Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་གྲོགས་པོ་གསེར་གྱི་མི་ཞིག་ཡིན།

Posted on 2014-12-182014-12-18 By ཁ་བརྡ་ 3 Comments on ངའི་གྲོགས་པོ་གསེར་གྱི་མི་ཞིག་ཡིན།

མྱི་ལྟིག
______ཚེ་འདིའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་གཤེགས་པར་ཕྱིར་དྲན་བྱས་པ།
 

ཆོས་ཉིད་ལས་ཀྱིས་མཐའ་མར་འབྲལ་དགོས་པར།།
བདེན་པར་བཟུང་སྟེ་མགོ་བོ་དུད་དགོས་ཀྱང་།།
ན་སོ་སུམ་ཅུར་མ་བུད་ཐེམ་སྐས་ནས།།
འཆི་བདག་ནག་པོས་བདག་གི་ཚེ་གྲོགས་དྲུད།།
སྐྱོ་བའི་གཏམ་དུ་ཚིགས་བཅད་འགའ་འབྲིའོ།།

ང་ནི་ཁྱོད་ཀྱི་འདྲིས་པའི་གྲོགས་མཆོག་སྟེ།།
ཁྱོད་ཀྱང་བདག་གི་བརྩེ་གྲོགས་ཅི་ལ་མིན།།
འཛོམས་ཏེ་གྱེས་པའི་སྐབས་དག་དྲན་པ་ན།།
བགྲང་བྱ་བཅུ་ཙམ་འགོར་བ་མ་ཡིན་པར།།
ཁ་སང་དེ་རིང་གཉིས་ཀྱི་སྔ་རྗེས་འདྲ།།

ད་ནི་རང་སེམས་གསོ་བའི་ཐབས་སུ་དང་།།
འུ་གཉིས་ལོ་ལ་འགྲོགས་པའི་གཏམ་བརྗོད་ཁག །
ཉིད་ཀྱིས་ཕྱི་མའི་ཡུལ་ནས་བཀླག་པར་འཚལ།།
བཀླགས་རྗེས་འཛོམསཉ་པའི་སྣང་བ་འཆར་བར་ཤོག །
དེ་མཐུས་ཚེ་རབས་རྗེས་མར་འཛོམས་པར་ཤོག །

ཉིན་མོ་འཁྱམས་པ་མཚན་པོ་ཉུལ་བ་སོགས།།
མ་རབས་བརྩེ་བའི་འཁོར་ལོ་བསྐོར་བ་དང་།།
རང་གཉིས་ཚོད་ཀྱིས་ས་དེའི་བུ་མོ་ཚོ།།
ཉིན་བདལ་མཚན་བདལ་བྱས་ཏེ་འདྲོཊ་བསླངས་པ།།
དྲན་པའི་ངོས་ན་གསལ་གསལ་ཐིང་ཐིང་ཡིན།།

ཉིན་ཞིག་ཁྱོད་ཀྱི་ལག་འདོགས་དུས་ཚོད་དེ།།
ང་ལ་གཡར་ཏེ་མཚན་མོ་ཉུལ་ཏུ་སོང་།།
ཁྱིམ་མཚེས་བུ་མོའི་རུམ་ནས་ཞག་བསྡད་ཅིང་།།
ཐོ་རངས་སྐར་ཆེན་མཉམ་དུ་བྲོས་ཡོང་ཡང་།།
མཁྲིག་མའི་དུས་ཚོད་བུ་མོའི་འགྲམ་ནས་ལྷག །

སྟབས་ཀ་མ་ལེགས་བུ་མོའི་ཨ་མས་རྙེད།།
རྩད་གཅོད་བྱས་མཐར་ངོ་ཚ་ཁྱོད་ཀྱིས་ཉོས།།
ཁྱོས་ཀྱང་ཡིན་པའི་ཁུལ་གྱིས་དུས་ཚོད་བླངས།།
དེ་ལ་དགོངས་དག་ཅིག་ཀྱང་ཞུས་མེད་པས།།
དེ་རིང་གང་དུ་ཡོད་ཀྱང་བཟོད་གསོལ་ཞུ།།

ཚེ་འདིར་མི་ལུས་བླངས་ཏེ་འུ་གཉིས་འཕྲད།།
འཕྲད་པས་མ་ཚད་ཟབ་པའི་གྲོགས་སུ་གྱུར།།
ལས་སྔོན་ལས་སྨོན་སོགས་ནི་མི་ཤེས་ཏེ།།
ཚེ་འདིར་ཁྱོད་རང་རྙེད་པར་མགུ་ནས་ཡོད།།
ཚེ་རབས་ཀུན་ཏུ་གྲོགས་སུ་སྐྱེ་བར་ཤོག །

དཔུང་གཤིབ་བྱས་ཏེ་རང་སྣང་རི་ལ་སྤུར།།
ལྷན་གྲོས་བྱས་ཏེ་རི་ཡི་སྨན་ཆུང་བདས།།
ཡ་གའི་སྨན་ཆུང་མ་གའི་སྨན་ཤར་སོགས།།
རང་སེམས་རློན་སྟེར་འདོད་མེད་ཀྱང་རུང་།།
གསར་བུ་གཉིས་ཀར་བརྩི་རྒྱུ་བགྲང་རྒྱུ་ཡོད།།

ས་མཚམས་ཆུ་མཚམས་དཀའ་བའི་སྡེ་མཚམས་ཀྱི།།
ཁྱོད་བཟང་ང་བཟང་མེད་པའི་རི་སྡེ་ན།།
ཁྱོད་ལ་ཞི་མོ་སྣང་བར་འགྲོ་ནི་ཞིག །
ང་ལ་ང་ཡི་ཚོད་ཀྱི་དྲན་ཤིང་ཞིག །
དེད་ཅིང་དྲིས་ན་ཚིག་གཅིག་བཤད་མ་མྱོང་།།

ལྐོག་ཏུ་གཞན་གྱི་ཆུང་མའི་གོང་ཁ་འཐེན།།
རྟག་ཏུ་ནོར་རྫི་ཞི་མོའི་སྐེ་རགས་བཤིགས།།
གཞན་དང་རོང་བས་གོ་ན་ཡ་མཚན་ཡང་།།
འབྲོག་པའི་གནའ་སྲོལ་དེ་ལ་མཚར་དོན་མེད།།
ཁྱོད་དང་འུ་གཉིས་གཞན་ལ་སྐྲག་དོན་ཅི།།

གཞན་གྱི་ཆུང་མའི་རུམ་ཁ་ཚ་སོབ་སོབ།།
ཕྱུགས་རྫི་ཞི་མོའི་བརྩེ་འདང་འོད་འཁྱུག་འཁྱུག །
ཡུལ་དེའི་སྨན་ཤར་ཀུན་པོ་ཁུ་སིམ་སིམ།།
ཁྱོད་དང་ང་གཉིས་མཚན་མོ་གྲུང་རིག་རིག །
དགའ་ལྡན་ལྷ་ཡི་གནས་ཀྱང་ཡུལ་དེར་ཡོད།།

སྡུག་གཏམ་བཤད་ན་འབྲི་རྒྱུ་མང་དུ་མཆིས།།
དྲན་སྲོལ་བྲིས་ན་དེ་བས་རབ་ཏུ་མང་།།
གང་ལྟར་ཇི་ལྟར་ཚིགས་བཅད་འདི་དག་གིས།།
ཁྱོད་ཀྱང་མཉེས་ཤིང་ང་ཡང་ཆེས་སྐྱིད་པས།།
གཤེགས་པའི་གྲོགས་ལ་སྙིང་གི་གཏམ་དུའོ།།

ངའི་ཚེ་སྟོད་ལ་འཕྲད་ཅིང་སླར་ཡང་ཚེ་སྟོད་ལ་བྲལ་བའི་ཤ་དར་ཁྲག་དར་གྱི་མགོ་ལོག་དར་ལག་གི་ཚེ་སྤུན་**འཁོར་བགེགས་ཀྱིས་བཀྲོངས་པར་རེབ་གོང་མགར་རྩེ་ཡི་གྱི་ན་བ་མྱི་ལྟིག་གིས་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་ཉེ་འགྲམ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དཔེ་མཛོད་དུ་སྐྱོ་གདུང་གིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག་གུ ༢༠༡༤། ༡༡། ༠༡ ཉིན་བྲིས་ཤིང་༡༢ པའི་༡༨ ཉིན་བཅོས།

སྙན་ངག

Post navigation

Previous Post: རྗེས་དྲན་པདྨའི་རང་མདངས།
Next Post: བཙན་བྱོལ་ཁྲོད་ཀྱི་སློབ་གསོ་བ་དང་སློབ་གསོ།

Comments (3) on “ངའི་གྲོགས་པོ་གསེར་གྱི་མི་ཞིག་ཡིན།”

  1. དཔལ་དོན། says:
    2014-12-18 at 10:53 pm

    ཆུང་གྲོགས་རྗེས་དྲན་འདྲ་ཞིག་བྲིས་ཡོད་ཀི་་་་

  2. གནམ says:
    2014-12-19 at 7:13 am

    གསེར་གྱི་མྱི་འདྲ་ཞིག་ཡོད་པ་དེ་ག་འདྲ་འདྲ་ཞིག་ཡོད་མེད་མི་ཤེས་ཀྱང་། གྲོགས་པོ་གསེར་འདྲ་བ་ཞིག་ཡོད་ན། དེ་ནི་འདི་ཕྱི་གང་ན་ཡོད་ན་ཡང་། ཡང་ཡང་དྲན་དགོས་བ་ཞིག་ལོས་ཡིན། ཨོ་མ་ཎི་བདྨེ་ཧཱོུཾ།
    བཟའ་ཚང་བར་གྱི་གྱོད་འདྲེ་བུ།
    སྡེ་འདབ་རུ་ཁའི་རྐུན་འདྲེ་བུ།
    འཁང་རྫུན་བར་གྱི་ཁྲམ་འདྲེ་བུ།
    མ་བཟང་མོ་ཞིག་ལ་མི་དགོས་བུ། ཧ་ཧ་ཧ།

  3. ཁྲོ་གཏུམ། says:
    2014-12-19 at 9:37 pm

    ཡུམ་ཟིག་གོ་ནོ། ཁྱོད་རང་ཧོ་མྱུག་ལ་སོང་ནས་ཧོ་སར་གི་འཇུག་ནོ་དག་ཞིང་གོ་དེ་རེད་མོ། ཁག་མེད་ཀི བུ་མོས་མེ་ཏོག་ལེན་མཁན་དྲན། བུ་ཡིས་མེ་ཏོག་སྟེར་ས་དྲན་ཟེར་ནི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme