Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ཆེས་དུང་ས་ནི་སྙན་ངག་གི་དགའ་མ་ཁོ་ན་ཡིན།

Posted on 2016-11-252016-11-25 By ཁ་བརྡ་ 4 Comments on ངའི་ཆེས་དུང་ས་ནི་སྙན་ངག་གི་དགའ་མ་ཁོ་ན་ཡིན།

རྩེཿ མུན་སེལ།
 
དཔོན་པོའི་ཁྱུ་ཞིག་ན་ཕྲ་དོག་རླུང་དམར་འཚུབ།།
དམངས་ཀྱི་ཚོགས་ཤིག་ཏུ་སྨྲེ་ངག་རྣ་བར་གཟན།།
ཁོར་ཡུག་ལྷིང་འཇཊ་ཀྱིས་གཏམས་པའི་ཞིང་ཁམས་ཏེ།།
སྙན་ངག་གླིང་ཀ་འདི་ང་ཡི་ཕ་སར་འོས།།

ཐོས་ལྡན་བྱ་བཏང་ཚོ་རྩེ་གཅིག་བསྒོམ་ལ་མཉེས།།
མགུ་མེད་ལ་ལ་ཞིག་བསག་རྒྱུ་ཁོ་ནར་སྲེད།།
ཡོ་གཟུར་གཉིས་མེད་ཀྱི་འཚོ་བ་བདེ་མོ་ཅན།།
ཁོ་བོའི་གཅེས་ནོར་གྱི་མཆོག་དེ་སྙན་ངག་ཡིན།།

བློས་ཐུབ་གྲོགས་པོ་འགའ་ཨ་རིའི་ཡུལ་ལ་འཕུར།།
དམ་གཙང་མཆེད་པོ་དག་ཤར་གྱི་གླིང་ལ་འཕྱན།།
ལུཊ་ཟུང་གཉིས་འབྲེལ་གྱི་གཤོག་རྩལ་སྦྱོང་གིན་དུ།།
བདག་ནི་སྙན་ངག་གི་མཁའ་ལ་འགྲིམ་པར་མོས།།

བླ་རྒན་ཕལ་ཆེར་ཞིག་བན་ཆུང་ཉྭ་ལ་འཐམ།།
བག་མེད་གཞོན་སྐྱེས་འགའ་གཉིས་སྦྱོར་ཁོ་ན་སེམས།།
བརླ་གཞང་གཉིས་སྤངས་ངས་རིག་གཞུང་གསོན་ཤུཊ་ཆེད།།
སྙན་ངག་དགའ་མ་ཡི་འགྲམ་ཆང་འཇིབས་པར་འདོད།།

ཞུམ་མེད་དཔའ་བོ་རྣམས་རང་རིགས་ལ་རྒྱའི་སླད།།
ལུས་སྲོག་ལོངས་སྤྱོད་ཀྱང་སྐྱེས་སུ་སྟོབ་པར་ནུས།།
ཅང་མེད་ཁེར་རྐྱང་ངས་མ་བཅོས་ཚོར་བའི་ཉམས།།
ན་ཟླའི་སེམས་གསོ་ཡི་ཡོན་དུ་སྦྲེང་བར་སྤྲོ།།

སྲང་གི་ལད་པོ་འགའ་སྡུག་ནས་དུད་ནག་རྔུབ།།
བློ་རྒྱུད་གཉོམ་པོ་རེ་སྐྱོ་ཚེ་ཆང་རག་འཐུང་།།
ས་མཐའི་འཁྱམ་པོ་ང་འགྱོད་པས་གདུང་ཙ་ན།།
སྙན་ཚིག་དུམ་བུ་རེ་ནད་ཀྱི་སྨན་དུ་རྟེན།།

ཨ་མཚར་རྩེད་མོ་ཡི་སླད་དུ་བྲིས་པ་ལགས།།
གནམ་སྟོང་ནུབ་ཁ་ཡི་འུར་དེ་སང་དུས་དཀོན།།
རྟ་མཆོག་ཅང་ཤེས་ལ་བསྔགས་པའི་རྩལ་གྱི་ཁྱད།།
འགྲན་པའི་ཉིན་མོ་རུ་བོང་བུའི་མཚང་དུ་ཆེ།།

༢༠༡༦\༡༡\༡༢ ཉིན་ཡིད་ལ་ཤར་མར་བྲིས་པའོ།།

སྙན་ངག

Post navigation

Previous Post: བྲ་ཁྱོམ་དཔལ་བཟང་གི་བྱེ་འགོག་ལམ་བུ།
Next Post: མི་སེར་དཀྱུས་མ་ཞིག་གི་སྡིགས་སྟངས་ཐོག་ནས་དོན་དག་ཆེན་པོ་ཞིག་སྟོན་གྱིན་ཡོད།

Comments (4) on “ངའི་ཆེས་དུང་ས་ནི་སྙན་ངག་གི་དགའ་མ་ཁོ་ན་ཡིན།”

  1. ཀརྡོ་རབ་འབྱམས་པ་ says:
    2016-11-26 at 1:06 am

    སྙན་དངགས།
    སྙན་དངགས་སེམས་ཀྱི་རི་མོ་རེད། །
    སྙན་ངག་ལྕེ་རྩེའི་ཡང་རྩེད་རེད། །
    སྙན་དངགས་མཁས་པའི་ངག་རྒྱན་རེད། །
    སྙན་དངགས་མི་སེམས་བཀུག་ངག་རེད། །

  2. ཀརྡོ་རབ་འབྱམས་པ་ says:
    2016-11-26 at 1:10 am

    གཅེར་བུའི་ངག་གི་གོས་བཟང་།
    ་
    སྙན་དངགས་གཅེར་བུར་གོས་བཀླུབས་འདྲ། །
    སྙན་དངགས་མཛེས་མའི་རྣ་རྒྱན་འདྲ། །
    སྙན་དངགས་ཕྱུག་མོའི་སྐེ་རྒྱན་འདྲ། །
    སྙན་དངགས་མཁས་པའི་མགྲིན་རྒྱན་འདྲ། །
    ་
    སྙན་དངགས་ཀུན་མཁོའི་གསུང་སྙན།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-26 at 12:00 pm

    སྙན་པོ་ཐམས་ཅད་སྙན་ངག་མིན་།
    ཚིག་རྒྱན་བརྡ་སྤྲོད་སྙན་ངག་རྒྱན་།

  4. ཨ་ཁུ་འབྲོག་པ། says:
    2016-11-30 at 7:13 am

    ཤད་ཚེག་གར་ཐོབ་མི་ཤེས་མཁན། །
    སྙན་རྒྱན་འབྲི་བ་ལྟས་ངན་རྒྱན། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme