན་འགྲོའི་གོང་ལ་རང་ཉིད་ཁྱབ་བསྒྲགས་ཀྱི་ལས་འགུལ་མངོན་གསལ་ཅན་གང་ཡང་སྤེལ་མེད།

སྔོན་འགྲོའི་འོས་བསྡུའི་སྐབས། ལས་ཐོག་སྲིད་སྐྱོང་དང་ལས་ཐོག་སྤྱི་འཐུས་ཚོགས་གཙོ་གཉིས་ལ་ཐོབ་པའི་འོས་གྲངས་ཀྱི་བར་ཁྱད། ༡༩༧༧༦ དེ་རེད། ཚོགས་གཙོ་སྤེན་ཚེ་ལ། སྔོན་འགྲོའི་སྐབས་ཀྱི་སྲིད་སྐྱོང་འོས་མི་བྱིངས་ཚོའི་འོས་གྲངས། ༤༤༩༣ ཚང་མ་ཐོབ་པའི་དབང་དུ་བཏང་ཀྱང་། བློ་སེང་ལས་རྣམ་པར་རྒྱལ་ཐབས་མེད་པ་ལྟ་བུ་རེད། དེ་ལྟ་བུའི་འོས་བསྡུའི་གྲུབ་འབྲས་དེས། ཚོགས་གཙོ་སྤེན་ཚེ་མཆོག་ཡིད་ཐང་ཆད་དགོས་པ་ལྟ་བུ་ཞིག་རེད། འོན་ཀྱང་། དེ་ནི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དེ་ཡིན་ཀྱང་། ལས་ཐོག་སྲིད་སྐྱོང་མཆོག་གི་མཐའ་མའི་རྒྱལ་ཁ་དེ་མ་རེད་ལ་ལས་ཐོག་ཚོགས་གཙོ་མཆོག་གི་མཐའ་མཇུག་གི་ཕམ་ཁ་ཡང་མ་རེད། དེ་བས་འཁྲུག་ཆ་དོད་པའི་འོས་བསྡུའི་ལས་རིམ་ནི་ད་དུང་ཡང་ཚ་ཚ་འུར་འུར་ཐོག་འགྲོ་བཞིན་ཡོད། ལྷག་པར་དུ། ཚོགས་གཙོ་མཆོག་དང་ཁོང་གི་རྒྱབ་སྐྱོར་བ་ཚོས། སྔོན་འགྲོའི་འོས་བསྡུའི་མཇུག་འབྲས་ལ་ཡིད་ཞུམ་ནས་མ་བསྡད་པར། སྔར་བས་འབད་བརྩོན་དང་སྔར་བས་ཁྱབ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད།

ཚོགས་གཙོ་སྤེན་ཚེ་ལགས་ཀྱིས་སྔོན་འགྲོའི་འོས་བསྡུའི་གོང་དང་མི་འདྲ་བར། དེང་སྐབས་འོས་བསྡུའི་ཁྱབ་བསྒྲགས་ཆེད། ནུབ་ཕྱོགས་ཡུལ་གྲུ་མི་ཉུང་བ་ཞིག་ཏུ་ཕེབས་པ་མ་ཟད། བློ་སེང་སྲིད་གཞུང་གི་འཐུས་ཤོར་ཕྱིན་པའི་སྲིད་བྱུས་དང་། མཛད་ཕྱོགས་རྣམས་ལ་སྐྱོན་བརྗོད་གནང་ཞོར་རང་ཉིད་ལ་སྲིད་སྐྱོང་གི་འོས་ཐོབ་ཚེ། བློ་སེང་སྲིད་གཞུང་གི་སྲིད་བྱུས་དང་མི་འདྲ་བའི་སྲིད་བྱུས་ཅི་འདྲ་ཞིག་ལག་བསྟར་གནང་མིན་མི་མང་ལ་གསལ་ཁ་བཏོད་བཞིན་ཡོད།
ཁོང་གིས་གནང་བའི་བཀའ་མོལ་དེ་དག་གིས་ཁོང་ལ་སྔོན་འགྲོའི་འོས་ཐོབ་ཀྱི་གྲངས་འབོར་ལས་མང་བ་ཐོབ་པ་སྨྲོས་མེད་ཡིན་པ་མ་ཟད། ཐ་ན། སྲིད་སྐྱོང་གི་ཞབས་སྟེགས་ཚ་པོ་དེ་ཁོང་ལ་མི་ཐོབ་པའི་ངེས་པའང་མེད་པ་ཞིག་རང་བཞིན་གྱི་མཐོང་ཡོང་གི་འདུག

དེ་ཡང་། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གིས་བློ་བཟང་སེང་གེ་མཆོག་གི་སྲིད་གཞུང་གི་འཐུས་ཤོར་འབུར་བཏོན་གནང་པ་གཙོ་བོ་ཁག་ནི་།
༡) བློ་སེང་སྲིད་གཞུང་གིས། བོད་རྒྱ་ཞི་མོལ་ཚོགས་ཆུང་དེ་ཚོགས་ཆེན་ལྟ་བུ་བསྒྱུར་བ་ཙམ་ལས། བོད་རྒྱ་ཞི་མོལ་གྱི་མི་འགྲོ་ད་དུང་ཡང་ངེས་གཏན་ཐུབ་མེད་ཁར། བོད་ཞི་མོལ་ཆེད་ལས་དོན་ཅི་བྱས་གང་ཡང་སྟོན་རྒྱུ་མེད་པ། གལ་ཏེ་སྲིད་སྐྱོང་གི་འོས་ཤོག་ཚོགས་གཙོ་མཆོག་ལ་ཐོབ་ཚེ། ཁོང་གིས་ཚོགས་ཚུང་གི་ཚོགས་མི་ཉུང་འཕྲི་དང་སྦྲགས། ༧གོང་ས་མཆོག་ལ་དགོངས་སྐོར་ཞུས་ཏེ། མི་འགྲོ་ངེས་གཏན་གྱིས་མ་འོངས་པར་བོད་རྒྱ་ཞི་མོལ་གྱི་ལས་དོན་ཐད། རང་ཉིད་ཀྱི་སྲིད་གཞུང་གིས་ཤུགས་སྣོན་ག་རེ་བརྒྱབ་མིན་རྣམས་མི་མང་ལ་འགན་ཁྱེར་བའི་ཐོག་ནས། ལས་སྙན་ཞུ་རྒྱུ་ཡོད་པ་བྱ་རྒྱུ།

༢) བློ་སེང་སྲིད་གཞུང་གིས་བོད་སློབ་འཛིན་སྐྱོང་འོག་ཡོད་པའི་སློབ་གྲ་རྣམས། བོད་མིའི་སྒྲིག་འཛུགས་ཤེས་ལས་ཀྱི་ཁྱབ་ཁོངས་སུ་ལེན་མ་ཐུབ་པར་བར་སར་ལྷག་སྟབས། ཕྲུག་གུའི་ཤེས་ཡོན་ལ་འཐུས་ཤོར་ཕྱིན་པ། གལ་ཏེ་སྲིད་སྐྱོང་གི་ཞབས་སྟེགས་ཁོང་ལ་ཐོབ་ན། ཁོང་གིསབོད་སློབ་འཛིན་སྐྱོང་འོག་ཡོད་པའི་སློབ་གྲ་རྣམས། བོད་མིའི་སྒྲིག་འཛུགས་ཀྱི་འོག་ཏུ་ལེན་ཐུབ་མིན་བཟང་ཐག་ངན་ཐག་གཙང་མ་བཅད་རྒྱུ་ཡིན་ལུགས།

༣) བློ་སེང་སྲིད་གཞུང་གིས། ཆོས་རིག་ལས་ཁུངས་ཀྱི་ནུས་པ་ཆེར་སྐྱེད་བྱེད་མ་ཐུབ་པ། སྤེན་ཚེ་སྲིདགཞུང་གིས། ཆོས་རིག་ལས་ཁུང་གིས་བོད་པའི་སྤྱི་ཚོགས་དང་དགོན་སྡེ་ཁག་གི་ཟམ་པ་བྱས་ཏེ། གཞོན་སྐྱེས་རྣམས་ལ་བོད་ཀྱི་ནང་བསྟན་ཤེས་རིག་ལ་སོགས་པའི་ལེགས་བྱང་ངོ་སྤྲོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

༤) བློ་སེང་སྲིད་གཞུང་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ལ་སྲིད་བྱུས་ངེས་གསལ་མེད་རྐྱེན། བོད་དོན་ཚོགས་པའི་ནུས་ཤུགས་ཉམས་གུད་དུ་འགྲོ་བཞིན་པ། སྤེན་ཚེ་སྲིད་གཞུང་གིས་བོད་མིའི་སྒྲིགས་འཛུགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་འཛིན་པའི་སྲིད་བྱུས་གསལ་བརྡ་སྤྲད་ཏེ། མ་འོངས་པར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པ་གོང་སྤེལ་གཏོང་རྒྱུ།

༥) བློ་སེང་སྲིད་གཞུང་གིས། གཞིས་ཆགས་ཁག་ཏུ་ལས་བྱ་རེ་བཟུང་མངགས་གཏོང་ཙམ་ལས། གཞིས་ཆགས་སྲ་བརྟན་གྱི་ནུས་པ་བཏོན་ཐུབ་མེད་པ། སྤེན་ཚེ་སྲིད་གཞུང་གིས།ཟླ་བ་གསུམ་ནང་ཚུད་ལ་གཞིས་ཆགས་ཁག་གི་གནད་དོན་ལ་ཉམས་ཞིབ་བྱས་ཏེ། གཞིས་མིའི་དགོས་འདུན་གཙོར་བཟུང་ཐོགསྲིད་བྱུས་ལག་སྟར་བྱ་རྒྱུ།

༦) བློ་སེང་སྲིད་གཞུང་གིས། བོད་མིའི་དང་བླངས་བཅའ་དངུལ་ལག་དེབ་སྤྲོད་ཕྱོགས་ཐད། ད་དུང་ཡང་དཀའ་ངལ་སེལ་མ་ཐུབ་པར་ནུབ་ཕྱོགས་སུ་ཡོད་པའི་བོད་མི་མི་ཉུང་བ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ། སྤེན་ཚེ་སྲིད་གཞུང་གིས། བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་ཆེ་མཐོང་མི་བརླགས་པའི་ཐོག དང་བླངས་ལག་དེབ་མེད་པའི་བོད་མི་ཚོར་ལག་དེབ་སྤྲོད་ཐབས་གནང་རྒྱུ།

༧) བློ་སེང་སྲིད་གཞུང་གིས། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་སྡེ་ཚན་ནུས་མེད་དུ་སྐྱུར་འཇོག་བྱས་པ་མ་ཟད། ཨ་རིའི་དོན་གཅོད་ནང་བོད་རྒྱ་འབྲེལ་མཐུད་པའི་ས་མིག་ཀྱང་། དུས་ཐོག་ཏུ་བཀང་མ་ཐུབ་པར་ལས་དོན་ལ་འཐུས་ཤོར་ཕྱིན་པ། སྤེན་ཚེ་སྲིད་གཞུང་གིས། རྒྱ་ཡིག་སྡེ་ཚན་དེ། དྲུང་ཆེའི་གནས་རིམ་ཞིག་གི་ཐོག་ནས་བོད་རྒྱ་འབྲེལ་མཐུད་ལ་སོགས་པའི་ལས་དོན་ཐད་ནུས་པ་ཆ་ཚང་འདོན་སའི་ཁོར་ཡུག་བསྐྲུན་རྒྱུ།

༨) དེ་བས་ཚབས་ཆེ་ཤོས་ཀྱི་གནད་དོན་གཅིག་ནི། དུས་འཁོར་དབང་ཆེན་ཕྱིར་འཐེན་གནང་དགོས་བྱུང་བའི་གནད་དོན་དེ་རེད། བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་ནང་། དུས་འཁོར་དབང་ཆེན་ཕྱིར་འཐེན་གནང་དགོས་བྱུང་བའི་རྒྱུ་མཚན་ནི། ༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་འབྲེལ་བ་ཡོད་ལུགས་དེ་རེད། དེ་བཞིན་དུ། ༧གོང་ས་མཆོག་གིས་ཀྱང་། བཀལ་མོལ་དེ་ལྟར་གནང་ཡོད། འོན་ཀྱང་། ཉེ་དུས་སྤྱི་འཐུས་ཚོགས་གཙོ་མཆོག་གིས། དུས་འཁོར་དབང་ཆེན་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་ངོ་མ་ནི། ཚོགས་པ་གཅིག་གིས་༧གོང་ས་མཆོག་ལ་དུས་དབང་སྐབས་བརྟན་བཞུགས་འབུལ་རྒྱུའི་འཆར་གཞི་ཡོད་པ་དེའི་རྒྱབ་ལོགས་ནས་བྱུང་ལུགས་གསུངས་ཡོད།
གནད་དོན་དེའི་ཐད། ཞིབ་ཕྲའི་གནས་ཚུལ་མི་ཉུང་བ་ཞིག་མཐོན་བཞིན་ཡོད། གང་ལྟར། དོན་དངོས་ཐོག་དུས་དབང་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་ངོ་མ་དེ། སྲིད་སྐྱོང་ལ་ཐུག་པ་དེ་ཡང་རང་བཞིན་གྱིས་གསལ་པོ་ཆགས་ཡོང་གི་འདུག དེ་བཞིན་དུ་ལས་ཐོག་དྲིལ་བསྒྲགས་དང་ནང་སྲིད་བཀའ་བློན་གཉིས་ཀས་སྐབས་རྗེས་མའི་བཀའ་བློན་གྱི་ལས་གནས་བཞེས་རྒྱུ་མིན་པའི་སྐད་ཆ་ཞིག་ཀྱང་ཐོན་ཡོང་གི་འདུག གནད་དོན་དེ་བདེན་པ་ཡིན་ཚེ། མི་མང་ལ་སླར་ཡང་དྲི་བ་མང་པོ་ཞིག་ཡོང་གི་ཡོད་པ་ནི་སྨྲོས་མེད་རེད།

མདོར་བསྡུས་ནས་བཤད་ན། སྲིད་སྐྱོང་བློ་སེང་མཆོག་དང་ཁོང་གི་རྒྱབ་སྐྱོར་བ་ཚོས། གོང་ཞུས་སྲིད་སྐྱོང་འོས་མི་སྤེན་ཚེ་ལགས་ཀྱིས་གནང་བའི་སྐྱོན་བརྗོད་དེ་དག་ལ། རེ་རེ་བཞིན་མི་ཡིད་ཆེས་པ་དང་འདྲེ་ཁོ་ཐག་ཆོད་པའི་གསལ་བཤད་ཡག་པོ་ཞིག་གནང་རྒྱུ་མེད་ཚེ། དངོས་གཞིའི་འོས་བསྡུའི་ཕམ་ཁ་ཉོ་མཁན་དེ་སྲིད་སྐྱོང་བློ་སེང་ལགས་ཡིན་པ་ཆུ་དང་ཉ་གསལ་ལྟ་བུ་ཆགས་ཡོང་གི་འདུག་གོ།

གོང་ཞུས་ཕྲན་གྱིས་ལུང་འདྲེན་བྱས་པའི་ཚོགས་གཙོའི་བཀའ་མོལ་ཐད་ནོར་འཛོལ་ཡོད་ན། ལེགས་གཅོས་གནང་སྐྱོང་ཡོང་བའི་རེ་བ་ཞུ།

བསམ་ཚུལ།

Post navigation

Previous Post: གཡུ་འབྲུག་སྔོན་མོ་དང་གངས་སེང་དཀར་པོ།
Next Post: ཚོར་བ་འགག་གི་མ་འཇུག

Comments (13) on “ངའི་མིག་ལམ་ནས་མཐོང་བཞིན་པའི་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ།”

  1. གཡུ་ཐོག་རྒྱལ་པོ། says:
    2016-02-02 at 12:46 am

    ཨ་ཁ། ད་ཡང་སྲིད་སྐྱོང་འདི་མྱང་གི་འདུག་ཀ

  2. མདའ་མོ། says:
    2016-02-02 at 1:46 am

    བློ་སེང་དང་སྤེན་ཚེ་གཉིས་ཆ་ཐམས་ཅད་ནས་འདྲ་བོ་ཡིན་ཙང་གོང་གི་དཀའ་ངལ་འདི་དག་ཁོ་གཉིས་སུས་ཀྱང་སེལ་མི་ཐུབ། དོན་དངོས་པོའི་གནས་ཚུལ་བཤད་ན་སྤེན་ཚེ་ལ་འཆར་གཞི་ཞིབ་ཚགས་ལྡན་པ་དང་། གནད་ལ་འཁེལ་བ་ཅི་ཡང་མེད། བློ་སེང་ལ་དེ་བས་ཀྱང་མེད།

  3. ལིང་ནག says:
    2016-02-02 at 2:19 am

    གལ་གནད་རྩལ་བཏོན་བྱས་ནས་ད་ལྟའི་རང་རེའི་འོས་བསྡུ་ལས་རིམ་དང་འབྲེལ་ནས་སྐབས་བབས་ཀྱི་ཞིབ་གནས་ཞིག་སོང་ཡག་པོ་གསུང་གདའ།་་་ཡག་གདའ་་་་ཡག་གདའ་

  4. བསོད་ནམས། says:
    2016-02-02 at 2:43 am

    ཁྱི་ཕྲུག་འདི་ཚོ་ཟུག་དང་རེ་བ་ཡོད་ངེས་རེད། བློ་སེང་དང་སྤེན་ཚེ་སུ་ལ་ཐོབ་ན་བོད་ལ་ཅང་མི་ཡོང་བ་དངོས་ཡོད་ཀྱི་ཁ་གྲག་ལེ་རེད། ་དེང་སང་རྒྱལ་གཅེས་པ་ཚོ་མགོ་མནན་ནས་ཁྲམ་པའི་ཚོ་ཁག་ལ་ཁ་ལས་རླུང་རྟ་དར་བ་འདི་ཚོ་བསམ་ན་བོད་ཀྱི་མ་འོངས་པ་ཧ་གོ་སླ་བོ་རེད།

  5. ལིང་ནག says:
    2016-02-02 at 2:57 am

    བསོད་ནམས་ལགས་་་
    ཁྱེད་ཀྱི་གསུངས་བཞིན་པའི་རྒྱལ་གཅེས་བ་གང་ལ་གོ་་་་སུ་ལ་ཟེར་ལགས

  6. དཔལ་དོན་ says:
    2016-02-02 at 3:50 am

    བློ་སེང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་སྤེན་ཚེ་ལ་ངན་སྨྲོས་རྐྱང་བྱེད་པ་ལས་དོན་དངོས་ཀྱི་ཕན་ཐོགས་ཡོད་པའི་སྐད་ཆ་དངོས་གནས་ཚིག་གཅིག་བཤད་ཀྱི་མི་འདུག མཚམས་ལན་རེར་སྤེན་ཚེ་ཡི་མ་ལྡང་ས་བཤད་མཁན་གཙོ་བོ་བློ་སེང་ཕྱོགས་ནས་ཡིན་དགོས་བསམ་ནས་དོ་སྣང་བྱས་ཀྱང་། མི་བསད་ལག་དམར་རེད་ཅེས་ཁུངས་མི་འཁྱོལ་བའི་སྐད་ཆ་འདི་ལྟ་བུ་མང་པོ་ཞིག་ལས་མི་འདུག ལྷག་དོན་དུ་སྤེན་ཚེའི་ངོས་ནས་ཆོལ་ཁའི་དབར་ལ་དཀྲུགས་ཤིང་རྒྱག་གི་རེད་ཟེར་བའི་འུར་གཏམ་ཞིག་འདུག་ཀྱང་། དེའི་ཐད་དུའང་རྒྱུ་མཚན་དངོས་གནས་ཚར་གཅིག་ཀྱང་བཤད་མི་འདུག་པ་ཙམ་དུ་མ་ཟད། ཆོལ་ཞེན་གྱི་ནད་རོས་དོ་བདག་སོ་སོའི་བློ་རྒྱུ་མ་གཉིས་ཆ་མ་བདེ་བ་བཟོ་བཞིན་འདུག་སྙམ་པ་ལན་དུ་མར་ཡིད་ལ་འཆར་འོངས།

  7. དཔལ་དོན་ says:
    2016-02-02 at 3:53 am

    སྤེན་ཚེ་ཡི་རྒྱབ་སྐྱོར་བ་རྣམས་ཀུན་སྤྱོད་ཀྱི་ཐད་ནས་ལེགས་པོ་འདུག་ལ། སྐད་ཆའི་བབ་ལ་བལྟས་པ་ཡིན་ནའང་མང་གཙོའི་སྤྱི་ཚོགས་དང་མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་བོད་བཙན་བྱོལ་བའི་ནང་དར་བར་འགན་འཁུར་ཞིག་ལེན་བཞིན་འདུག་བསམ་པ་ཡོང་གི་འདུག ལྷག་དོན་བློ་སེང་མི་སྒེར་ལ་སྙོན་འཛུགས་དང་འུར་གཏམ་མེད་པར་ཁུངས་ཤིག་སྟོན་དང་སྟོན་བཞིན་པ་ནི་རྩོད་པ་ཚད་ལྡན་དུ་འགྲོ་ཕྱོགས་ཤིག་རེད་འདུག

    མཐའ་མ་དེ་ལ་ཕྱོགས་གཉིས་ཀྱི་རྒྱབ་སྐྱོར་བ་ཚོས་དང་པོ་བོད་ཀྱི་རྩ་དོན་ལ་འགན་འཁུར། གཉིས་པ་མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་དར་བར་འགོ་རྩོམ་ས་ནས་ཐུགས་སྣང་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པས་སྐྱོན་སྤང་དགེ་འདོན་གནང་རྒྱུར་རེ་བ་ཞུས་པ་ཡིན།

  8. ཞོལ་གཡག་འབྲོང་རྒྱུད། says:
    2016-02-02 at 5:30 am

    ཕག་པ་དང་སེང་གེ་གཉིས་ཀ་དུད་འགྲོ་ཡིན་པས་ཟ་རྒྱུ་ཞིག་ག་པར་རག་ན་དེར་རྒྱུགས་འགྲོ། འོན་ཀྱང་སྟོབས་ཤུགས་དང་གཟི་བརྗིད་ཀྱི་ཆ་ནས་ཕག་པས་སེང་གེར་འགྲན་པའི་ནུས་པ་སྤུ་ཙམ་མེད་པ་དེ་རེད། དེས་ན་བོད་ཀྱི་དུད་འགྲོའི་རྒྱལ་པོ་སུས་བྱས་ན་ཡག་གི་རེད་དམ། དྲི་བ་འདི་ནི་ཕག་ཕྲུག་དང་སེང་ཕྲུག་ཚོར་ཡིན། ཧ་ཧ།

  9. ཇུང་ཏོག་ says:
    2016-02-02 at 5:36 am

    ད་ལྟའི་བཀའ་ཤག་གི་འཐུད་ཤོར་ཕྱིན་ཡོད་ན་དེ་ལ་ཡོ་སྲང་བྱེད་མཁན་སྤྱི་འཐུས་ཡིན་པའི་ཆ་ནས་སྤྱི་འཐུས་ཀྱི་ལས་འགན་མ་འགྲུབ་པ་མ་རེད་དམ་། མ་གཞི་ནས་དྲ་རྒྱ་བེད་སྤྱོད་བྱེད་མཁན་བཙན་བྱོལ་སྤྱི་ཚོགས་ཀྱི་བརྒྱ་ཆ་ལྔ་ཡིན་ན་མི་མང་དམངས་ཀྱི་བསམ་བློ་ལ་ཕྱོགས་གཏོགས་ཚོའི་ནུས་པ་གང་ཡང་གཏོང་མི་ཐུབ་པ་ཟུར་བལྟས་རེད་།

  10. ཀརྡོ་གཉེར་ཕྱག་པ་ says:
    2016-02-03 at 2:16 am

    བཀའ་ཁྲིས། ཚོགས་གཙོ་ལ།
    https://www.facebook.com/kunjam.tsampa/videos/536151019893887/

  11. ཀརྡོ་གཉེར་ཕྱག་པ་ says:
    2016-02-03 at 2:20 am

    སྲིད་སྐྱོང་གིས། ཡང་སྲིད་སྐོར་ལ།
    https://www.facebook.com/100010798146019/videos/169060733463864/

  12. སྲིན་པོ་རྫ་རྒན་ says:
    2016-02-03 at 4:07 pm

    སྐལ་བཟང་སྤེན་པ་ལགས་ཀྱིས་གནས་ལུགས་དང་གནས་སྟངས་གཞི་ལ་བཞག་ནས་རྩོམ་སྤེལ་འདུག

  13. ལུང་རྟོགས། says:
    2016-02-04 at 10:49 am

    སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་ཆོལ་གསུམ་ནང་དཀྲུག་དང་དད་པ་ལོག་སྤྱོད་བྱེད་བཞིན་ཡོད། དེ་ཡང་འཕྲིན་ལས་སྐལ་བཟང་ཟེར་བས་འགོ་ཁྲིད་པའི་གངས་ཅན་གླིང་ཞེས་པའི་སྐད་འཕྲིན་ཚོགས་པ་བཙུགས་ནས་དབུས་གཙང་མི་མང་ལ་ཆོལ་ཞེན་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། འདི་ནི་ཆོལ་གསུམ་ནང་དཀྲུག་དང་ཕྱོགས་ཞེན་སློངས་བའི་བྱ་ངན་བླ་ན་མེད་པ་ཞིག་རེད། ཡང་ཁོ་ཚོས་གཞིས་ཆགས་ནང་གི་རྒན་རྒོན་ཚོ་གོངས་མཆོག་ལ་དད་པ་བླ་མེད་ཅིག་ཡོད་པ་དེ་བེད་སྤྱོད་ལོག་པར་གཏོང་གི་ཡོད། དེ་ཡང་རྒྱུད་ལམ་སྣ་ཚོགས་ནས་རྒན་རྒོན་ཚོ་ལ་འབྲེལ་བ་བྱས་ནས། སྲིད་སྐྱོང་བློ་སེང་གིས་ཨ་རིའི་དོན་གཅོད་ནང་གི་གོང་ས་མཆོག་གི་སྐུ་པར་མར་ཕབ་སྟེ་ཁོ་རང་གི་སྐུ་པར་ཡར་བཞག་ཡོད་རབས་ཀྱི་རྫུན་གཏམ་བཤད་ཀྱི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme