Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་བུའི་ཞི་བའི་ཐབས་ལམ་དཔར་མ་ཐུབ་ཀྱང་ཞི་བའི་འཐབ་རྩོད་དཔར་སྐྲུན་ཐུབ་སོང་བར་དགའ་ཡོད།

Posted on 2016-11-292016-11-29 By རེབ་གོང་བཀྲ་ཤིས། 3 Comments on ངའི་བུའི་ཞི་བའི་ཐབས་ལམ་དཔར་མ་ཐུབ་ཀྱང་ཞི་བའི་འཐབ་རྩོད་དཔར་སྐྲུན་ཐུབ་སོང་བར་དགའ་ཡོད།

ཡོང་ཁུངས། བོད་ཀྱི་དུས་བབ།

 
དེ་རིང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཆོད་སེམས་དང་སྙིང་སྟོབས་ཧ་ཅང་རླབས་ཆེན་ཡིན་པའི་བསྔགས་བརྗོད་གནང་སོང་ལ། གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ལགས་ཀྱིས་ཀྱང་ངའི་བུ་ལ་སྤྱི་དོན་ཐོག་བསམ་པ་རྣམ་དག་ཅིག་དང་ཀུན་སློང་གཙང་མ་ཞིག་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་བྱུང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ སྟེང་། དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བལ་ཡུལ་བཙོན་ཁང་ནས་བྲིས་པའི་རྩོམ་ཡིག་ཕྱོགས་བསྡུས་<<བོད་ཀྱི་ཞི་བའི་འཐབ་རྩོད་>>ཅེས་པ་དེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འབྱེད་གནང་སོང་།

tibettimes1

དཔེ་དེབ་དེ་དཔར་སྐྲུན་ཞུ་མཁན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཡིན་པ་དང་། མཛད་སྒོའི་སྟེང་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ལགས་དང་། མདོ་སྨད་དབུས་རྒྱུན་ཚོགས་གཙོ་གངས་རི་ལགས། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ཚེ་རིང་མཚོ་མོ་ལགས་སོགས་ཕེབས་འདུག

tibettimes2ཚེ་རིང་མཚོ་མོ་ལགས་ཀྱིས་ངོ་སྤྲོད་གནང་དོན། ང་ཚོ་སྤོབས་པ་སྐྱེ་དགོས་པ་ཞིག་ནི། ཐེངས་འདིར་དཔར་སྐྲུན་བྱས་པའི་དེབ་འདི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བལ་ཡུལ་བཙོན་ཁང་དུ་ཡོད་དུས་བྲིས་པ་དང་། དེབ་འདིའི་ནང་ཁོ་རང་གིས་ཞི་བའི་གོམ་བགྲོད་གནང་དགོས་པའི་རྒྱུ་མཚན་དང་། ཁོང་གི་ཕ་མ་གཉིས་དང་མཉམ་དུ་བཀའ་མོལ་ག་རེ་བྱུང་བ། དེ་བཞིན། ཁོ་རང་གི་སྐྱེས་དམན་དང་ཕྲུ་གུ་གཉིས་སོགས་ཀྱི་སྐོར་གསལ་བོར་བྲིས་ཡོད་པ་རེད། དེབ་འདི་མ་འོངས་པར་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ཐད་ཡིག་ཆ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བསམ་བློ་དང་དམིགས་ཡུལ་འདི་འདྲ་ཞིག་གི་ཐོག་ནས་གོམ་བགྲོད་གནང་བ་དེས་བཙན་བྱོལ་བོད་མི་ཚོར་འབོད་སྐུལ་ཆེན་པོ་ཞིག་ཞུས་ཡོད་པ་རེད། དེར་བརྟེན། ཁོ་རང་ངེས་པར་ཕྱིར་བདེ་འཇགས་ཀྱིས་ཕེབས་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་བྱུང་།

tibettimes4བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུངས་དོན། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་དོན་ཞི་བའི་འཐབ་རྩོད་གནང་བའི་ཐོག་མའི་ཀུན་སློང་དང་ཕྱག་ལས་གནང་སྟངས། འཐབ་རྩོད་ནང་དངོས་སུ་ཞུགས་པའི་རྒྱབ་ལྗོངས་སོགས་བརྒྱུད་ལམ་ཁག་ཏུ་རྒྱུས་ལོན་བྱས་པ་ཡིན། ཁོ་རང་གིས་ཞི་བའི་འཐབ་རྩོད་གནང་བའི་ཐོག་མའི་ཀུན་སློང་དེ་ཕྱི་ལོ་ ༡༩༩༣ ལོ་ཡས་མས་ཤིག་ལ་བོད་ནང་རྒྱ་མིས་བཙན་འཛུལ་བྱས་པའི་དངོས་བྱུང་གློག་བརྙན་ཞེས་པ་ཞིག་ལ་གཟིགས་ཡོད་པ་དང་། སྐབས་དེ་དུས་ཁོ་རང་གྲྭ་བ་ལོ་ ༡༦ ལ་སོན་པ་ཞིག་ཡིན་འདུག ང་ཚོའི་མི་རིགས་འདིས་དཀའ་ངལ་འདི་འདྲ་ཞིག་མྱངས་འདུག་བསམ་པའི་ཐོག་ནས་ཁོ་རང་ལ་བོད་དོན་ཞི་བའི་འཐབ་རྩོད་ཀྱི་ཀུན་སློང་དེ་འདྲ་ཞིག་སྐྱེས་ཡོད་པ་དང་། ཀུན་སློང་དེ་འདྲ་ཞིག་གི་འོག་ནས་ཁོ་རང་བཙན་བྱོལ་ནང་བསླེབས་རྗེས། ཁོ་རང་གིས་བོད་མིའི་རང་དབང་དང་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མ་ཐུབ་པར་དུ་ཞི་བའི་འཐབ་རྩོད་གནང་རྒྱུའི་དམིགས་ཡུལ་བཅངས་ཡོད་འདུག

ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ཨ་མ་སྡོམ་པོ་སྐྱིད་དང་མཉམ་དུ་ཁོ་རང་གི་སྐུ་ཟླ་དང་ཕྲུ་གུ་གཉིས་ལ་ཐུག་པ་ཡིན། སྐབས་དེར་ང་ཚོས་སྐད་ཆ་མང་པོ་ཞིག་བཤད་ཡོང་སྐབས་རང་བཞིན་གྱིས་སེམས་ནང་སྟོང་སང་སང་འདྲ་བོ་ཞིག་ཆགས་སོང་། སྐབས་དེར་ངས་ཁོང་ཚོར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་དམིགས་ཡུལ་ཆེན་པོ་ཡོད་མཁན་ཞིག་དང་བློ་སྤོབས་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས། ཁྱེད་རང་གིས་སེམས་འཁྲལ་གནང་དགོས་པ་མ་རེད། ཁྱེད་ཚོ་ནང་མི་ལྷན་འཛོམ་ཡོང་གི་རེད། ལྷག་པར་དུ་ཁྱེད་རང་གིས་ཕྲུ་གུ་གཉིས་ཀྱི་སློབ་སྦྱོང་དང་འཕྲོད་བསྟེན་ཐོག་ལ་འགན་འཁུར་རྒྱུ་གལ་ཆེན་པོ་རེད་ཅེས་ཞུས་པ་ཡིན་མོད། ད་ལྟ་བལྟས་ཡོང་ན་ངའི་སྐད་ཆ་དེ་ནོར་འདུག་སྙམ་པའི་ཚོར་བ་ཞིག་ཡོང་གི་འདུག ཚེ་བརྟན་རྡོ་རྗེ་ལགས་ཀྱི་དམིགས་ཡུལ་ཞེ་དྲགས་ཆེན་པོ་རེད་འདུག བོད་མིའི་རང་དབང་མ་ཐོབ་བར་དུ་དང་སྐྱབས་མགོན་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་ཞུ་མ་ཐུབ་པར་དུ། ཁོ་རང་གིས་ཞི་བའི་འཐབ་རྩོད་གནང་རྒྱུའི་དམ་བཅའ་དང་དམིགས་ཡུལ་ཞིག་བཟུང་སྟེ། ལས་འགུལ་འདིའི་ནང་ཞུགས་པ་ཞིག་རེད་འདུག

གླིང་ཚ་ལགས་ཀྱི་ཞི་བའི་འཐབ་རྩོད་དེ་ཁོ་རང་སྒེར་ངོས་ནས་ཐག་ཆོད་གནང་བ་ཞིག་ཡིན་པ་དང་། དེ་ཡང་སོ་སོའི་དམིགས་ཡུལ་མ་འགྲུབ་པར་དུ་ཞི་བའི་འཐབ་རྩོད་གནང་རྒྱུའི་དམ་བཅའ་གནང་ཡོད་པ་མ་ཟད། ཁོ་རང་གི་ཞི་བའི་འཐབ་རྩོད་ལ་ཀུན་སློང་རྣམ་དག་དང་ཆོད་སེམས་བརྟན་པོ་ཡོད་པ་གསལ་བོར་རྟོགས་ཐུབ་ཀྱི་འདུག དཔེར་ན། ཁོ་རང་བལ་ཡུལ་བཙོན་ཁང་ནང་ཟླ་བ་ ༩ ཙམ་རིང་བཞུགས་དུས་ཀྱང་། ཁོས་ང་རང་ཉེས་པ་བསགས་ནས་བཙོན་ཁང་དུ་བསླེབས་པ་མིན། ངས་མི་རིགས་ཀྱི་འཐབ་རྩོད་ཐོག་ལས་ཀ་བྱས་ནས་ང་བཙོན་ཁང་ནང་ཡོང་བ་ཡིན་སྟབས། ང་ལ་སེམས་ཀྱི་དཀའ་ངལ་གང་ཡང་མེད་ཅེས་བཤད་ཡོད་པ་རེད། དེར་བརྟེན། ཁོ་རང་གི་ཀུན་སློང་དང་དམིགས་ཡུལ་དེ་ཚོ་ཧ་ཅང་གི་རླབས་ཆེན་པོ་རེད།

ཕྱི་ལོ་ ༢༠༡༢ ལོའི་སུམ་བཅུའི་དུས་དྲན་ཉིན་ཁོ་རང་གིས་ལས་འགུལ་འདི་ཐོག་དང་པོར་མགོ་བརྩམས་ཡོད་པ་དང་། སྐབས་དེ་དུས་ཁོ་རང་གི་ཐག་ཆོད་གཞིར་བཟུང་གི་ཐོག་ནས་དར་ཆ་རིགས་ཁ་ཤས་འཁྱེར་ཏེ། སྤྱི་ཚོགས་ནང་གླེང་སློང་གང་འཚམ་བྱུང་ཡོད་ཀྱང་། ཁོ་རང་གིས་གླེང་སློང་དེ་ཚོར་བཟང་སྤྱོད་ཀྱི་ཐོག་ནས་གདོང་ལེན་བྱས་ཡོད་པ་རེད། ༢༠༡༣ ལོའི་སུམ་བཅུའི་དུས་དྲན་ཉིན་གོམ་བགྲོད་ཐེངས་གཉིས་པ་མགོ་བཙུགས་ཡོད་པ་དང་། སྐབས་དེར་ཁོ་རང་གིས་མང་ཚོགས་ཀྱི་བསམ་ཕྱོགས་དང་བསྟུན་ཏེ་རྒྱལ་དར་རིགས་མི་འདྲ་བ་དེ་དག་མ་འཁྱེར་བར་བཟང་སྤྱོད་ཀྱི་ཐོག་ནས་ཞི་བའི་འཐབ་རྩོད་མུ་མཐུད་གནང་བ་སོགས་ལ་བལྟས་ཡོང་ན། ཁོ་རང་གི་ཆོད་སེམས་སྙིང་སྟོབས་དེ་ཚོ་ཧ་ཅང་གི་རླབས་ཆེན་པོ་རེད།

ང་ཚོ་བོད་པའི་ཞི་བའི་འཐད་རྩོད་ནང་དེ་འདྲའི་ཀུན་སློང་དང་དམིགས་ཡུལ་འཛིན་མཁན་མི་མང་པོ་འཐོན་ཐུབ་དགོས་པ་དང་། ལྷག་པར་དུ་ང་ཚོ་དེ་འདྲའི་ཞི་བའི་འཐབ་རྩོད་ནང་ཞུགས་ཐུབ་དགོས་པ་གལ་ཆེན་པོར་མཐོང་གི་ཡོད། གླེང་ཚ་ལགས་གར་སོང་ཆ་མེད་དུ་གྱུར་ནས་ལོ་གསུམ་ལྷག་ཕྱིན་ཡོད་སྟབས། དེའི་ཐོག་ལ་འབྲེལ་ཡོད་སོ་སོ་ནས་དོ་སྣང་གནང་གི་ཡོད་པ་རེད་ལ། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་དང་འཛིན་སྐྱོང་གི་ངོས་ནས་ཀྱང་དོ་སྣང་གནང་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

tibettimes3མདོ་སྨད་དབུས་རྒྱུན་ཚོགས་གཙོ་གངས་རི་ལགས་ཀྱིས་བརྗོད་དོན། སྤྱི་ཡོངས་ནས་ང་ཚོའི་སྤྱི་ཚོགས་ནང་གླིང་ཚ་ཚེ་བརྟན་རྡོ་རྗེ་སྐོར་ལ་ལབ་གླེང་མང་པོ་བྱུང་ཡོད་པ་རེད་དེ། གང་ལྟར་གླིང་ཚ་ཁོ་རང་གི་ངོས་ནས་བོད་མི་རིགས་བསྟན་སྲིད་ཀྱི་དོན་ལ་ཕ་མ་དང་ནང་མི། ཐ་ན་རང་གི་ཚེ་སྲོག་ཡན་ཆད་བློས་བཏང་ཡོད་པ་རེད། སྤྱིར་ང་ཚོ་བོད་ལ་ཁ་བཤད་ཆུ་ཡི་ཝུ་བ་དང་ལག་ལེན་གསེར་གྱི་ཐིགས་པ་ཟེར་བའི་ཁ་དཔེ་ཞིག་ཡོད་པ་ལྟར། འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་ཁ་ཡོད་ལག་ཡོད་ཀྱིས་གླིང་ཚ་ལགས་ཀྱི་དཔེ་དེབ་པར་སྐྲུན་ཞུས་པར་ཧ་ཅང་དགའ་བོ་བྱུང་། རྒྱ་གར་གྱི་མཁས་པ་ཞིག་གིས། མི་གཅིག་ལ་ཚེ་སྲོག་གཅིག་ལས་མེད་སྟབས། མི་དེས་ནོར་འཁྲུལ་ག་འདྲ་ཞིག་བཟོས་པ་ཡིན་ནའང་དེ་ལ་སྲོག་ལན་སྲོག་གི་འཇལ་བའི་ཉེས་ཆད་གཅོད་མི་རུང་ཞེས་གསུངས་ཡོད་པ་རེད། དེས་བསྟན་དོན་གཙོ་བོ་མིའི་ཚེ་སྲོག་ལས་ལྷག་པའི་རིན་ཐང་ལྡན་པ་ཞིག་མེད་པ་སྟོན་གྱི་ཡོད་པ་རེད། ཡིན་ནའང་སྤྱི་ཚོགས་ནང་ལ་ཁ་ཚུར་འཁོར་ནས་བཤད་ན། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྒྱ་མིའི་རྒྱལ་དར་འཕྱར་བ་ཙམ་གྱིས་ཁོ་རང་གི་རླབས་ཆེན་གྱི་ལས་ཀ་མང་པོ་ཞིག་དང་བྱས་རྗེས་མང་པོ་ཞིག་ལ་ང་ཚོའི་སྤྱི་ཚོགས་ནང་གླེང་སློང་འདྲ་མིན་བྱུང་ཡོད་པ་རེད། དེས་ག་རེ་མཚོན་གྱི་འདུག་ཅེ་ན། ང་ཚོས་མིའི་ཚེ་སྲོག་གི་རིན་ཐང་ངོ་མ་དེ་རྟོགས་ཀྱི་མེད་པ་དང་། གླིང་ཚ་ལགས་ནས་རང་ཉིད་ཀྱི་ཕ་མ་ནང་མི་ཚང་མ་བློས་གཏོང་བྱས་པའི་རླབས་ཆེན་གྱི་བྱས་རྗེས་དེའང་མ་དྲན་པ་རེད་བསམ་གྱི་འདུག

ང་ཚོའི་འཐབ་རྩོད་འདི་ང་ཚོའི་མི་རབས་འདི་གཅིག་པུ་མིན་པར་མི་རབས་ནས་མི་རབས་བར་མུ་མཐུད་དགོས་པ་རེད། ང་ཚོའི་མི་རབས་འདིས་བོད་དོན་འཐབ་རྩོད་པ་དང་ཤེས་ཡོན་པ། ལྷག་པར་དུ་ད་ལྟའི་ཆབ་སྲིད་ཀྱི་སྡེ་ཁག་འདིའི་ཕྱོགས་སུ་ལངས་ཏེ་དཔུང་རོགས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཕྱི་ལོ་ ༢༠༡༦ ཟླ་ ༧ ནང་ང་ཚོ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བོད་ཀྱི་གསོལ་མགྲོན་ཁང་དུ་འཛོམས་པ་རེད། སྐབས་དེར་གཞོན་ནུ་ལྷན་ཚོགས་མ་གཏོགས་ཚོགས་པ་གཞན་ཚང་མས་གླེང་ཚ་ལགས་ཀྱི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་དཔུང་རོགས་ཧ་ཅང་ཡག་པོ་གནང་ཡོད་པ་རེད། མ་འོངས་པར་ཡང་བོད་དོན་འཐབ་རྩོད་པ་སུ་དང་སུ་ཡིན་ནའང་དེ་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ངེས་པར་དུ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གཞུང་ངོས་ནས་སྒྲུབ་མི་ཐུབ་པའི་ལས་དོན་མང་པོ་ཞིག་བསྒྲུབ་དགོས་ཀྱི་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

tibettimes5མཇུག་ཏུ་ཨ་མ་སྡོམ་པོ་སྐྱིད་ལགས་ཀྱིས་བརྗོད་དོན། དེ་རིང་ཚེ་བརྟན་རྡོ་རྗེ་ཡི་དཔེ་དེབ་འདི་དཔར་སྐྲུན་ཞུས་ཏེ་འགྲེམ་སྤེལ་བྱེད་བཞིན་ཡོད་པ་རེད། ངས་ཚེ་བརྟན་རྡོ་རྗེ་ཡི་ཚབ་བྱས་ཏེ་དཔེ་དེབ་དཔར་སྐྲུན་གནང་མཁན་དང་ཞུ་དག་གཏོང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚེ་བརྟན་རྡོ་རྗེ་ལ་<<བོད་ཀྱི་ཞི་བའི་ཐབས་ལམ།>> ཞེས་པ་ཞིག་དང་། <<བོད་ཀྱི་ཞི་བའི་འཐབ་རྩོད།>>ཞེས་པའི་དེབ་གཉིས་གྲ་སྒྲིག་ཡོད་ཀྱང་། ཐེངས་འདིར་དཔར་སྐྲུན་བྱས་པའི་དེབ་འདི་<<བོད་ཀྱི་ཞི་བའི་འཐབ་རྩོད།>> ཟེར་བ་དེ་རེད། དེབ་འདི་ཚེ་བརྟན་རྡོ་རྗེ་བལ་ཡུལ་བཙོན་ཁང་དུ་ཡོད་སྐབས་བྲིས་པ་རེད། <<བོད་ཀྱི་ཞི་བའི་ཐབས་ལམ།>>ཞེས་པ་དེའི་མ་ཟིན་མཐེབ་སྡེར་ནང་བཅུག་སྟེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཕྱག་ཏུ་བཞག་ཡོད་པ་དང་། བར་སྐབས་ཤིག་ལ་དེབ་དེ་དཔར་སྐྲུན་མ་ཐུབ་པར་བོར་བརླག་ཕྱིན་སོང་ལབ་པ་རེད། ཕྱིས་སུ་སྲིད་སྐྱོང་མཆོག་གིས་ཨ་ཁུ་རྨོག་རི་བསྟན་པ་དང་མི་གཞན་ཞིག་ངའི་སར་མངགས་ཏེ་མཐེབ་སྡེར་དེ་ཕྱིར་རྙེད་སོང་ཡང་ཁ་འབྱེད་ཐུབ་ཀྱི་མི་འདུག་ཟེར། ངས་མཐེབ་སྡེར་དེ་བསྐྱར་དུ་ཨ་ཁུ་རྨོག་རི་བསྟན་པའི་ལག་ཏུ་བཞག་སྟེ་ཁ་འབྱེད་ཐབས་གནང་རོགས་ཞུས་པ་ཡིན། ཨ་ཁུ་རྨོག་རིས་ཐབས་ཤེས་ག་འདྲ་བྱས་ཀྱང་ཁ་འབྱེད་ཐུབ་ཀྱི་མི་འདུག་ཟེར་ནས་དེབ་དེ་ད་བར་དཔར་སྐྲུན་ཐུབ་ཡོད་པ་མ་རེད།

tibettimes6

ཚེ་བརྟན་རྡོ་རྗེ་བོར་ནས་ད་བར་ལོ་གསུམ་དང་ཟླ་བ་བདུན་འགོར་ཟིན་པ་རེད། ང་རང་ཨ་མ་ཞིག་ཡིན་པའི་ཆ་ནས་རང་སེམས་ན་དཀའ་སྡུག་མང་པོ་ཞིག་ཡོད་པ་ཚང་མས་ཤེས་གསལ་རེད། དེ་རིང་འདིར་ཡོང་མཁན་ཚོའི་གྲས་སུ་ཨ་མ་ཡིན་མཁན་ཚོས་སོ་སོའི་ཕྲུ་གུར་བསམ་བློ་བཏང་ན་ཧ་ལམ་ངའི་སེམས་ཀྱི་དཀའ་སྡུག་བསྔལ་དེ་ཤེས་པ་རེད། ངས་རང་གི་བུ་ལ་ངོ་བསྟོད་བྱས་པ་མིན་ཡང་ངའི་བུ་ལ་སྤྱི་དོན་ཐོག་བསམ་པ་རྣམ་དག་ཅིག་དང་ཀུན་སློང་གཙང་མ་ཞིག་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད། དེ་ལ་ང་རང་གིས་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ད་ཆར་ཁོ་རང་གི་ཤི་གསོན་མི་ཤེས་ནའང་ང་རང་གིས་ད་དུང་ངའི་བུས་བོད་སྤྱི་བའི་དོན་ལ་ཕན་ཞིག་ཐོགས་པར་སྨོན་ལམ་རྒྱག་གི་ཡོད། ཅེས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་གནས།

༡༽ གླིང་ཚའི་ཆུང་མ་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོར་མཇལ།

༢ ༽ གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཆུང་མ་དང་ཕྲུ་གུ་གཉིས་དྷ་རམ་ས་ལར་འབྱོར།

༣ ༽ ཨ་ཕ་བོད་དོན་དུ་བོར་ནས་ལོ་གཉིས་ཕྱིན་ཐལ།

༤ ༽ Twenty First Century Renunciation:Lingtsa T. Dorjee’s mother talks about her son

གསར་འགྱུར།

Post navigation

Previous Post: ཇིང་གར་རྒྱལ་བོའི་དཔུང་སྟོབས་ལ་བསྟོད་པ།
Next Post: སེམས་ཀྱི་མཆོད་དབྱངས། (གླུ་གཞས།)

Comments (3) on “ངའི་བུའི་ཞི་བའི་ཐབས་ལམ་དཔར་མ་ཐུབ་ཀྱང་ཞི་བའི་འཐབ་རྩོད་དཔར་སྐྲུན་ཐུབ་སོང་བར་དགའ་ཡོད།”

  1. ཨ་འབར་འཇིགས་དབང། says:
    2016-11-29 at 11:33 pm

    ༅༅། གླིང་ཚ་ཚར་རྡོ་རྗེ་ལགས་མ་འོངས་ཁྱེད་ཀྱི་སྐྱེ་བ་ཕྱི་མ་་བོད་གངས་ཅན་ལྗོངས་སུ་སྐྱེ་བར་ཤོག་ཅེས་
    སྒོ་གསུམ་ནས་དཀོན་མཆོག་ལ་གསོལ་འདེབས་ཞུ།
    བོད་སྲིད་གསུམ་གང་དུ་ཡོད་ཀྱང་སྙིང་ནས་བསྟོད་ཅིང་སྨོན་ལམ་འདེབས།
    ཁྱོད་མཉམ་དུ་ང་ཡང་ཡོད་། ཁྱོ་མཉམ་དུ་བོད་མི་མང་ཡོད། ཁྱོད་མཉམ་དུ་ལྷ་སྲུང་མ་ཡང་ཡོད།
    ཁྱོད་མཉམ་དུ་མ་ཆོག་གསུམ་ཡོད།
    བློ་མ་ཞུམ་བོད་ཀྱི་དཔའ་བོ་ཁྱོད། ཁྱེད་འདྲ་བོ་རྒྱལ་ཞེན་་ཡོད་མཁན་ཤིན་ཏུ་དཀོན།
    ཐུགས་རྗེ་ཆེ། བོད་རྒྱལ་ལོ།  

  2. ཀརྡོ་རབ་འབྱམས་པ་ says:
    2016-11-30 at 12:50 am

    གླིང་ཚ།
    གླིང་ཚ་ནད་མེད་ཚེ་རིང་ཤོག །
    གླིང་ཚ་བར་ཆད་ཀུན་སེལ་ཤོག །
    གླིང་ཚ་ནང་མི་སླར་འཛོམས་ཤོག །
    གླིང་ཚའི་བསམ་དོན་འགྲུབ་པར་ཤོག །

  3. Pingback: གླིང་ཚ་ཚེ་བརྟན་རྡོ་རྗེ་ཕུ་གླེང་མདོ་གླེང་། – བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲྭ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme