Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ཕ་སྐད་བོད་སྐད་རེད། ངའི་བྱིས་པ་ལ་ཕ་སྐད་བསླབ་ཀྱི་ཡོད།

Posted on 2016-12-092016-12-09 By ཁ་བརྡ་ 17 Comments on ངའི་ཕ་སྐད་བོད་སྐད་རེད། ངའི་བྱིས་པ་ལ་ཕ་སྐད་བསླབ་ཀྱི་ཡོད།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།

 
ངའི་ཕ་ཡུལ་རྒྱལ་མོ་ཚ་བ་རོང་ནས་ཡིན། ཕྱི་ལོགས་ལ་མ་ཡོང་གོང་ཚ་སྐད་མ་གཏོགས་ཨ་མདོའི་སྐད་ཡག་པོ་མི་ཤེས། དྲྭ་ཚོམས་འདིའི་ནང་དུ་ཨ་མདོའི་སྐད་བཤད་མཁན་མང་བའི་ཆ་ནས། དེ་རིང་ངས་ཨ་སྐད་སྟེང་ནས་ང་རང་གི་བྱིས་པ་གཉོར་སྐྱོང་བྱེད་སྟངས་མདོར་བསྡུས་ཤིག་བཤད་རྒྱུ་ཡིན། ང་ལ་བུ་མོ་གཉིས་ཡོད། ངའི་བུད་མེད་འཇར་མན་པ་ཞིག་ཡིན། ངའི་བྱིས་པ་གཉིས་ཀྱིས་བོད་སྐད་གཙང་མ་བཤད་ཤེས་ཀྱི་ཡོད།

ཚན་རིག་པ་ཚོ་ལྟར་ན། བྱིས་པ་མའི་ཁོག་ཏུ་ཞུགས་ནས་གཟའ་འཁོར་ཉེར་བཞིའི་རྗེས་སུ། ཁོར་ཡུག་གི་སྐད་ཆ་གོ་ཐུབ་གྱི་ཡོད་པ་རེད་ཟེར། དེར་བརྟེན་བྱིས་པ་ལ་བག་ཆགས་འཇོག་ཕྱིར། ངས་བཟའ་ཟླའི་མངལ་གྱི་ཐད་ནས། སྐྱབས་འགྲོ་དང་། དམིགས་བརྩེ་མ་སོགས་ཁ་འདོན་བཏོན་པ་ཡིན།

unnamedཐེངས་ཤིག་ལ་ང་ཚོ་འཇར་མན་ལ་ཡོད་པའི་བོད་པ་ཁ་ཤས་སྤྲོ་སྐྱིད་ཅིག་ལ་སོང་བའི་སྐབས། རང་གིས་བཟའ་ཟླའི་མངལ་གྱི་ཐད་ནས་འདོན་པ་འདོན་གྱི་ཡོད་པའི་གནས་ཚུལ་དང་། བྱིས་པ་ལ་བོད་སྐད་བཤད་དགོས་པའི་གནས་ལུགས་བཤད་པ་ཡིན། ཁོང་ཚོས་བྱིས་པ་ལ་བོད་སྐད་སློབ་རྒྱུ་དེ་དཀའ་མོ་ཡིན་པའི་རྒྱུ་མཚན་མང་བོ་བཤད་སོང་བས། ངས་མ་འོངས་པར་རང་གི་བྱིས་པ་ལ་བོད་སྐད་ཁོ་ན་ལས་མི་བཤད་པའི་མནའ་བསྐྱལ་བ་ཡིན།

བུ་མོ་ཆེ་བ་བཙས་པའི་སྐབས་སུ་ངས་ལས་ཀ་བཟའ་འཁོར་རེ་ལ་ཉི་མ་དྲུག་རེ་བྱེད་ཀྱི་ཡོད། བུ་མོ་བཙས་ནས་ལོ་གཅིག་ལྷག་གི་རིང་ལ་བོད་པའི་བྱིས་པ་གཉོར་མཁན་རེ་གླས་ཏེ་ང་རང་གིས་སྔར་ལྟར་ལས་ཀ་བྱས་པ་ཡིན། ངའི་བུ་མོ་ལོ་གཅིག་དང་ཟླ་བ་འགའ་ཡིན་སྐབས་ཤིག་ལ་ཅུང་ཟད་ན་ནས་སྨན་ཁང་དུ་སྡོད་དགོས་བྱུང་། ང་སྨན་ཁང་དུ་བུ་མོར་ལྟ་རུ་སོང་དུས། བུ་མོས་ང་མཐོང་བ་དང་ཕར་བྲོས་སོང་།

སྐབས་དེར་ངའི་སེམས་ལ་ཨ་ཁ། ངས་འགྲིག་མི་འདུག ང་སྒོར་མོའི་སྟེང་ལ་སེམས་འཁོར་ནས་བུ་མོ་ལ་བརྩེ་བ་སྤྲོད་ཐུབ་མི་འདུག་པས། ད་བུ་མོའི་སེམས་ལའང་ང་ལ་བརྩེ་མི་འདུག་བསམ་སྟེ། ལས་ཀ་དེ་གཡུག་ནས་ལས་ཀ་གཞན་ཞིག་བཙལ་བ་ཡིན། དེ་ནས་བཟུང་བུ་མོ་གཉོར་མཁན་མ་བཙལ་བར། ང་རང་གིས་བུ་མོ་དང་ལྷན་དུས་ཚོད་མང་ཙམ་བསྐྱལ་ཏེ་ང་རང་གིས་བུ་མོ་གཉོར་སྐྱོར་བྱས་པ་ཡིན།

ངའི་བུ་མོ་ལོ་གཅིག་ཟླ་བ་བདུན་ཡིན་དུས་ནས་ངས་མོ་ལ་ཁ་འདོན་མང་བོ་བསླབ་པ་ཡིན། དགོང་མོ་ཉལ་ཁ་རྟག་པར་ངས་མོ་ལ་དམུགས་བརྩེ་མ་འདོན་རོགས་བྱས་པ་ཡིན། ཕྱིས་སུ་ཉལ་ཁར་དམིགས་བརྩེ་མ་འདོན་པ་དེ་མོའི་གོམས་གཤིས་ལྟ་བུར་ཆགས་སོང་། བུ་མོ་ལོ་གཅིག་དང་ཕྱེད་ཡིན་དུས། ངས་མོ་ལ་ཉིན་རེར་འདོན་པ་ཤོ་ལོ་ག་རེ་རེ་བསླབ་པ་ཡིན་ལ། མཆོད་ཁང་ནང་དུ་ངེད་གཉིས་ཙོག་བུར་བསྡད་དེ་ཁ་འདོན་བྱེད་པ་དང་ཕྱག་མཉམ་དུ་འཚལ་བའི་འགོ་བཙུགས་པ་ཡིན།

ངས་ནམ་རྒྱུན་བྱེད་ཐབས་འཇམ་པོ་དང་། རྩེད་མོ་རྩེ་ཞོར། སྟོད་པ་འཐེན་ཞོར་སོགས་བྱས་པ་ཡིིན། དེ་ལྟར་བྱས་པས་མོ་ཁ་ཉན་པོ་འདུག་ལ། ལོ་གསུམ་གྱི་སྟེང་སྒྲོལ་མ་རིང་བ་དེ་ཆ་ཚང་བསླབ་བཞག་པ་ཡིན། ངས་བུ་མོ་ལ་འདི་ལྟར་འདོན་པ་སློབ་དགོས་པའི་རྒྱུ་མཚན་ནི་དེ་ནི་བོད་པའི་རིག་གཞུང་གི་ཆ་ཤས་ཤིག་ཡིན་པས་ཡིན།

མི་ལ་ལས་ང་ལ་ཁྱོད་ཀྱིས་བུ་ཕྲུག་ལ་བོད་སྐད་བསླབ་ཏེ་འདི་འདྲའི་དཀའ་ལས་བྱེད་དོན་ཅི་རེད་ཅེས་འདྲི་བ་དང་། བོད་སྐད་འདི་འཇར་མན་ནས་བེད་སྤྱོད་ཡོད་པ་མ་རེད་ཅེས་ལབ་གྱི་འདུག ངས་ཁོང་ཚོར་ང་བོད་པ་ཡིན། ངའི་ཕ་སྐད་བོད་སྐད་རེད། ངའི་བྱིས་པ་ལ་ཕ་སྐད་བསླབ་ཀྱི་ཡོད་ཅེས་ལན་འདེབས་ཀྱི་ཡོད། ང་འདུག་ས་ལ་བོད་པའི་མི་གཞན་ཞིག་ཡོད། ཕ་མ་གཉིས་ཀ་བོད་ནས་ཡོང་བ་རེད། ཁོང་གཉིས་ལ་བྱིས་པ་ལོ་བརྒྱད་ཅན་ཞིག་ཡོད། བྱིས་པ་དེས་ཕ་སྐད་ཚིག་གཅིག་ཤེས་པ་མ་རེད།

ངའི་བུ་མོ་ལོ་བཞི་ཡིན་དུས་ནས་གང་ས་གང་ལ་མཉམ་དུ་ཁྲུད་ནས་སོང་བ་ཡིན། ལམ་བར་དུ་མེ་འཁོར། རླངས་འཁོར།གནམ་གྲུ་སོགས་ཀྱི་ནང་དུ་འགྲུལ་བཞུད་བྱེད་སྐབས། དངོས་པོ་ངོས་འཛིན་དང་མིང་ཚིག་གསར་བ་ངོ་སྤྲོད་བྱེད་ཀྱི་ཡོད། དཔེར་ན་སྐས་ནང་དུ་འགྲོ་དུས་ཨང་གུ་སློབ་གྱི་ཡོད། བྱིས་པ་ལ་སྐད་སློབ་པའི་གོ་རིམ་ཁྲོད་དུ་ཤེས་དགོས་པའི་རྩ་དོན་གཅིག་ནི་བྱིས་པ་ཉོབ་དུ་མི་འཇུག་པ་དང་སྤྲོ་སྣང་གཏེར་བའི་རྩེད་མོ་རྩེ་ཞོར་དུ་དངོས་པོ་ངོས་འཛིན་དང་མིང་བརྡ་ངོ་སྤྲོད་བྱེད་པ་དེ་རེད།

བོད་སྐད་ལ་སྤྲོ་སྣང་འབྱུང་ཐབས་གཅིག་ནི། བྱིས་པ་ལ་བོད་ཡིག་གི་དེབ་ཀློག་རྒྱུ་དེ་རེད། བྱིས་པ་ཉལ་སར་འཇོག་སྐབས་ནུབ་རྟག་པར་དེབ་ཀློག་དགོས། དེ་ནས་དཔེ་མཛོད་ཁང་དང་དེབ་ཚོང་ཁང་ལ་འཁྲིད་དགོས། དེ་ལྟར་བྱས་ན་དཔེ་དེབ་ནི་བྱིས་པའི་འཚོ་བའི་ནང་གི་ཆ་ཤས་སུ་འགྱུར་བ་དང་། བྱུས་པའི་མི་ཚེའི་ནང་དུ་ཆེས་ཡག་པའི་གྲོགས་པོར་འགྱུར་ཐུབ་པ་ཡིན།

ངའི་བྱིས་པ་གཉིས་བཙས་ནས་བཟུང་ངས་བརྙན་འཕྲིན་ལ་ལྟ་ཡི་མེད། ཕ་མས་བརྙན་འཕྲིན་ལ་ལྟ་རྒྱུ་མང་སོང་བ་ཡིན་ན། བྱིས་པ་གསོ་སྐྱོང་བྱེད་སྟངས་ཀྱི་ཐད་ནས་མཐུས་ཤོར་འགྲོ་ཡི་འདུག ངས་བྱིས་པ་གཉིས་ལ་གློག་ཀླད་དང་ཁ་པར་ནང་དུ་མང་བོ་འཛུལ་དུ་འཇུག་གི་མེད། གཟའ་འཁོར་རེའི་ནང་དུ་ཐེངས་རེ་བྱིས་པ་གཉིས་ལ་སློབ་གསོ་དང་འབྲེལ་ཡོད་པའི་བརྙན་འཕྲིན་རེ་ལ་ལྟ་རུ་འཇུག་གི་ཡོད། བྱིས་པ་ལ་གློག་བརྙན་འདྲ་མིན་ལ་ལྟ་རུ་བཅུག་པ་ཡིན་ན། བྱིས་པའི་གཤིས་ཀ་འགྱུར་འགྲོ་བས་གཟབ་དགོས་པར་སེམས།

ངས་བྱིས་པ་སྐྱོང་སྟངས་དེ་གུ་དོག་པོ་ཞིག་ངོ་མ་མིན་ལ། ཧ་ཅང་གུ་ཡངས་ཡིན། ང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ཕ་མ་རྣམས་ལ་འགྲོགས་ནས། ཁོང་ཚོས་བྱིས་པ་སྐྱོང་སྟངས་ལ་རྟོགས་ཞིབ་བྱས་ཏེ་འདོར་ལེན་བྱེད་ཀྱི་ཡོད། ངས་བྱིས་པ་གཉིས་གཟའ་འཁོར་རེའི་ནང་དུ་ཁོར་ཡུག་མི་འདྲ་བ་རེ་ལ་ཁྲིད་ཀྱི་ཡོད། དེ་ལྟར་བྱས་ན་དངོས་པོ་མི་འདྲ་བ་མཐོང་དུས་ཐ་སྙད་མི་འདྲ་བ་ངོ་སྤྲོད་བྱེད་པའི་གོ་སྐབས་འདུག

ང་བོད་པའི་ཨ་ཕ་ཞིག་ཡིན་པའི་ཆ་ནས་རང་གི་བུ་ཕྲུག་ལ་བོད་སྐད་བཤད་ཤེས་སུ་འཇུག་པ་དང་། བོད་ཡིག་ཀློག་ཐུབ་ཏུ་འཇུག་རྒྱུ་ནི་འོས་འགན་ཡིན་པ་ལས། དམིགས་བསལ་གྱི་འཇོན་ཐང་དེ་འདྲ་མིན་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་འགན་དེ་ངས་ཁུར་ཐུབ་ཡོད། འགན་དེའི་ཆེད་དུ་ངས་དུས་ཚོད་མང་བོ་བསྐྱལ་བ་ཡིན། དཀའ་ལས་མང་བོ་བརྒྱབ་པ་ཡིན། ངའི་བུ་མོ་ཆེ་ཆུང་གཉིས་ཀས་བོད་སྐད་གཙང་མ་བཤད་ཤེས་པ་མ་ཟད། བོད་སྐད་བཤད་པའི་གོམས་གཤིས་ཀྱང་རྒྱུད་ལ་བརྟན་པོར་འཇགས་ཡོད། གནད་དོན་འདིའི་ཐད་ནས་ང་ངོ་གནོང་དགོས་ཀྱི་མེད། ངོ་མ་ཡིན། ངའི་སེམས་ངོ་མ་སྐྱིད་ཀི།

ངས་བུ་མོ་ཆུང་བ་སྐྱེས་དུས་ངེད་ཚང་གི་ཁྱིམ་ཚང་ནང་དུ་བོད་སྐད་བཤད་སའི་ཁོར་ཡུག་ཇེ་ཆེར་སོང་ཡོད་པ་རེད། བོད་སྐད་བཤད་མཁན་ང་དང་ངའི་བུ་མོ་ཆེ་བ་ཡོད་པ་རེད། ངེད་གཉིས་ཀྱིས་བོད་སྐད་སྐྱོན་ཏེ་ཁ་བརྡ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ངའི་བུ་མོ་ཆུང་བ་དེས་བོད་སྐད་ལས་སླ་བོར་བཤད་ཤེས་སོང་།

ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ཕ་མ་ཚོར་བཤད་འདོད་པ་གཅིག་ནི། བུ་ཕྲུག་འགོ་མ་དེར་བོད་སྐད་ཡག་པོ་ཞིག་ཤེས་སུ་འཇུག་ཐུབ་་པ་དང་བོད་སྐད་བཤད་པའི་གོམས་གཤིས་ཡག་པོ་རྒྱུད་ལ་འཇགས་སུ་འཇུག་ཐུབ་པ་ཡིན་ན། བུ་ཕྲུག་རྗེས་མ་དག་ལ་དཀའ་ལས་མང་བོ་བྱེད་དགོས་ཀྱི་མི་འདུག་ཅེས་ལབ་འདོད་བྱུང་།

གོང་དུ་བཤད་པའི་དོན་ཚན་དག་ནི་ང་སྒེར་ཀྱི་ཉམས་མྱོང་དང་བསམ་ཚུལ་ཡིན་པས། ནོར་བ་དང་འཁྲུལ་བ་མང་བོ་ཡོད་སྲིད་ལ། དོ་སྣང་ཡོད་པའི་ཕ་མ་མང་བོ་ལ་ཕན་ཐོག་རེ་ཡང་ཡོད་སྲིད་དོ།།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ ༢༠༡༦ ལོའི་ཟླ ༡༢ པའི ༨ ཉིན། གཡག་རྒོད་བྱིས་སྒྲུང་གླིང་ནས།

གསུང་བཤད།

Post navigation

Previous Post: གནས་ཚུལ་གསར་པ་གཞན་ཞིག་བཏང་ཡོད།
Next Post: མཐོ་སྒང་གི་ཉི་མ།

Comments (17) on “ངའི་ཕ་སྐད་བོད་སྐད་རེད། ངའི་བྱིས་པ་ལ་ཕ་སྐད་བསླབ་ཀྱི་ཡོད།”

  1. ཀརྡོ་རབ་འབྱམས་པ་ says:
    2016-12-09 at 12:32 am

    ང་ལ་བུ་མོ་གཉིས་ཡོད། ངའི་བུད་མེད་འཇར་མན་པ་ཞིག་ཡིན། ངའི་བྱིས་པ་གཉིས་ཀྱིས་བོད་སྐད་གཙང་མ་བཤད་ཤེས་ཀྱི་ཡོད།
    འདི་ངས་བྱས་ན།
    ང་ལ་བུ་མོ་གཉིས་ཡོད། ངའི་ཆུང་མ་འཇར་མན་པ་ཞིག་རེད། ངའི་ཕྲུ་གུ་གཉིས་ཀྱིས་བོད་སྐད་གཙང་མ་བཤད་ཤེས་བགྱིད་ཡོད།

  2. ཀརྡོ་རབ་འབྱམས་པ་ says:
    2016-12-09 at 12:34 am

    ང་སྨན་ཁང་དུ་བུ་མོར་ལྟ་རུ་འགྲོ་དུས། བུ་མོས་ང་མཐོང་བ་དང་ཕར་བྲོས་སོང་།

  3. ཀརྡོ་རབ་འབྱམས་པ་ says:
    2016-12-09 at 12:45 am

    ་མཉམ་དུ་ཁྲུད་ནས་་་་་་ འཁྲིད་ནས་
    འགྲོ་དུས་ཨང་གུ་་་་་ ཨང་ཀི་
    མཐུས་ཤོར་་་་ མཐུད་ཤོར

  4. ཀརྡོ་རབ་འབྱམས་པ་ says:
    2016-12-09 at 12:46 am

    ་་་་་་་་་་ ང་བོད་པའི་ཨ་ཕ་ཞིག་ཡིན་པའི་ཆ་ནས་རང་གི་བུ་ཕྲུག་ལ་བོད་སྐད་བཤད་ཤེས་སུ་འཇུག་པ་དང་། བོད་ཡིག་ཀློག་ཐུབ་ཏུ་འཇུག་རྒྱུ་ནི་འོས་འགན་ཡིན་པ་ལས། དམིགས་བསལ་གྱི་འཇོན་ཐང་དེ་འདྲ་མིན་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་འགན་དེ་ངས་ཁུར་ཐུབ་ཡོད། འགན་དེའི་ཆེད་དུ་ངས་དུས་ཚོད་མང་བོ་བསྐྱལ་བ་ཡིན། དཀའ་ལས་མང་བོ་བརྒྱབ་པ་ཡིན། ་་་་་་་་་་་་་་
    འདི་ལ་རྗེས་སུ་ཡི་རང་ཚད་མེད་ཞུའོ།།

  5. ཀླུ་སྨྱོན། says:
    2016-12-09 at 2:08 am

    ངས་ཁྱོད་ལ་ཕྱག་འཚལ་ཐུབ། དཀོན་མཆོག་གསུམ།

  6. ཀླུ་སྨྱོན། says:
    2016-12-09 at 2:08 am

    གཟའ་འཁོར་འགའི་རྗེས་སུ་ངས་ཀྱང་བྱིས་དམག་རྒྱག་དགོས།

  7. ལོ་ཡག says:
    2016-12-09 at 5:28 am

    ཇི་བཞིན་བརྗོད་པ་འདི་བཀླགས་ནས་ཡིད་ལ་་དགའ་བ་སྨྲྲ་མི་ཤེས་པ་ཞིག་སྐྱེས་སོང་། ཕོ་རབ་རུས་པ་སྙིང་ལ་ཡོད་མཁན་ཞིག་རེད། བཀའ་དྲིན་ཆེ།

  8. སྦྲ་དཔལ་ལྡན། says:
    2016-12-09 at 6:43 am

    ངོ་མ་གཟི་བརྗིད་རེད། བུད་མེད་གང་གི་ཡིན་མིན་ གཙོ་བོ་མིན་པས་ གཙོ་བོ་རང་གི་བུ་རྒྱུད་དེ་དག་ལམ་ཁ་གང་ཞིག་ལ་འཇོག་གི་ཡོད་པར་དགའ་བོ་བྱུང་། ངོ་མ་ང་ཚོའི་ཨ་ཕ་ཨ་མ་བོད་པ་གཙང་མ་ཞིག་ཡིན་རུང་ བོད་སྐད་བོད་ཡིག་མི་ཤེས་མཁན་དེ་དག་ལ་བོད་པའི་དྲི་ཙམ་ཡང་མི་འདུག་ཅེས་ལབ་ཐུབ་བོ།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-09 at 7:00 am

    དུས་ཀྱི་འཕོ་འགྱུར་འོག་ཏུ་འཛམ་གླིང་མི་རིགས་འདྲེས་ནས་འགོག་པའི་ནུས་པ་གླིང་འདིར་མེད་།
    བོད་ནི་ཐོག་མ་ཉིད་ནས་གྲངས་ཉུང་མི་རིགས་འཛམ་གླིང་མི་མང་མཉམ་དུ་འདྲེས་ནས་
    རང་གི་སྐད་ཡིག་རིག་གཞུང་སོགས་།
    ངོ་སྤྲོད་ཐུབ་པའི་འདས་སྒྲུང་ཙམ་ལས་མི་རིགས་རིག་གཞུང་སྐད་ཡིག་འཚོ་བའི་ནུས་པ་དཀའ་།

  10. དགེ་འདུན་རྒྱ་མཚོ། says:
    2016-12-09 at 9:05 am

    ངར་བ་རེད།

  11. རྔ་རྒོད says:
    2016-12-09 at 10:01 am

    ཁ་ནས་འུར་སྒྲོག་ཙམ་མ་ཡིན་པར་དོན་ལ་དེ་ལྟར་གནང་ཡ་མཚན་དང་གུས་འདུད་ཡོད།

  12. གཞོན་ནུ་ཟླ་མེད། says:
    2016-12-09 at 8:04 pm

    གུས་འདུད་ཡོད་དོ། ངོ་མ་ཅིག་་ངར་གི

  13. བཀྲ་ཡེ་ཚང་། says:
    2016-12-10 at 4:07 pm

    ཕྱི་རྒྱལ་ཁག་ལ་ཕྲུ་གུ་ལ་བོད་སྐད་སླབ་རྒྱུ་ཕར་ཞོག་སོ་སོའི་བོད་སྐད་བརྗེད་བཞིན་པའི་དུས་ངན་འདིར་་་་ངོ་མ་བུ་སྒོད་ཟེར་ནོ་རེད་་་་རྗེེས་སུ་ཡིད་རང་ཡོད།

  14. ཀརྡོ་རབ་འབྱམས་པ་ says:
    2016-12-11 at 1:30 am

    ་་་བུ་སྒོད་་་
    འདི།
    བུ་རྒོད་རེད།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-11 at 3:42 am

    ཕ་མ་ཚོས་རང་ཕྲུག་ཚོ་དང་མཉམ་ནང་དུ་བོད་སྐད་ལབ་དགོས་པ་གལ་ཆེ། ལ་དྭགས་ཁ་ཆེ་ཨ་ཏ་ཨུལླ་ཞེས་པ་ལ་དྭགས་སུ་གཞོན་ནུའི་སྐབས་མ་གཏོགས་བསྡད་ལོང་མ་བྱུང་། སློབ་གྲྭ་འཐོན་རྗེས་སུ། པ་ཀི་སྟཱན་དུ། རང་འོས་་ལས་ཀ་རག། བལ་ཡུལ་སོགས་སུ་པ་ཀི་སྟཱན་གཞུང་ཚབ་ཏུ་ཡོད་པ་ཐོས། ལོ་ངོ་སུམ་ཅུ་ལྷག་ཙམ་སྔོན་དུ། ལ་དྭགས་ཁ་ཆེ་ཨ་ཏ་ཨུལླ་སོག་པོ་དགེ་བཤེས་དབང་རྒྱལ་མཆོག་དང་ཐུག་ཕྲད་དུ་འབྱོར། ཁོང་གིས་དབུས་སྐད་ཀྱང་ཤེས། ནང་མི་ཡོངས་ཀྱིས་ལ་དྭགས་སྐད་ལབ་ཤེས་ལེགས་པ་དེ་བོད་པ་ཕྱི་ལོགས་སུ་གནས་པའི་དག་གི་མིག་དཔེར་འོས་པ་ཞིག་ཏུ་དྲན་ནོ།

  16. རྣོ། says:
    2016-12-11 at 11:44 am

    ང་ོམ་བུ་རྒོད་རང་གཤིས་ཅན་ཟེར་ནོ་རེད་་་་་་

  17. ཀརྡོ་རབ་འབྱམས་པ་ says:
    2016-12-12 at 2:04 am

    ང་ོམ་བུ་རྒོད་རང་གཤིས་ཅན་ཟེར་ནོ་རེད་་
    སྤྱི་སྐད་དུ།
    དངོས་གནས་བུ་རྒོད་རང་གཤིས་ཅན་ཟེར་བགྱིད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme