Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ཕ་ཡུལ་གྱི་ལས་དབང་།

Posted on 2011-09-262011-09-27 By དབང་ཕྱུག་ 1 Comment on ངའི་ཕ་ཡུལ་གྱི་ལས་དབང་།

ངའི་ཕ་ཡུལ་གྱི་ལས་དབང་།
༼ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།༽
བསོད་ནམས་རྡོ་རྗེ།
དཔྱིད་གསུམ་སྣ་ལྔའི་མེ་ཏོག་ཟེའུ་འབྲུ་གཡུ་སྦྲང་ལས་ཀྱིས་མ་དབང་ཐལ། །
དབྱར་གསུམ་ཆར་ཆུའི་བདུད་རྩིའི་བྲོ་བ་མགྲིན་པའི་རྩ་མདུད་གནས་དང་བྲལ། །
སྟོན་གསུམ་རླུང་བུའི་ཚོར་རེག་བསིལ་མོས་ལུས་སེམས་གཉིས་ལ་དུ་ཁཿ་བསྐྲུན། །
དགུན་གསུམ་ཁ་བའི་འདབ་མ་དཀར་པོས་མེ་ཏོག་སྟོང་གི་དཔལ་སྙིང་བཅོམ། །

ར་ཡིག་གཉིས་པ་རོ་སྒྲུང་བཞིན་དུ་སེར་ཆེན་མེ་ཏོག་གཅིག་ལ་འཁོར། །
ལྷ་བྱ་ཁུ་བྱུག་ནམ་འཕང་བཅད་ནས་ལྷོ་མན་ཕྱོགས་སུ་དལ་གྱིས་ལྡིང་། །
གཡུ་འབྲུག་སྔོན་པོ་དོང་རིམ་དགུ་འོག་མ་བསམ་ལས་ཀྱིས་ཟླ་གསུམ་ལྷག །
ནེ་ཙོས་གསེར་གྱི་རྒྱ་ཕུད་འོག་ནས་ཁ་ལྕེ་བདེ་བའི་རྣམ་འགྱུར་བསྟན། །

ཨ་ཕའི་བུ་རྒོད་ས་མཐར་ལུས་ནས་ལོ་དང་ཟླ་བའི་གཏམ་རྒྱུད་རིང་། །
མ་བཟང་བུ་མོ་གནས་ལ་འགྲིམས་ནས་རི་སྤྱང་བརྒྱ་ཡིས་ཁ་ཟས་གྱུར། །
ཇག་པ་དམར་པོའི་སྟོབས་ཤུགས་འོག་ཏུ་གངས་རི་དཀར་པོའི་བརྗིད་ཉམས་ཤོར། །
ཞི་བདེ་ལྷ་ཡི་ཁྲོམ་རྭ་དེ་ཉིད་ཤི་བོ་སྟོང་གི་དུར་སར་གྱུར། །

དྲང་བདེན་མེད་པའི་ཁྲིམས་ལུགས་ཤིག་གིས་རྒྱལ་ཁམས་རླུང་ནག་འཚུབ་འཚུབ་བྱས། །
ཤེས་རྒྱ་མེད་པའི་དཔོན་ཆེན་ཞིག་གིས་འབངས་མིའི་ལས་དབང་སྡུག་ལས་སྦྱར། །
ལ་རྒྱ་མེད་པའི་གྲོགས་པོ་ཞིག་གིས་དམར་ཆུང་སྙིང་ལ་ལྕགས་གཟེར་བཏབ། །
སྙིང་རྗེ་མེད་པའི་མདེའུ་ཞིག་གིས་བུ་ཕྲུག་སྟོང་གི་ངུ་ཁ་དཀྲོག །

ཁྲམ་པོའི་རྣམ་འགྱུར་ཞི་ཉམས་སྒམ་པོས་ཀླད་མེད་ཚོགས་ཀྱི་ཁྲག་དམར་འཇིབ། །
རེ་བའི་མྱུ་གུ་ལྗང་གཞོན་སྔོན་པོ་སད་སེར་བ་མོས་དུས་དྲུག་རྡུང་། །
ཤི་མ་གསོན་གྱི་དུར་ས་འདི་ན་དགྲ་ཇག་སྟོང་གི་དགོད་སྒྲ་ལྡིར། །
ཞི་བདེ་ལྷ་ཡི་ཁང་བཟང་དེ་ཉིད་ཁ་ཏཱ་ནག་པོའི་ཞིང་ཁམས་གྱུར། །

ཆོས་གོས་སེར་བོ་ཆོས་ཁྲིའི་སྟེང་ནས་རླུང་བས་ལྷོ་ནུབ་ཕྱོགས་སུ་དེད། །
ཁྲག་གིས་ཚོས་པའི་ལྭ་བ་དཀར་པོས་མི་རིགས་ཤིག་གི་ལས་དབང་མཚོན། །
མགོ་རིལ་སྟོང་གི་སྐྲ་ལོ་འདབ་མས་དཔའ་བོ་སྟོང་གི་སྣང་བརྙན་བསྐྲུན། །
ཅི་ཡང་མེད་པའི་ཁུར་ཚུར་སྐྱ་བོས་གནམ་འོག་འདི་ལ་བདེན་དཔང་བྱེད། །

གཅན་གཟན་སྟག་གི་མཆེ་བ་གཙིགས་ནས་ཉམས་ཆུང་རི་བོང་གད་ལ་བཅུར། །
བྲེ་སེ་འབྲོག་གི་རྭ་རྩལ་ངོམས་ནས་ཁ་དཀར་རྐྱང་ལ་རྡུང་བརྡེག་བྱེད། །
བྱ་ཁྲ་ཧོར་པས་འཕུར་རྩལ་སྤྱད་ནས་ཉམ་ཆུང་བྱེའུའི་སྲོག་ལ་བརྒོལ། །
རི་སྤྱང་དར་མས་སྟོབས་རྩལ་ངོམས་ནས་ལུ་འུའི་ཟུངས་ཁྲག་ཧུར་འཐུང་བྱེད། །

བཙན་པོའི་ཕྲག་དོག་རེ་རེའི་འོག་ན་ཉམས་ཆུང་འབུམ་གྱི་ཚེ་སྲོག་ཤོར། །
འབྱོར་བས་བསླུ་དྲིད་རེ་རེའི་སྣེ་ལ་མཛེས་མ་སྟོང་གི་ལང་ཚོར་ཉམས། །
མཁས་པས་ལྕེ་རྩེ་གཡོ་འགུལ་རེ་རེས་བླུན་པོ་བརྒྱ་ཡི་འདི་ཕྱི་བརླག །
དེང་རབས་ཉེར་གཅིག་འཇིག་རྟེན་འདི་ན་ཏི་སེ་གངས་རི་མ་མཐོང་ཐལ། །

དཔའ་བོས་སྟག་མགོ་རྒྱབ་ཏུ་བཤམས་ནས་དཔའ་སྐད་གངས་སེང་ངར་སྒྲ་བསྒྲགས། །
མཁས་པས་སྨྱུ་གུ་ཕྱག་ཏུ་འཆང་ནས་གླེགས་བམ་འདབ་མ་བརྩེགས་པར་བྲེལ། །
དཔོན་པོས་འབངས་མི་ཁ་ལ་ཁུར་ནས་སོ་སོའི་ཁྱིམ་གཞིར་གཟི་བྱིན་བསྐྲུན། །
ཡ་མ་བརླ་ཡི་ལས་དབང་འདི་ཚོས་སྙིང་ལ་གཟེར་གྱིས་སྒང་ཕུང་བཏབ། །

སེམས་ཀྱི་ཀུན་རྟོག་དུག་ཚེར་དམར་པོ་སྣ་ལྔའི་དར་ཟབ་སྦུུགས་སུ་སྦས། །
ཁ་འཇམ་འཛུམ་ཟེར་གཡོ་སྒྱུའི་རྫུན་གཏམ་ཆོས་དུང་ལས་ཀྱང་རྒྱངས་གྲགས་ཆེ། །
ཕྱི་སྤྱོད་ཡ་མ་བརླ་ཡི་ཚུལ་འཛིན་སྙིགས་མིའི་དུས་ཀྱི་ཆབ་སྲིད་པ། །
བསམ་ཞིང་བསམ་ཚེ་འཇིག་རྟེན་འདི་ན་སྙིང་པོ་མེད་པར་ང་ཡིས་ཤེས། །

ཞོགས་པའི་སྐར་ཆེ་མཁའ་མཐར་ཉུལ་ན་སྨིན་དྲུག་རྫ་གསེབ་རང་བཞིན་ཡལ། །
རྟ་བདུན་དབང་པོས་དམར་མདངས་འཛིན་ན་མཚམས་སྤྲིན་གསར་བ་རང་འགྲུབ་རེད། །
མུན་པའི་སྨག་གིས་འཇིག་རྟེན་བཟུང་ན་འུག་པའི་ཧར་བགོད་རང་གཤིས་རེད། །
ཐུན་གསུམ་རྐུན་མས་དུང་ཆེ་བྱུང་ན་བྱི་ལའི་སེམས་ཁམས་རང་འཁྲུགས་རེད། །

དགེ་ཆོས་སྨྱོན་པ་ཆང་གིས་བཟི་ན་ལྷན་སྐྱེས་སྙན་ངག་རང་བརྡོལ་རེད། །
དོན་གྲུབ་རྒྱལ་གྱི་ཀུན་རྟོག་འཁྲུགས་ན་ལ་རྒྱའི་སྙན་ངག་རང་བཞིན་རེད། །
གཙང་ཁ་བུ་ཡི་སེམས་ལ་འཐད་ན་ཚངས་སྲས་རྒྱུད་མོ་རང་གྲགས་རེད། །
ཐམས་ཅད་ཀུན་རྟོག་སྣ་རེས་གྲུབ་པ་དངོས་པོའི་གཤིས་ལས་མ་འདས་ཐལ། །

སྡུག་དང་སྨྲེ་ངག་མ་ཎི་བགྲངས་ནས་མཚམས་སྦྱོར་བྱེད་པར་མ་ཤེས་པར། །
གདན་ཁྲི་ཐོག་ནས་ཡུས་དང་འཁང་རའི་རྣམ་འགྱུར་འཛིན་པའི་ཆབ་སྲིད་པ། །
མར་རྒྱན་བཞིན་དུ་སྟེགས་བུའི་ཐོག་ཏུ་ཉིན་མཚན་བརྒྱ་ལ་བཤམ་ན་ཡང་། །
གངས་ལྗོངས་ཀུན་བཟོད་ས་ལས་སྐྱེས་པའི་མེ་ཏོག་དམར་པོ་དེ་ཚོ་མིན། །

ཀུན་རྟོག་རེ་ཡིས་དགྲ་ཟླ་བསུས་ཤིང་ཀུན་རྟོག་རེ་ཡིས་གཉེན་ཉེ་བསྐྲུན། །
དགྲ་གཉེན་ཀུན་རྟོག་དཀར་ནག་ཅིག་ལས་ཆ་བཞག་མེད་པའི་ཆུ་ཟླ་འདྲ། །
རང་ལམ་ཚངས་པའི་སྲང་ཐིག་འདི་ལ་དམ་མགྱོགས་ཅི་བྱུང་སྔོན་ལས་ཡིན། །
ལྷ་དང་བླ་མ་རྒྱབ་རྟེན་བཅོལ་ནས་དཀྱོགས་ལས་ཞིག་ལ་སྐྱབས་མི་འཇུག །

སྙན་ངག

Post navigation

Previous Post: དྲིན་ཆེན་ཨ་མའི་ལྷད་མེད་ཀྱི་བརྩེ་བ།
Next Post: གྲྭ་པ་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ།

Comment (1) on “ངའི་ཕ་ཡུལ་གྱི་ལས་དབང་།”

  1. michel says:
    2011-09-26 at 2:39 pm

    ཀླུ་སྨྱོན་དང་དེ་མཚུངས་སྨྱོན་པ་ཁག་ལ་སྤྲིངས་པ།
    ཁྱེད་ཅག་གིས་སྨྱོ་གཏམ་གྱིས་དུས་མི་འདའ་བར་བོད་ཀྱི་ལས་དབང་འདིར་བསམ་ཤེས་ཅུང་ཐུབ་ན་བསམ།
    ད་ཆ་བོད་དུ་རྔ་བ་ཀིརྟིའི་དགོན་པ་ཁག་ཏུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་ཀྱང་བློས་བཏང་བའི་གནས་ཚུལ་འདིར་ཅུང་ཟད་བསམ་གཞིག་བྱེད་རོགས། ཁོང་ཚོ་ནི་དོན་དངོས་ཀྱི་དཔའ་བོ་ཡིན། ཁྱེད་ཅག་གིས་རང་གི་མིང་ཙམ་ལ་དམིགས་ཏེ་ཡི་གེ་འབྲི་བ་ཙམ་ལས་བོད་ལ་ཕན་པའི་སྐད་ཆ་ཞིག་ད་བར་མཐོང་མ་སོང།
    མཐར། འདས་པོ་རྣམས་ལ་བསྔོ་སྨོན་དང་ཚེ་རབས་ཕྲེང་བར་༸གོང་ས་ལྷ་མིའི་འདྲེན་པ་མཆོག་དང་སྐད་ཅིག་ཀྱང་མི་འབྲལ་བའི་རེ་སྨོན་བརྒྱ་ཕྲག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme